པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-12 16:06:54     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།       ཀློག་ཐེངས།  

 IMG_5536.JPG

 

བྲིས་པོད། ཤོག་གྲངས།00677

 1བླང་དོར་རྣམ་པར་ཕྱེ་བའི་གཏམ་དུ་བྱ་བ་དགེ་བཅུའི་ཡོན་ཏན་གྱིས་འཇིག་རྟེན་ཀུན་ཏུ་གསལ་བར་བྱེད་པའི་བསྟན་བཅོས་ཀུན་བཟང་ལམ་སྲོལ་ལ། 54

 2ཏིང་ངེ་འཛིན་སྒྲུབ་པའི་ཐབས་སྙིང་པོ་མ་ལུས་པ་བསྡུས་པའི་མན་ངག་ཚིགས་སུ་བཅད་པའི་ཏིང་འཛིན་རྒྱན་གྱི་སྣང་བ་ལ། 12

 3བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་ཉམས་ཁྲིད་དུ་བྱ་བའི་ཚུལ་ཁྱེར་བདེ་བཀོད་པ་བྱང་ཆུབ་རྒྱན་ཕྲེང་ལ། 68

 4ཞུ་ཤོག་དང་དྲིས་ལན་སོགས་ལ། 29

 5བཀའ་དྲིན་མཚུངས་མེད་ར་ནའི་ཞབས་ཀྱི་ཀུན་མཁྱེན་རྒྱལ་བའི་དབང་པོར་ཕུལ་བའི་བྱ་དཀའི་སྙན་ཚིག་དབྱངས་ཅན་ངག་གི་རོལ་མཚོ་ལ། 5

 6དམིགས་བརྩེ་མའི་ཚིག་དོན་བཀྲོལ་བ་ཉམས་སུ་ལེན་ཚུལ་ལ། 7

 7བྱམས་ཆེན་ཆོས་ཀྱི་རྗེ་ཤྰཀྱ་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་ལ། 6

 8འཕགས་མ་སྒྲོལ་མ་སྤྱན་དྲངས་ཏེ་ཡན་ལག་བདུན་པ་འབུལ་ཚུལ་དང༌། བསྟོད་ཅིང་གསོལ་བ་འདེབས་ཚུལ་བཀྲ་ཤིས་སྨོན་ལམ་ལ། 9

 9བསྟན་འབར་མའི་ཚིག་དོན་གསལ་བར་བྱེད་པའི་རྣམ་བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ་ལ། 18

 10ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་གྱི་གླེགས་བམ་གསར་བཞེངས་ཀྱི་དཀར་ཆག་དད་པའི་ཤིང་རྟ་ལ། 17

 11སྨྱུང་བར་གནས་པའི་སྔོན་འགྲོའི་ཆོས་ཀྱི་རིམ་པ་ཉེར་མཁོ་ལོ་རྒྱུས་བཅས་ལ། 11

 12བོད་ཀྱི་བརྡོའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་རབ་གསལ་རྒྱན་བཅས་པར། 33

 

                                                 མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

 ༄༅། །པྲ་ཏི་རིན་ཆེན་དོན་གྲུབ་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་སྨད་ཙམ་ལ་འཁྲུངས། སྐུ་གཞོན་དུས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། ཁོང་གིས་ཞོགས་དོན་ཡོད་མཁས་གྲུབ་སོགས་བསྟེན་མྱོང་ཡོད་ལ། སུམ་རྟགས་འགྲེལ་པ་ལ་སོགས་བཀའ་རྩོམ་ཡང་གནང་མྱོང་ཡོད་རུང་རྣམ་ཐར་སོགས་མེད་པས་འདིར་ཞིབ་ཆ་འབྲིར་མ་སྤོབས། གསུང་འབུམ་པོད་གཅིག་བཞུགས།

                                              རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས། 

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།