དཀའ་བཅུ་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-12 15:50:56     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།       ཀློག་ཐེངས།  

91ed27bb373cfe9423b804dce38f0196.jpg

པར་པོད།ཤོག་གྲངས།

665

1 ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ་ལ། 243

2 ཞུགས་པ་དང་གནས་པའི་དགེ་འདུན་གྱི་རྣམ་གཞག་མཐའ་དཔྱོད་སྐལ་བཟང་འཇུག་ངོགས་ལ། 108

3 རེག་གཟིག་ལ། 37

4 བསམ་གཟུགས་ཀྱི་མཐའ་དཔྱོད་ལེགས་བཤད་མཛོད་ཀྱི་སྒོ་འབྱེད་ལ། 125

5 རྟགས་རིགས་ཀྱི་རང་ལུགས་མཐའ་དཔྱོད་བློ་གསལ་མཁས་པའི་མགུལ་ལྡན་་འགྲོ་བའི་སྙིང་གི་མུན་སེལ་ཀུ་མུ་དའི་ཁ་འབྱེད་ལ། 31

6 འཕྲིན་ལས་ཀྱི་རྣམ་གཞག་ལ། 18

 

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

 

༄༅། །དཀའ་བཅུ་ངག་དབང་བཀྲ་ཤིས་ནི་མདོ་སྨད་རེབ་ཀོང་བསེའི་ཉ་ལུང་ཞེས་པར་ཡབ་རིན་ཆེན་སྐྱབས་དང༌། ཡུམ་སྙིང་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ་1678ལོ་ལ་འཁྲུངས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་དངོས་སློབ་མགར་གོང་ཚེ་བརྟན་རྒྱ་མཚོའི་དྲུང་དུ་རབ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། སློབ་དཔོན་དོན་གྲུབ་རྒྱལ་མཚན་དང༌། འཇམ་དབྱངས་བཞད་པ། འོད་ཟེར་རྒྱ་མཚོ་སོགས་བསྟེན་ནས་གཞུང་ཆེན་ལ་གསན་བསམ་མཛད། དགུང་ལོ་ཉེར་དྲུག་པར་གསང་ཕུར་དཀའ་བཅུའི་མཚན་བཏགས་ཀྱང་མཛད། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ངག་དབང་བཀྲ་ཤིས་ཞེས་གསོལ། དགུང་ལོ་ཉེར་བརྒྱད་པར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཕེབས། དགུང་ལོ་སོ་གཉིས་པར་ཀུན་མཁྱེན་འཇམ་བཞད་ཀྱི་ཞབས་ཕྱིར་མདོ་སྨད་དུ་ཕྱིར་ཕེབས། དགུང་ལོ་སོ་གསུམ་ལོ་ནས་ལོ་དགུའི་རིང་དགོན་པའི་དགེ་བསྐོས་མཛད་ནས་འདུལ་ཁྲིམས་ཀུན་སྤྱོད་དམ་འཛིན་མཛད། དགུང་ལོ་ཞེ་གཉིས་ནས། ལོ་ཉི་ཤུ་རིང་བཀྲ་ཤིས་འཁྱིལ་གྱི་གདན་རབས་གཉིས་པའི་ཁྲི་ལ་འཁོད། དགུང་ལོ་རེ་གཅིག་སྟེ་ས་རྟ་1738ལོ་ལ་སྐུ་གཤེགས། འདིར་གསུང་འབུམ་པོད་གཅིག་བཞུགས།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།