བཙུན་པ་བློ་བཟང་རབ་བརྟན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 15:27:15     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

337174736529801715.jpg

པར་པོད། ཤོག་གྲངས།

658གཅིག

ཀབྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་རྣམ་གཞག་མདོར་བསྡུས་ཀྱི་འགྲེལ་པ་ལ། 12

ཁ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པའི་འགྲེལ་པ་མཁས་པའི་དགའ་སྟོན་ལ། 4

གཇ་མཆོད་ནོར་བུའི་ཕྲེང་བའི་ཚིག་དོན་ཅུང་ཟད་དམིགས་དམ་ཡིད་ལ་བྱེད་ཚུལ་ལ། 8

ང་། བྱིས་པའི་སྤྱོད་པ་གསལ་བྱེད་མེ་ལོང་ཞེས་བྱ་བ་ལ། 20

ཅ། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དམིགས་མདོར་བསྡུས་ལ། 25

ཆ། རྒྱུད་རྒྱལ་འདུས་པའི་རིམ་པ་དང་པོའི་དམིགས་རིམ་ཟབ་གནད་གཅེས་བསྡུས་གསང་བའི་མཛོད་ལ། 22

ཇ། བཅོམ་ལྡན་འདས་འཇིགས་མཛད་རྡོ་རྗེའི་སྨིན་བྱེད་ཀྱི་ལམ་གྱི་རིམ་པའི་གནད་བསྡུས་ཏེ་ཟིན་ཐུན་དུ་སྩལ་བ་ལ། 36

ཉ། སྨྱུང་བར་གནས་པའི་ཆོ་གའི་ལྷན་ཐབས་དགོས་འདོད་ཀུན་སྩོལ་ལ། 7

ཏ། བླ་མའི་རྣལ་འབྱོར་ཆིག་བརྒྱུད་མའི་བརྒྱུད་རིམ་གསོལ་འདེབས་དང༌། འཇིགས་བྱེད་དཔའ་གཅིག་གི་བརྒྱུད་འདེབས་

རིགས་བརྒྱའི་ཁྱབ་བདག་མ་སྤྲུལ་སྐུ་མྱུར་བྱོན་རྣམས་ལ། 5

ཐ། དབེན་གནས་སྟག་ཚང་བཀྲ་ཤིས་ཆོས་གླིང་གི་གནས་ཀྱི་ལོ་རྒྱུས་ལ། 7

ད། ཐོག་མཐའ་བར་དུ་དགེ་བའི་གཏམ་དམ་དཔྱོད་ལང་ཚོ་ལྡན་པའི་མགུལ་རྒྱན་ལ། 13

ན། བརྡ་སྤྲོད་ཚིག་དོན་འབྱེད་པའི་ལྡེ་མིག་ལ། 10

པ། བསངས་ཡིག་འདོད་དགུའི་འབྱུང་གནས་དང༌། རྟེན་འབྲེལ་བདེན་ཚིག་བསམ་དོན་མྱུར་གྲུབ་ལ། 3

ཕ། བ། མ། ཞལ་གདམས་མགུར་མ། སྙན་བསྐུལ་རྒྱུད་མང་གླུ་དབྱངས་སྐྱབས་འཇུག་ཞལ་གདམས་བཅས་ལ། 9

ཙ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་བློ་གསལ་མགུལ་རྒྱན་ལ། 4

ཚ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཉམས་ཁྲིད་མདོར་བསྡུས་སུ་བཀོད་པ་ལ། 3

ཛ། འཁོར་ལོ་བདེ་མཆོག་འཇིགས་བྱེད་ཀྱི་རྒྱུད་དང་སྡུད་པ་སོགས་བྲིས་པའི་དུས་སུ་ལེགས་སྨོན་བགྱིས་པ་ལ། 5

ཝ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ཏིང་འཛིན་རྒྱལ་པོ་འཕགས་པ་བརྒྱད་སྟོང་པ་རྣམས་ཀྱི་ལེགས་སྨོན་ངོ་མཚར་ཕུན་ཚོགས་ལ། 4

ཞསྐུ་གསུང་ཐུགས་རྟེན་དང་མ་ཎི་རིལ་བུའི་དཀར་ཆག་ཕན་ཡོན་མདོར་བསྡུས་ལ། 5

ཟ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་གྱི་ལེགས་སྨོན་དགེ་ལེགས་ཆར་འབེབས་ལ། 5

འ། རྣམ་རྒྱལ་མཆོད་རྟེན། བདུད་འདུལ་མཆོད་རྟེན། རྗེ་བབས་མཆོད་རྟེན་གསུམ་གྱི་དཀར་ཆག་མཐོང་བ་དོན་ལྡན་ལ། 2

ཡ། མ་ཎིའི་རིལ་སྒྲུབ་ཀྱི་དཀར་ཆག་ལ། 4

ར། འཕགས་པ་ཐུགས་རྗེ་ཆེན་པོའི་སྒོ་ནས་མ་ཎིའི་རིལ་སྒྲུབ་ཀྱི་དཀར་ཆག་ལ། 3

ལ། ཤམཉམ་མེད་ཇོ་བོའི་ལུགས་ཀྱི་ཚ་དགུ་མ་བྱེད་ཚུལ་དང༌། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་དབྱེ་བ་དང་ལྟ་བའི་གནད་བཞིའི་དབྱེ་བ་དང་ཁྱུང་ཁྲའི་གཏོར་འབུལ་བཅས་ལ། 3

ས། དཔལ་འཁོར་ལོ་བདེ་མཆོག་ལྰུ་ཨི་པའི་རིམ་པ་དང་པོའི་དམར་ཁྲིད་དཔལ་ལྡན་སྲད་བརྒྱུད་པའི་མན་ངག་ཟིན་བྲིས་སུ་བཀོད་པ་བདེ་ཆེན་གསལ་བའི་དགོངས་རྒྱན་དང༌། བསངས་ཡིག་བཀྲ་ཤིས་དགེ་ཚན་པ་དང་ཁྱུད་མ་ཁྱུང་ད་སྒོང་གཉིས་ཀྱི་བསངས་མཆོད་བཅས་ལ། 69

ཧ། རྗེ་ཆེན་སྟག་ཚང་གི་བསངས་མཆོད་མདོར་བསྡུས་ལ། 3

ཨ། གསོལ་འདེབས་རིང་འཚོའི་སྨོན་ཚིག་དང་འཆི་ཁའི་གདམས་པ་ལ། 2

ཀི། བསླབ་བྱ་བླང་དོར་ཀུན་གསལ་ལ། 4

ཁི། བསྔོ་ཡིག་བཞུགས་པ་ལ། 2

གི། སྤྲུལ་པའི་སྐུ་མཆོག་འཇམ་དབྱངས་དཀོན་མཆོག་ཉི་མའི་གསོལ་འདེབས་བརྟན་བཞུགས་འདོད་པའི་རེ་སྐོང་དང༌། རང་ལ་བྱ་བའི་གཏམ་ལ། 3

ངི། དགེ་འདུན་རྣམས་ཀྱི་བཅའ་ཡིག་དང་སྙན་བསྐུལ་གྱི་བསླབ་བྱ་རབ་སྙན་གླུ་དབྱངས་ལ། 3

ཅི། རྟོགས་བརྗོད་རིན་པོ་ཆེའི་འཇུག་བསྡུས་ནོར་བུའི་ཐེམ་སྐས་ལ། 6

ཆི། བསངས་ཡིག་འདོད་རྒུའི་འབྱུང་གནས་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །བཙུན་པ་བློ་བཟང་རབ་བརྟན་ནི་མདོ་སྨད་ཙོང་ཁ་དགེ་ཐང་ཡུལ་དུ་རུས་དཔྲ་ཡབ་དབང་རྒྱལ་དང༌། ཡུམ་རྟ་མགྲིན་མཚོའི་སྲས་སུ་རབ་བྱུང་བཅུ་གཅིག་མེ་འབྲུག1676ལོར་འཁྲུངས། མཚན་དོན་གྲུབ་ཚེ་རིང་གསོལ། ཆུང་དུས་ར་ལུག་འཚོས། དེ་ནས་རྟ་དང་ཕྱུགས་སོགས་འཚོས། དགུང་ལོ་བཅུ་གསུམ་ལ་ཅོ་ནེ་དགོན་དུ་ཞུགས། སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་དྲུང་དུ་རབ་བྱུང་བསྒྲུབས། མཚན་བློ་བཟང་རབ་བརྟན་དུ་གསོལ། དགུང་ལོ་བཅུ་དགུའི་ཐོག་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉེར་བདུན་ཐོག་པཎ་ཆེན་བློ་བཟང་ཡེ་ཤེས་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཉེར་དྲུག་ཐོག་འབྲས་སྤུངས་སུ་གླིང་བསྲེའི་མཚན་རྟགས་བཞེས། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དྲུང་ནས་ལམ་རིམ་དང༌། རྗེའི་གསུང་ཐོར་བུ་སོགས་ཀྱི་ལུང་ཞུས། དགུང་ལོ་ཉེར་བརྒྱད་ལོ་ཨ་མདོར་ཕྱིར་ལོག་མཛད། དགུང་ལོ་བཞི་བཅུའི་ཐོག་རྒྱལ་བ་བསྐལ་བཟང་རྒྱ་མཚོ་མདོ་སྨད་དུ་ཕེབས་སྐབས་རྗེ་དང་གསེར་ཞལ་མཇལ། ཁོང་གིས་ཁྱ་དགེ་སློབ་དཔོན་དང༌། འཇམ་བཞད་ངག་དབང་བརྩོན་འགྲུས་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་གསན། སྟག་ཚང་རི་ཁྲོད་བཀྲ་ཤིས་ཆོས་གླིང་ཕྱག་བཏབ། སྐུ་ཚེ་འདིར་བྱ་བྲལ་གྱི་སྤྱོད་པ་ལ་བཞུགས། དགུང་ལོ་རེ་དགུ་ཤིང་གླང་སྟེ་1745ལོ་ལ་གཤེགས། འདིར་གསུང་པོད་གཅིག་བཞུགས།

 

                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།