ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 15:23:18     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

688.JPG

བར་བོད། ཤོག་གྲངས།

647ཀ་

1མདོ་སྔགས་ཆོས་རྒྱུད་ཀྱི་བླ་རབས་ལ། 13

2སྔགས་རིམ་གྱི་སྙིང་པོ་བསྡུས་པ་ལ། 51

3ཡི་དམ་སྣ་ཚོགས་པའི་སྒྲུབ་སྐོར་ལ། 34

4གསང་འདུས་བསྐྱེད་རིམ་ལ། 36

5དེའི་རྫོགས་རིམ་ལ། 35

6བདེ་མཆོག་བསྐྱེད་རིམ་ལ། 37

7དེའི་རྫོགས་རིམ་ལ། 48

8འཇིགས་བྱེད་བསྐྱེད་རིམ་ལ། 38

9དེའི་རྫོགས་རིམ་ལ། 27

10དྲིལ་བུ་རྗེ་ལྔའི་བསྐྱེད་རྫོགས་ལ། 20

11འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རྫོགས་གཉིས་ལ། 17

12བདེ་གསང་གི་རྒྱུད་ཀྱི་ལྟ་བ་ལ། 20

648ཁ་

1དམིགས་བརྩེ་མའི་ཊིཀ་ལ། 3

2བླ་མཆོད་ཊིཀ་ལ། 28

3མཚན་བརྗོད་ཊིཀ་ལ། 35

204

4གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར་ལ། 11

5འཇིགས་བྱེད་སོགས་ཀྱི་བསྙེན་ཡིག་ལ། 8

6འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་ལ། 7

7དྲིལ་བུ་རྗེ་ལྔའི་མངོན་རྟོགས་ལ། 11

8དེ་གཉིས་ཀྱི་བླ་བརྒྱུད་སྨོན་ཤིས་དང་བཅས་པ་མདོར་བསྡུས་ལ། 3

9ཀུན་རིག་ཆོག་བསྒྲིགས་མ་ལ། 45

10དེའི་ཚོགས་ཞིང་ལ། 3

11ཚེ་ཆོག་བསྒྲིགས་མ་ཡོངས་རྫོགས་ལ། 24

12ཚེ་དབང་བསྐུར་ཚུལ་ཚེ་སྒྲུབ་དང་བཅས་པར། 6

13ཚེ་རིལ་སྒྲུབ་ཚུལ་ལ། 2

14རྡོར་སེམས་སྒོམ་བཟླ་ས་བུམ་སྒྲུབ་དང་འབྲེལ་བ་ལ། 7

15སྐྱབས་འགྲོའི་ཁྲིད་ཡིག་དང་གཏོར་མའི་རིམ་པ་ལ། 10

16སྐྲ་ཆོག་བྱེད་ཚུལ་ལ། 4

17འཇིགས་བྱེད་གཏོར་འབུལ་ལ། 3

18ཆོས་སྐྱོང་གཏོར་འབུལ་ལ། 8

19ཟབ་ལམ་འཕོ་བའི་རྣལ་འབྱོར་ལ། 6

20གཟུངས་གཞུག་འབུལ་ཚུལ་ལ། 4

21སྨྱུང་གནས་ཆོ་ག་ལོ་རྒྱུས་དང་བཅས་པ་ལ། 9

22སྨན་རྗེའི་ཆོ་ག་བསྡུས་པ་ལ། 7

23དམིགས་བརྩེ་མའི་རིལ་སྒྲུབ་བྱེད་ཚུལ་ལ། 6

24དཀོན་མཆོག་གསུམ་གྱི་རྣམ་གཞག་ལ། 7

25ལས་དཀར་ནག་གི་རྣམ་གཞག་ལ། 13

26སྣོད་བཅུད་ཀྱི་རྣམ་གཞག་ལ། 27

27བསླབ་བྱ་ཚིགས་བཅད་མ་ལ། 5

28སྐྱེས་བུ་གསུམ་དང་བསླབ་པ་གསུམ་ལ་སོགས་པའི་ཁྱད་པར་བཤད་པ་ལ། 12

29རྒྱུ་དང་འབྲས་བུའི་རྣམ་གཞག་ལ། 11

30འཁོར་བའི་འཇུག་རིམ་ལ། 13

649ག་

1བྱང་ཆུབ་ལམ་རིམ་གྱི་དམར་ཁྲིད་ཅུང་ཟད་རྒྱས་པ་ལ། 22

2ལམ་རིམ་གྱི་སྙིང་པོ་ཚིགས་བཅད་མ་ལ། 16

3ལམ་རིམ་གྱི་དམིགས་ཁྲིད་བསྡུས་པ་ལ། 7

4བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་གྱི་རྣམ་གཞག་ལ། 9

5ས་ལམ་རྣམ་གཞག་ལ། 13

6སྡོམ་གསུམ་རྣམ་གཞག་ལ། 15

7བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་གཞག་ལ། 12

8དུས་ཚིགས་ཀྱི་རྣམ་གཞག་ལ། 16

9ལྟ་བ་དང་དུས་གསུམ་གྱི་རྣམ་གཞག་ཟབ་མོ་ལ། 14

10ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་ལ། 24

11གྲུབ་མཐའ་བཞིའི་ལུགས་ཀྱི་བདེན་གཉིས་རྣམ་གཞག་ལ། 9

12གྲུབ་མཐའ་བཞིའི་ལུགས་ཀྱི་ལྟ་བའི་རྣམ་གཞག་ལ། 23

13རྒྱུད་བླའི་རྡོ་རྗེའི་དོན་བདུན་རྣམ་གཞག་ལ། 17

14ཡུམ་གྱི་མདོའི་འགྲེས་རྐང་བཤད་པ་ལ། 16

15ཡུམ་དོན་བྱང་ཆུབ་བསྐྱེད་ཚུལ་གྱི་བརྒྱལ་ལན་ལ། 7

16སྐྱབས་འགྲོའི་ཁྱེར་བདེ་ལ། 4

17ལམ་གྱི་གཙོ་བོ་དམ་གསུམ་གྱི་དོན་འགྲེལ་ལ། 16

18བར་མདོའི་འཕྲང་སྒྲོལ་གྱི་ཊིཀ་ལ། 12

19གང་བློ་མའི་ཊིཀ་ལ། 5

20སྔགས་ཀྱི་བཀླག་ཐབས་ལ། 6

21མིང་གི་དམ་གྲངས་ལ། 15

22མངལ་དུ་འཇུག་པའི་མདོའི་དོན་བསྡུས་པ་ལ། 6

23ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོའི་དོན་བསྡུས་པ་ལ། 5

24དཀོར་སྒྲིབ་སྦྱོང་ཐབས་ཡན་ལག་བདུན་པ་བྱ་ཚུལ་ལ། 6

25སྐད་གཉིས་ཤན་འབྱེད་ལ། 8

26སྙན་ངག་མངོན་བརྗོད་བརྡོ་རྙིང་གསུམ་གྱི་རྣམ་གཞག་ལ། 12

27དག་ཡིག་ཆེ་བ་ཚིག་གསལ་སྒྲོན་མེ་ལ། 17

28དག་ཡིག་ཆུང་བ་ལ། 9

29རྣམ་ཐར་གསོལ་འདེབས་ལ། 2

650ང་

1འདུས་པའི་རྩ་རྒྱུད་ཀྱི་གླེང་གཞིའི་ཡི་གེ་བཞི་བཅུའི་བཤད་པ་ལ། 10

2དེའི་ཊིཀ་ཡོངས་རྫོགས་ལ། 172

3དེའི་ས་བཅད་རྒྱས་པ་ལ། 45

4འཇིགས་བྱེད་ཀྱི་རྒྱུད་རྟོགས་བདུན་གྱི་བསྡུས་དོན་དཀའ་འགྲེལ་ལ། 8

5གསང་བ་འདུས་པའི་བདག་བསྐྱེད་བསྒྲིགས་མ་ལ། 23

6དེའི་མདུན་བསྐྱེད་བསྒྲིགས་མ་ལ། 9

7འཇིགས་བྱེད་བཅུ་གསུམ་པའི་འདོན་ཆ་བསྒྲིགས་མ་ལ། 18

8འཇིགས་བྱེད་སྦྱིན་སྲེག་དང་ཕལ་སྲེག་བྱ་ཚུལ་ལ། 10

9ཆོས་རྒྱལ་ཕྱི་ནང་གཉིས་ཀྱི་བསྐང་གསོ་ལ། 9

10ཆོས་རྒྱལ་ལ་བརྟེན་པའི་ཟོར་ལས་ལ། 7

11རྣམ་སྲས་ཀྱི་བསྐང་གསོ་ལ། 5

12ལྕམ་སྲིང་བསྐང་གསོ་ལ། 5

13རྗེ་མོའི་ཚེ་གཏོར་ལ། 5

14ཡི་དམ་དཔའ་གཅིག་མ་འདྲ་བ་ལ། 10

15ཡོངས་འཛིན་གསོལ་འདེབས་ལ། 3

16གསོལ་འདེབས་བརྟན་བཞུགས་སྨོན་ལམ་བཅས་པ་ལ། 3

17རྗེ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་ལ། 3

651ཅ་

1རྡོར་དྲིལ་སོགས་ཀྱི་རྣམ་གཞག་ལ། 8

2བདེ་མཆོག་རྩ་རྒྱུད་ཀྱི་ཊིཀ་ལ། 92

3བདེ་གསང་གཉིས་ཀྱི་བསྡུས་དོན་བཤད་ཐབས་བཅས་པ་ལ། 30

4བདེ་མཆོག་བླ་བརྒྱུད་སྨོན་ལམ་ཤིས་བརྗོད་བཅས་ལ། 5

5བདེ་མཆོག་ལྰུ་ཨི་པའི་བདག་བསྐྱེད་ལ། 26

6དེའི་མདུན་བསྐྱེད་ལ། 14

7བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྒྲུབ་ཐབས་ལ། 7

8བདེ་མཆོག་བཅུ་གསུམ་པའི་སྒྲུབ་ཐབས་ལ། 8

9ཀུན་རིག་གི་བསྡུས་དོན་དཀའ་འགྲེལ་ལ། 11

10ཀུན་རིག་ལྷན་ཐབས་ལ། 29

11ཀུན་རིག་གི་ཕྱག་རྒྱའི་རྣམ་གཞག་ལ། 14

12ཀུན་རིག་གི་སྔགས་དོན་ལ། 11

13ཀུན་རིག་རྗེ་ལྔའི་བུམ་བསྐྱེད་ལ། 2

14ཀུན་རིག་བསྙེན་པ་རྒྱས་བསྡུས་ཇི་ལྟར་བྱ་ཚུལ་ལ། 4

15རབ་གནས་བཀྲ་ཤིས་སྙེ་མའི་དགོངས་གསལ་ལ། 15

16ནོར་རྗེའི་སྒྲུབ་ཐབས་གཡང་འབོད་བཅས་ལ། 8

17བུམ་གཏེར་དང་ལྟོ་འཕྱེ་བརྟག་ཚུལ་བཅས་ལ། 11

18སྨྱུང་གནས་ཀྱི་བླ་བརྒྱུད་སྨོན་ལམ་ཤིས་བརྗོད་བཅས་ལ། 3

19ཕྱག་རྡོར་འཁོར་ཆེན་གྱི་བླ་བརྒྱུད་ཤིས་བརྗོད་བཅས་ལ། 5

20རྣམ་འཇོམས་བྱབས་ཁྲུས་ལ། 5

21ས་བདག་གདོན་འགྲོལ་ལ། 10

22ཀླུའི་གདོན་འགྲོལ་ལ། 6

23སྒྲོལ་མའི་མདོས་ཆོག་ལ། 9

24ཐོས་པ་ལ་བསྐུལ་བའི་དབྱུ་གུ་ལ། 7

25བློ་རིག་དང་རྟགས་རིག་རྣམ་གཞག་ལ། 20

652ཆ་

1བསྟན་རྩིས་ཞག་གསུམ་གྱི་རྣམ་གཞག་ལ། 7

2ལམ་རིམ་བསྡུས་དོན་ཊིཀ་ལ། 11

3མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་ཊིཀ་ལ། 25

4སྐབས་གཉིས་པ་དང་གསུམ་པའི་ཊིཀ་ལ། 16

5སྐབས་བཞི་པའི་ཊིཀ་ལ། 20

6ལྔ་པ་དང་དྲུག་པ་བདུན་པ་གསུམ་གྱི་ཊིཀ་ལ། 12

7སྐབས་བརྒྱད་པའི་ཊིཀ་ལ། 10

8དབུ་མ་འཇུག་པའི་ཚིག་འགྲེལ་ལ། 143

9ཤེས་རབ་སྙིང་པོའི་ཊིཀ་ཟབ་དོན་གསལ་བ་ལ། 20

10རྟེན་འབྲེལ་བསྟོད་པའི་ཊིཀ་བྲག་ཆད་ལྟ་བའི་ཚ་གདུང་སེལ་བྱེད་ལ། 17

11སྒྲོལ་མའི་ཊིཀ་ལ། 6

12ལས་དམ་འབྱེད་དང་ཚེ་མཐའི་མདོའི་དོན་བསྡུས་པ་ལ། 12

13དབྱངས་ཅན་སྒྲ་མདོ་དང་ཀྰ་ལ་པའི་མཚམས་སྦྱོར་ལྔ་པ་ཟུང་འབྲེལ་ལ། 15

14འདུས་པའི་བླ་བརྒྱུད་ལ། 2

15བཀའ་བསྒོ་བྱ་ཚུལ་ལ། 7

16གསོལ་འདེབས་བརྟན་བཞུགས་ལ། 1

17ཕྱག་མཆོད་སྐོར་བའི་ཕན་ཡོན་ལ། 2

18རྩིས་ཀྱི་ལྡེ་མིག་ལ། 9

653ཇ་

1ཆོས་མངོན་མཛོད་ཀྱི་ཊིཀ་དགོངས་པ་རབ་གསལ་ལ། 202

2ཕུང་པོ་ལྔའི་རྣམ་གཞག་ཆོས་མངོན་སྙིང་པོ་ལ། 12

3དབུ་མ་རྩ་ཤེས་ཀྱི་བསྡུས་དོན་དཀའ་འགྲེལ་ལ། 20

4འདུལ་བ་རྒྱ་མཚོའི་སྙིང་པོའི་ཊིཀ་ལ། 16

5སོ་ཐར་གྱི་སྡོམ་པའི་དོགས་གཅོད་ལ། 12

6གཞི་གསུམ་རྣམ་གཞག་ལ། 11

7ཉམས་ལེན་སྤྱིའི་དོགས་གཅོད་ལ། 8

8སུམ་རྟགས་རྩ་འགྲེལ་ལ། 30

9བསངས་ཡིག་ལ། 3

10མི་འཁྲུགས་པའི་ཞིང་བཀོད་སྨོན་ལམ་བླ་མའི་རྣལ་འབྱོར་སོགས་ལ། 30

11རྣམ་ཐར་ལ། 15

654ཉ་

1རྒྱ་གར་དང་བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་ཆོས་འབྱུང་ལ། 31

2ཕར་ཕྱིན་གྱི་སྤྱི་དོན་ཡོངས་རྫོགས་ལ། 104

3ཕར་ཕྱིན་གྱི་ཟུར་བཀོལ་བཞི་ལ། 25

4མངོན་རྟོགས་རྒྱན་དང་ཡུམ་གྱི་མདོ་གཉིས་སྦྱོར་ཚུལ་ལ། 16

5དབུ་ཕར་འདུལ་མཛོད་རྣམ་འགྲེལ་གྱི་དོན་གྱི་གཙོ་བོ་ཉམས་ལེན་གྱི་རིམ་པ་སྦྱོར་ཚུལ་ལ། 10

6རྗེས་འཇམ་དབྱངས་ལ་ཞུས་ཏེ་རེད་མདའ་བར་གནང་བའི་དྲིས་ལན་གྱི་འགྲེལ་པ་ལ། 27

7རྗེའི་རིན་པོ་ཆེ་དམ་གསུམ་གྱི་གཏམ་གྱི་སྦྱོར་བ་འགྲེལ་པ་ལ། 8

8རྗེའི་རྟོགས་བརྗོད་རང་གིས་མཛད་པའི་འགྲེལ་པ་སྙན་ངག་གིས་བརྒྱན་པ་ལ། 25

9སྐབས་གསུམ་པའི་འགྲེལ་པ་རྗེའི་དགོངས་གསལ་ལ། 10

10བྱམས་པའི་བསྟོད་པ་ཚངས་པའི་ཅོད་པན་མའི་འགྲེལ་པ་ལ། 18

11འཇམ་དབྱངས་ཀྱི་བསྟོད་པ་བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་ལ། 17

12རྣམ་པར་རྒྱལ་མའི་བསྟོད་པ་འཆི་མེད་སྒྲུབ་པའི་འགྲེལ་པ་ལ། 9

13པོ་བསྟོད་ཀྱི་འགྲེལ་པ་ལ། 5

14བླ་མ་དམས་དང་སྟོན་པ་བྱམས་འཇམ་དབྱངས་ཕྱག་རྡོར་སོགས་ལྷག་པའི་རྗེ་མང་པོའི་བསྟོད་པ་ཕྱོགས་བསྒྲིགས་ལ། 12

15འཇིགས་བྱེད་ཀྱི་མདུན་བསྐྱེད་སྒྲུབ་ཚུལ་དོགས་གཅོད་དང་བཅས་པ་ལ། 6

16གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་རྒྱས་པར་བཤད་པ་ལ། 8

17འདའ་ཀ་ཡེ་ཤེས་དང་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་གཉིས་ཀྱི་འགྲེལ་པ་ལ། 5

655ཏ་

1དབུ་མ་རྩ་བ་ཤེས་རབ་ཀྱི་ཊིཀ་རྣམ་བཤད་རིགས་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ། 108

2འདུལ་བའི་ཡིག་ཆ་ཡི་སྙིང་པོ་ལ། 70

3ཇོ་བོའི་བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་ལ། 29

4མཛོད་ཀྱི་དོན་ཐོར་བུ་ཉེར་མཁོ་ལ། 5

5སྨན་བླའི་སྨོན་ལམ་རྒྱས་པ་འདོན་ཚུལ་ཟུར་དུ་བཀོད་པ་ལ། 10

6སྙན་ངག་གི་དཔེར་བརྗོད་སོ་སོར་ཕྱེ་བའི་རྒྱས་པ་ལ། 24

7ཀ་ཁ་དང་སྦྱ་ཞིང་སྙན་ངག་གི་སྒྲ་རྒྱན་གྱི་སྒོ་ནས་རྗེ་མང་པོ་ལ་བསྟོད་པ་ལ། 3

8བསྔོ་བ་བྱ་ཚུལ་རྒྱས་འབྲིང་བསྡུས་གསུམ་ལ། 6

9ཐེག་པ་ཆེན་པོའི་ལམ་བགྲོད་ཚུལ་དང་མཐུན་པའི་སྨོན་ལམ་ལ། 5

10མདོ་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་མཆོད་ཅིང་འཕྲིན་ལས་ལ། 7

11གདུགས་དཀར་བཟློག་ཆེན་ལ། 13

12བརྒྱ་བཞིའི་ཆོ་ག་ལ། 12

13ཁ་འབར་མའི་མདོས་ལ། 8

14ཉོན་མོངས་ཀྱི་རྣམ་གཞག་བཤད་པ་ལ། 5

15འོད་དཔག་མེད་གཙོ་བོར་བྱས་པའི་ཚོགས་ཞིང་ལ། 5

16འཇིགས་གསང་གཉིས་ཀྱི་བུམ་བསྐྱེད་ལ། 4

17ཀུན་རིག་གི་བདག་མདུན་བུམ་བསྐྱེད་ལ། 3

18ལྟུང་བཤགས་ཀྱི་ཆོ་ག་འགྲེལ་པ་དང་བཅས་ལ། 11

19རྟེན་བཞེངས་པ་དང་མཆོད་པ་སོགས་ཀྱི་ཕན་ཡོན་ལ། 13

20སྐོར་བའི་ཕན་ཡོན་བཤད་པ་ལ། 9

656ཐ་

1དགའ་ལྡན་ཆོས་འབྱུང་ལ། 16

2བྱམས་ཆོས་སྡེ་ལྔའི་བསྡུས་དོན་ལ། 10

3རྗེས་འཇམ་དབྱངས་ལ་ཞུས་པའི་སྔགས་ཕྱོགས་ཀྱི་དྲི་བའི་འགྲེལ་པ་ལ། 35

4གདུགས་དཀར་གྱི་འགྲེལ་པ་ལ། 25

5རྣམ་འཇོམས་ཀྱི་འགྲེལ་པ་ལ། 9

6རྡོ་རྗེ་གཅོད་པའི་འགྲེལ་པ་ལ། 44

7བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་ལ། 22

8བྱམས་སྨོན་གྱི་འགྲེལ་པ་ལ། 23

9ཆ་གསུམ་གྱི་ཊིཀ་ལ། 12

10ལྷོ་སྒོའི་ཊིཀ་ལ། 32

11འཇིགས་བྱེད་ཕྱག་གཉིས་པའི་མངོན་རྟོགས་དང་འཕོ་བ་ལ། 6

12བདེ་མཆོག་དང་རྡོ་རྗེ་རྣལ་འབྱོར་མའི་འཕོ་བ་ལ། 3

13ཐུན་དྲུག་གི་རྣལ་འབྱོར་གཉིས་ལ། 6

14རྗེས་གནང་སྤྱིའི་རྣམ་བཤད་ལ། 9

15འཇམ་ལུགས་ཚེ་དཔག་མེད་རྗེ་ལྔའི་རྗེས་གནང་ལ། 8

16ཚེ་དཔག་མེད་ཀྱི་རྣལ་འབྱོར་ལ། 3

17འཇམ་དཀར་དང་ནོར་རྒྱུན་མའི་སྒྲུབ་ཐབས་ལ། 5

18མཆོད་བརྗོད་དུ་མ་ཟུར་དུ་བཀོད་པ་ལ། 6

19མ་ཎིའི་ཕན་ཡོན་རྒྱས་པར་བཤད་པ་ལ། 9

20དམ་ཚིག་རྡོ་རྗེའི་སྦྱིན་སྲེག་ལ། 3

21རྗེ་མོའི་བསྐང་གསོ་ལ། 3

22ལོ་གླུད་དམ་ལོ་རིམ་བྱ་ཚུལ་ལ། 14

23མི་འཁྲུགས་པའི་ཞིང་བཀོད་ལ། 8

24བདེ་བ་ཅན་གྱི་ཞིང་བཀོད་ལ། 10

25སྟོན་པའི་མཛད་པ་བཅུ་གཉིས་ཀྱི་རྣམ་གཞག་ལ། 17

26ཤམྦྷ་ལའི་རྒྱལ་རབས་དང་རྩིས་སྐོར་འགའ་ཞིག་བཅས་ལ། 19

27གདུགས་དཀར་ལ་བརྟེན་པའི་གདོན་བཟློག་ལ། 10

657ད་

1ལམ་རིམ་ཆེན་མོའི་དོན་དམས་བསྡུས་པ་ལ། 75

2མདོ་བསྡུད་པའི་འགྲེལ་པ་ལ། 50

3བཤེས་སྤྲིངས་མཆན་འགྲེལ་ལ། 30

4བསྙེན་གནས་ཀྱི་སྡོམ་པའི་ཆོ་ག་ལ། 4

5རབ་བྱུང་དགེ་ཚུལ་དང་བཅས་པའི་བསྙེན་རྫོགས་སྒྲུབ་ཚུལ་ཁྱེར་བདེ་ལ། 19

6གཅོད་ཀྱི་གདམས་ངག་ལ། 8

7སྙིང་པོ་དོན་གསུམ་གྱི་ཉམས་ལེན་ལ། 6

8ནོར་རྗེ་མཆོད་ཚུལ་བསྡུས་པ་ལ། 3

9དཀྱིལ་འཁོར་མང་པོའི་རྗེ་རྣམས་ཀྱི་མཚན་ཐོ་ལ། 17

10ཉམས་ལེན་སྐོར་ལ། 11

11རྣམ་སྲས་དང་ཛམྦྷ་ལ་ནོར་རྒྱུན་མ་གསུམ་གཙོ་འཁོར་བཅས་ཀྱི་བདུན་བསྐྱེད་མཆོད་ཚུལ་ལ། 10

12དབྱངས་ཅན་དཀར་དམར་གཉིས་ཀྱི་མངོན་རྟོགས་སྦྱིན་སྲེག་དང་བཅས་པ་ལ། 8

13སྟོན་པ་དང་རྗེ་སོགས་དང་སྦྱར་བའི་མགུར་མ་ལ། 9

14འཇམ་དབྱངས་བྱ་བའི་སེང་གེ་སྤྱན་རས་གཟིགས་སེང་གེའི་སྒྲ་ཛམྦྷ་ལ་ཡབ་ཡུམ་རྣམས་ཀྱི་སྒྲུབ་ཐབས་ལ། 7

15མར་མེ་འབུལ་ཚུལ་སྨོན་ལམ་དང་བཅས་པ་ལ། 8

16ཀླུ་གཏོར་གྱི་ཆོ་ག་ལ། 6

17སངས་རྒྱས་སྟོང་གི་མཚན་བསྒྲིགས་ལ། 16

18ཡང་སངས་རྒྱས་མང་པོའི་མཚན་སྔགས་ལ། 8

19རྣམ་ཐར་ཚིགས་བཅད་མ་ལ། 14

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཅོ་ནེ་གྲགས་པ་བཤད་སྒྲུབ་ནི་མདོ་སྨད་ཅོ་ནེ་དཔོན་གྱི་མངའ་འོག་ཐུའུ་ཇུའི་ཡུལ་གྱི་བྱེ་བྲག་གཡོ་སའམ། རབ་པོ་ཞེས་པར་ཡབ་སྐྱབས་འབུམ་དང༌། ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་ཤིང་ཡོས་1675ལོ་འཁྲུངས། དགུང་ལོ་བདུན་ལ་ཁྲི་ཆེན་དགེ་འདུན་གྲགས་པའི་མདུན་ནས་ཡི་གེ་འབྲི་ཀློག་སློབ་པའི་དབུ་བཙུགས། དགུང་ལོ་དགུ་ལ་རྗེ་འདིའི་དྲུང་དུ་རབ་བྱུང་བསྒྲུབས། དེ་ནས་ལོ་འགའི་རིང་ཆོས་སྤྱོད་སོགས་བློ་འཛིན་མཛད། སྨན་པ་སྟག་རིས་དགེ་སློང་དྲུང་སྨན་དཔེ་གསན་སྦྱོང་གིས་ནད་བཅོས་ཀྱི་བྱ་བ་ཅུང་ཟད་སྒྲུབ། དགུང་ལོ་ཉེར་གཅིག་ལ་དབུས་ཕྱོགས་སུ་ཕེབས། དགུང་ལོ་ཉེར་གཉིས་ལོ་སེ་ར་སྨད་ཐོས་བསམ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། རྗེ་བཀྲ་ཤིས་དཔལ་བཟང་དགེ་རྒྱན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་གནང༌། དགུང་ལོ་སོ་གཅིག་ལ་རྗེ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་གྱིས་མིང་བཏགས་བཞེས་རྩིས་ཀྱང་དབུས་སུ་དུས་འཁྲུགས་ཀྱིས་སྡེ་སྲིད་སྐུ་གཤེགས་ལོ་དེའི་ཟླ་བ་བརྒྱད་པར་གྲུབ་མཐའ་རིས་མེད་ཀྱི་འདུས་སྡེ་ཉི་ཁྲི་ལྷག་ཙམ་འཚོགས་ཏེ་སྨོན་ལམ་འཕར་མའི་སར་སློབ་དཔོན་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་བཞིན་མཚན་བཏགས་བཞེས། རྗེ་ཉིད་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དབུས་སུ་ཕེབས་ནས་དགའ་ལྡན་དང༌། འབྲས་སྤུངས་བཅས་སུ་དམ་བཅའ་བཞག་པས་ཚང་མ་ངོ་མཚར་བ་བྱུང་ཞིང༌། དགུང་ལོ་སོ་གཉིས་ལ་ཕེབས་སྐབས་མདོ་སྨད་ཅོ་ནེ་དགོན་དུ་ཕྱིར་ཕེབས། སྐབས་དེར་ཅོ་ནེ་བསྟན་པའི་མངའ་བདག་གོ་ཤྲི་ནང་སོ་ཡེས་དེ་ཉིད་ཕོ་བྲང་དུ་གོང་མ་མཇལ་བའི་སྐབས་ཀྱི་བཀའ་མངགས་ལྟར་ནང་སོས་ཤིང་རྟ་ལོ་དགོན་པ་དེར་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས་པར་རྗེ་ཉིད་དགུང་ལོ་བཞི་བཅུར་ཕེབས་པ་དགོན་དེའི་བླ་མ་མཛད། དགུང་ལོ་ཞེ་གཅིག་ལོ་རྗེ་འདིའི་ཡུམ་གཤེགས། དགུང་ལོ་ཞེ་དྲུག་ལོ་གྲྭ་ཚང་བླ་མ་དགོངས་ཞུ་མཛད་ནས་ལོ་བདུན་ཙམ་རིང་ལམ་གཙོ་གསུམ་སོགས་བསྟན་བཅོས་མང་དག་བཀའ་རྩོམ་མཛད། དགུང་ལོ་ང་དྲུག་ལོ་སླར་ཡང་དགོན་དེའི་ཁྲི་ལ་བཞུགས། དགུང་ལོ་ང་བརྒྱད་ལོ་རྒྱུད་པ་གྲྭ་ཚང་བཙུགས་ཏེ་བླ་མ་དང་སློབ་དཔོན་ཟུར་འབྲེལ་དུ་མཛད། དགུང་ལོ་རེ་གཉིས་བར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་མཐར་དགུང་ལོ་དོན་བཞི་ཙམ་ལ་གཤེགས་པ་ཡིན་སྙམ། འདིར་གསུང་འབུམ་པོད་བཅུ་གཅིག་བཞུགས།

                         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།