ཞོགས་དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 15:14:55     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

677.JPG

པར་པོད། ཤོག་གྲངས།

643ཀ་

ཀབླ་མའི་རྣལ་འབྱོར་ཀུན་མཁྱེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ། 7

ཁ། བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་རྡོ་རྗེ་འཆང་ལ་བརྟེན་པའི་ཐུན་དྲུག་གི་རྣལ་འབྱོར་ལ། 4

གབླ་མ་མཆོད་པའི་ཟབ་ཁྲིད་ཐུན་མོང་མ་ཡིན་པ་བརྒྱུད་ལྡན་བླ་མའི་ཞལ་གརྣམས་ལ། 36

ང་། བླ་མ་མཆོད་པའི་ཁྲིད་མདོར་བསྡུས་ལ། 3

ཅ། དམིགས་བརྩེ་མའི་སྒོ་ནས་བྱིན་རྟེན་རིལ་བུ་བསྒྲུབ་ཚུལ་དང་ལམ་གྱི་གཙོ་བོ་དམ་གསུམ་གྱི་དམར་ཁྲིད་བཅས་ལ། 9

ཆ། ལམ་གྱི་གཙོ་བོ་དམ་གསུམ་གྱི་ཁྲིད་ཡིག་རྒྱས་པ་ལ། 15

ཇ། སྨོན་སེམས་ཆོ་གས་འཛིན་ཚུལ་ལ། 17

ཉ། ཟབ་མོ་དབུ་མའི་ལྟ་ཁྲིད་ལ། 11

ཏ། ཚེམ་བུ་དམར་ཁྲིད་འཁྱེར་བདེ་གཞན་ཕན་ལེགས་བཤད་ཀུན་འདུས་ལ། 6

ཐ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དང་དེའི་དམིགས་རིམ་ལ། 8

ད། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཆོ་ག་ཡིད་བཞིན་འདོད་འཇོ་ལ། 7

ན། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའི་བསྒོམ་བཟླ་ས་སྡིག་ལྟུང་དག་བྱེད་བདུད་རྩིའི་ཆུ་རྒྱུན། སྒྲ་མི་སྙན་པའི་ཚེ་སྒྲུབ་བཅས་ལ། 4

པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཁྲིད་བརྒྱུད་གསོལ་འདེབས། 3

ཕ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་རིམ་གྱི་རྣམ་བཤད་ལ། 171

བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་པའི་རིམ་པའི་དམར་ཁྲིད་ཁྱེར་བདེ་ལ། 31

མ། དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་དང༌། ལམ་རིམ་ཆེན་མོའི་བླ་བརྒྱུད་གསོལ་འདེབས། གསོལ་འདེབས་བཀའ་དྲིན་མཉམ་མེད་མ་བཅས་ལ། 4

ཙ། དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ལ། 26

ཚ། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་སྙིང་པོ་ལ། 15

ཛ། དཔལ་གསང་བ་འདུས་པ་ལ་བརྟེན་པའི་ཚོགས་མཆོད་ངག་འདོན་གྱི་རིམ་པ་ཁྲིགས་ཆགས་སུ་བཀོད་པ་ལ། 4

ཝ། བླ་མ་རྡོ་རྗེ་འཆང་དོན་ཡོད་མཁས་གྲུབ་པའི་གསུང་མགུར་གྱི་རིམ་པ་རྣམས་ལ། 13

ཞརང་གང་མོས་ཀྱི་བླ་མ་ལ་གསོལ་འདེབས་སོགས་ཀྱི་རིམ་པ་རྣམས་ལ། 12

ཟ། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་རྗེ་གཅིག་བུམ་གཅིག་ལ་བརྟེན་པའི་བླ་མ་སྐྱེས་བུ་དམ་པ་ལ་ཞབས་བརྟན་འབུལ་བའི་རིམ་པ་ཁྲིགས་ཆགས་སུ་བཀོད་པ་འཆི་མེད་འདོད་འཇོ་ལ། 8

འ། ཞབས་བརྟན་སྨོན་ཚིག་གི་རིམ་པ་རྣམས་ལ། 4

ཡ། རྗེ་དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ་ལས་དཀར་ཆག་གི་རིམ་པ་ལ། 19

ར། བཀའ་འགྱུར་རིན་པོ་ཆེའི་བར་བྱང་སྨོན་ལམ་དང༌། མཆོད་རྫས་ཕུལ་བའི་སྨོན་ཚིག་སོགས་ལ། 6

ལ། དམ་འདྲེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་བསྐལ་བཟང་རྒྱ་མཚོ་མཆོག་ནས་བཀའ་འདྲི་ཕེབས་པའི་དྲིས་ལན། སེ་རྭ་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་ལྟ་བའི་སྐོར་གྱི་དྲི་བ་དང་དེའི་དྲིས་ལན་

བཅས་ལ། 10

ཤརྗེ་དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ་ལས་ཆབ་ཤོག་གི་རིམ་པ། 4

ས། དཔལ་རྡོ་རྗེ་འཇིགས་བྱེད་རྗེ་བཅུ་གསུམ་མའི་གཏོར་མགྲོན་དང༌། འཁོར་ཡབ་ཡུམ་སྐོར་གྱི་དོགས་དཔྱོད། དགེ་སྐྱོང་བྱེད་ལུགས་ཞལ་གདམས། ཞི་རྒྱས་ཀྱི་སྦྱིན་སྲེག་གི་སྤེལ་ཚིག་བཅས་ལ། 5

ཧ། གསེར་སྐྱེམས། མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་དང༌། གཏོར་འབུལ་བཅས་ལ། 4

ཨ། གནོད་སྤྱིན་ཆེན་པོ་ཀྵེ་ཏྲ་པྰ་ལ་སྒེར་གྱི་གསོལ་མཆོད་ལས་བཞིའི་འཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་ལ། 6

ཀི། ཞོགས་རྗེ་ཕྱུག་པོའི་གསོལ་མཆོད་རྒྱས་པ་ལ། 10

ཁུ། ཞལ་གདམས་མགུར་དབྱངས་ལ། 2

གེ། རྗེ་དོན་ཡོད་མཁས་གྲུབ་ཀྱི་གསོལ་འདེབས་ལ། 3

ངོ། རྗེ་དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ་ལས་སྨོན་ལམ་གྱི་བདེན་ཚིག་མཁན་མིང་འཛིན་པ་བྱམས་པ་ཡོན་ཏན་གྱིས་བཀོད་པ་ལ། 3

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཞོགས་དོན་ཡོད་མཁས་གྲུབ་ནི་འཕན་ཡུལ་སྨད་ཅུང་པ་ཆུ་སྐོར་ཞེས་པའི་ཁྱིམ་དུ་ཡབ་ཚེ་རིང་རྗེ་སྲུང་དང༌། ཡུམ་ཨ་སང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག1671ལ་འཁྲུངས། མཚན་ཚེ་དབང་ལྡན་ཞེས་གསོལ། དགུང་ལོ་བདུན་ལ་དགའ་ལྡན་ཁྲི་ཆེན་བློ་བཟང་དོན་ཡོད་དྲུང་དུ་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དོན་ཡོད་མཁས་གྲུབ་ཅེས་གསོལ། དགེ་སློང་ཆོས་གྲུབ་བསྟེན་ནས་ཀློག་སློབ་ལ་སྦྱངས་པ་མཛད། དགུང་ལོ་བརྒྱད་ནས་དགུང་ལོ་བཅོ་བརྒྱད་བར་ལ་ཞོགས་གུར་སྨོན་དགོན་དུ་སྒྲིག་ཞུགས་མཛད། དགུང་ལོ་བཅུ་དགུ་ལ་དགའ་ལྡན་བྱང་རྩེར་བཞུགས་ནས་མཁས་དབང་བློ་བཟང་དགེ་ལེགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། དགུང་ལོ་ཉེར་ལྔ་ལ་ཕེབས་སྐབས་ཞོགས་དགོན་པའི་དགེ་བསྐོས་གནང༌། དགུང་ལོ་ཉེར་དྲུག་སྐབས་འཁོར་བའི་སྣང་ཚུལ་ལ་ཐུགས་སྐྱོ་ཤས་འཁྲུངས་ནས་གྲུབ་དབང་བྱམས་པ་ཆོས་ལྡན་དང༌། རྗེ་བཙུན་བསོད་ནམས་དོན་གྲུབ་སོགས་བསྟེན་ནས་ལོ་མང་རིང་དབེན་པར་དཀའ་ཐུབ་དྲག་པོ་སྤྱད་ནས་གྲུབ་པ་ལ་བརྩོན། དགུང་ལོ་ཞེ་གཉིས་ཐོག་སོག་པོ་ཇུན་གར་བའི་དམག་སྐྱིད་ཤོད་དུ་སླེབས། དགུང་ལོ་ཞེ་དྲུག་ནས་ལོ་གསུམ་རིང་ཞོགས་གུར་སྨོན་གྱི་ཆོས་གྲྭར་ལོ་ལྟར་ཟླ་བ་གསུམ་རིང་ལམ་རིམ་གྱི་ཁྲིད་དང༌། འཇིགས་བྱེད་ཀྱི་དབང་ཆེན་སོགས་སྩལ། དགུང་ལོ་ང་གསུམ་ལ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་སྲིད་དབང་འགན་བཞེས་ནས་རྗེ་ཉིད་ཁོང་གི་རྩ་བའི་བླ་མར་གྱུར། རྗེ་ཉིད་ཀྱི་སྐུ་ཚེ་འདིར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་མཐར་དགུང་ལོ་རེ་བདུན་ཏེ་མེ་སྦྲུལ་1737ལ་སྐུ་གཤེགས། འདིར་གསུང་འབུམ་པོད་གཅིག་བཞུགས།

                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།