སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 13:07:44     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

པར་པོད། ཤོག་གྲངས།

627དང་པོ།

1མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་བྱིན་རླབས་ཀྱི་བང་མཛོད་ལ། 567

628གཉིས་པ།

1དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་པ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཆོས་ཐམས་ཅད་ཀྱི་རྩ་བ་གསལ་བར་བྱེད་པ་བཻཌྰུརྱ་སེར་པོའི་མེ་ལོང་ཞེས་བྱ་བ་ལ། 419

629གསུམ་པ།

1ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻཌྰུརྱ་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར་དང་དེའི་དཀར་ཆག་བཅས་ལ། 639

630བཞི་པ།

1རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་ལ། 58

2སྔ་ན་མེད་པའི་བསྟན་བཅོས་བཻཌྰུརྱ་དཀར་པོ་ལས་འཕྲོས་པའི་སྙན་སྒྲོན་ཉིས་བརྒྱ་བརྒྱད་པ་ལ། 64

3བསྟན་བཅོས་བཻཌྰུརྱ་དཀར་པོ་ལས་དྲི་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ལ། 473

631ལྔ་པ།

1གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌྰུརྱ་སྔོན་པོའི་མ་ལླིཀ་ཞེས་བྱ་བ་ལ། 37

2གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌྰུརྱ་སྔོན་པོའི་ཕྲེང་བ་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་རྣམ་བཤད་ལ། 261

632དྲུག་པ།

1གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌྰུརྱ་སྔོན་པོའི་ཕྲེང་བ་ལས་དུམ་བུ་གསུམ་པ་མན་ངག་སྟོན་རྒྱུད་རྣམ་བཤད་ལ། 537

633བདུན་པ།

1བདུད་རྩི་སྙིང་པོ་ཡན་ལན་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་

ཀྦྰུར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ལ། 298

634བརྒྱད་པ།

1དཔལ་ལྡན་གསོ་བ་རིག་པའི་ཁོག་འབུག་ལེགས་བཤད་བཻཌྰུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་ལ། 293

635དགུ་པ།

1བརྡོ་སྤྲོད་ཀུན་གྱི་ཡང་སྙིང་དབྱངས་ཅན་བྱྰ་ཀ་ར་ཎིའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་འགྱུར་རྗེད་དག་པ་མཐོང་བས་ཀུན་གྲོལ་ཞེས་བྱ་བ་ལས་མཚམས་སྦྱོར་ལྔའི་རྒྱ་ཆེར་བཤད་པ་ལ། 84

2པད་དཀར་འཛིན་པ་ངུར་བྱིག་གར་རོལ་ལྔ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་འཆང་བ་དྲུག་པར་འཕོས་པའི་གཏམ་ད་བའི་བཅུད་ལེན་ཡིད་ཀྱི་ཀུན་དགའ་ལ། 110

3དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་མཛད་པ་རྣམ་ཐར་དོན་བསྡུས་གྱུར་པ་དབྱངས་ཅན་འཕང་འགྲོའི་རྒྱུད་ལས་དྲངས་པ་རབ་སྙན་གཞན་གསོས་ཀྱི་གླུ་ལ། 194

00636བཅུ་པ།

1བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་ཉེར་གཅིག་པ་ལ། 43

2མཆོད་སྤྱིན་ནམ་མཁའ་མཛོད་ཀྱི་རྒྱུན་བཙུགས་པའི་ཚོགས་མཆོད་བཅའ་བསྒྲིགས་འབྱུང་ཁུངས་མདོ་རྒྱུད་ཤར་རི་ནས་དྲངས་པའི་བྱང་ཆེན་ཉི་མའི་དཀྱིལ་འཁོར་ལ། 99

3རྒྱལ་ཁབ་ཆེན་པོའི་དགའ་སྟོན་གྱི་དུས་དམ་པའི་ཆོས་ལས་བརྩམས་པའི་འབེལ་གཏམ་གྱི་ལྡེ་མིག་སྐལ་བཟང་མགྲིན་རྒྱན་ད་བར་ཀུན་དགའ་སྟེར་བའི་བདུད་རྩི་ལ། 46

4རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ནས་རྒྱུད་སྡེ་རྒྱ་མཚོར་སྔགས་རམ་མཛད་པའི་སྔོན་འགྲོ་སྒྲ་འཛིན་བུ་རམ་བློ་གསལ་ཡིད་གསོས་ལ། 45

5རྒྱལ་ཡུམ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་འགྲེས་རྐང་འཇམ་མགོན་ཙོང་ཁ་པའི་དགོངས་རྒྱན་བཀླགས་པས་ཀུན་ཤེས་ལ། 71

6འགྲོ་ཀུན་དད་པའི་ཞིང་སར་བདེན་དོན་ཆོས་ཆར་འབེབས་པའི་སྔོན་འགྲོའི་གཏམ་རྗེའི་རྔ་ཆེན་ལ། 201

637བཅུ་གཅིག

1ཐམས་ཅད་མཁྱེན་པ་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀུ་ལའི་

འཕྲོ་འཐུས་རབ་གསལ་གསེར་གྱི་སྙེ་མ་གླེགས་བམ་དང་པོ་ལ། 514

638བཅུ་གཉིས།

1དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་གླེགས་བམ་

གསུམ་པའི་འཕྲོས་བཞི་པ་ལ། 360

639བཅུ་གསུམ།

1དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་གླེགས་བམ་བཞི་པའི་འཕྲོས་ལྔ་པ་ལ། 385

00640བཅུ་བཞི།

1དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་གླེགས་བམ་ལྔ་པའི་འཕྲོས་དྲུག་པ་ལ། 383

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྐྱིད་ཤོད་བྱང་ཕྱོགས་ཉང་པྲན་དུ་རབ་བྱུང་བཅུ་གཅིག་ཆུ་སྤྲུལ་1653ལོ་ལ་འཁྲུངས། སྐུ་གཞོན་དུས་སྐུ་ཞང་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་དྲུང་དུ་ཡི་གེ་དང༌། ཆོས་སྤྱོད་སོགས་གསན། གཞན་ཡང་རིག་གནས། སྨན། རྩིས་སོགས་ལ་བརྩོན་པ་ཆེན་པོ་མཛད་དེ་མཁས་པའི་གྲགས་པ་ཐོབ། དགུང་ལོ་ཉེར་གཅིག་ལོ་བསྟན་བཅོས་བཻཌྰུརྱ་དཀར་པོ་བརྩམས། དགུང་ལོ་ཉེར་ལྔ་ལ་རྩིས་སྐོར་གཡའ་སེལ་བརྩམས། དགུང་ལོ་ཉེར་བདུན་ལ་སྡེ་སྲིད་ཀྱི་ལས་འགན་བཞེས། དགུང་ལོ་སུམ་ཅུ་ལ་ཕོ་བྲང་དམར་པོ་བཞེངས་འགོ་ཚུགས། རྒྱལ་བ་ལྔ་པའི་དགོངས་རྫོགས་ཆེད་ལ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་འགོ་ཚུགས། དགུང་ལོ་སོ་གཉིས་རྗེ་ལྡན་ཚོགས་མཆོད་ཆེན་མོ་དང༌། གྲྭ་ས་གསུམ་ལ་མང་ཇ་བསྟར་ཆགས་སུ་བཙུགས། བསྟན་བཅོས་བཻཌྰུརྱ་སེར་པོ་བརྩམས། དགུང་ལོ་ལྔ་བཅུ་ལ་སྡེ་སྲིད་ཟུར་བཞུགས་མཛད། སྨན་གཞུང་ཁོག་འབུག་བརྩམས། དགུང་ལོ་ང་གསུམ་སྟེ་ཤིང་བྱ་1705ལོ་ལ་རྗེ་བཟང་ཁང་གིས་དཀྲོངས། འདིར་གསུང་འབུམ་པོད་བཅུ་གཅིག་བཞུགས།

 

                            རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།