བ་སོ་ངག་དབང་དཀོན་མཆོག་ཉི་མའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-12-01 13:05:42     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

t01063f6636e562fcc8.jpg

བྲིས་པོད། ཤོག་གྲངས།

626

1སྙན་ངག་མེ་ལོང་ལེའུ་གཉིས་པའི་དཔེར་བརྗོད་ངོ་མཚར་སྙན་ཚིག་གཏམ་གྱི་འདབ་བརྒྱ་ལ། 58

2མཐུ་བཟློག་གསེར་གྱི་ལྡེ་མིག་ཏུ་གྲགས་པའི་ཟབ་ཆོས་ཀྱི་ངག་འདོན་ལ། 11

3རྒྱལ་བ་ཙོང་ཁ་པ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མེད་དུ་སྒྲུབ་པའི་ཐབས་ཀྱི་གསལ་བྱེད་ཕན་བདེ་མཆོག་སྩོལ་ལ། 4

4གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་ངག་འདོན་ལ། 4

5གྲུབ་པའི་དབང་ཕྱུག་ཚེམ་བུ་ཞབས་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཟིན་བྲིས་རིན་ཆེན་དོ་ཤལ་ལ། 25

6བྱིན་རླབས་གཏེར་མཛོད་རྩ་བརྒྱུད་བླ་མ་ལ། 5

7ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྒྲུབ་ཐབས་རྒྱུན་ཁྱེར་ལ། 4

8ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་རྒྱུན་ཁྱེར་ཉམས་ལེན་བདེ་འཇུག་ལ། 4

9སྒར་གྱི་བཅའ་ཐོ་འདོད་འཇོའི་བུམ་བཟང་ལ། 27

10མཁས་པ་དང་གྲུབ་པའི་དབང་ཕྱུག་དམ་པ་ངག་དབང་དཀོན་མཆོག་ཉི་མའི་གསུང་ཐོར་བུ་ལ། 36

11མེ་སྦྲུལ་ལོ་གདན་ས་བཀྲ་ཤིས་རབ་བརྟན་ནས་ངག་དབང་བཀྲ་ཤིས་ཅན་བརྟན་བཞུགས་ཕུལ་བར་བཏང་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་ཕུལ་བའི་ཞུ་ཡིག་སྐལ་བཟང་ཕན་བདེ་ལ། 10

12ཚེ་དཔག་མེད་ཀྱི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་ལ། 4

13རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མས་མཛད་པའི་རབ་གནས་སྟབས་བདེ་བྱེད་ཚུལ་ལ། 7

14རིགས་ཀྱི་བདག་པོ་ངེས་པ་ལྔ་ལྡན་ལ། 3

15ཕུན་ཚོགས་དམ་འདྲེན་རྒྱ་མཚོ་ཀློང་ཡེངས་ལ། 2

16ཆོས་ཀྱོང་དང་གཞི་བདག་གི་གཏོར་འབུལ་ཕྱོགས་གཅིག་ཏུ་བསྡུས་པ་ལ། 2

16ཆོས་སྐྱོང་དང་གཞི་བདག་གི་གཏོར་འབུལ་ཕྱོགས་གཅིག་ཏུ་བསྡུས་པ་ལ། 2

17བི་ཤྭ་ཀརྨའི་རྗེས་སུ་འཇུག་པ་ལ། 16

18ཁྱེན་བརྩེནུས་པའི་དབང་ཕྱུག་རྗེ་བཙུན་སྤྲུལ་སྐུ་རིན་པོ་ཆེ་ངག་དབང་དཀོན་མཆོག་ཉི་མའི་རྣམ་ཐར་རགས་རིམ་ཙམ་ཟིན་བྲིས་སུ་བཀོད་པ་དཔྱོད་ལྡན་སྙིང་གི་ཐིག་ལེ་ལ། 209

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །བ་སོ་ངག་དབང་དཀོན་མཆོག་ཉི་མ་ནི་མདོ་སྨད་འབའ་ལི་ཐང་ཆབ་དཀར་གྱི་མདོ་ཞེས་བྱ་བར་ཡབ་ཨ་སྙེ་དང༌། ཡུམ་ཚ་དབང་མཚ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་ཆུསྦྲུལ་1653ལ་འཁྲུངས། དགུང་ལོ་ལྔ་ལ་སྤྲུལ་སྐུ་ངོས་འཛན་ཞུས། དགུང་ལོ་བཅུ་གཅིག་ལ་རྒྱལ་བ་ལྔ་པ་བློ་བཟང་རྒྱ་མཚའི་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་དཀོན་མཆོག་བསྟན་པའི་ཉི་མ་ཞེས་གསོལ། དགུང་ལོ་བཅུ་གཉིས་ལ་གདན་སར་ཆོས་ཞུགས་མཛད། དགུང་ལོ་བཅོ་ལྔ་ལ་ས་སྨད་ཁུལ་དུ་འབུལ་སྡུད་ལ་ཕེབས། དགུང་ལོ་བཅུདྲུག་ལ་རྒྱལ་བའི་བཀའ་བཞིན་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། འཇམ་དབྱངས་ལྷུན་གྲུབ་ཡོངས་འཛན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། དགུང་ལོ་བཅུ་དགུ་ལ་ཕར་ཕྱིན་ཚགས་ལངས་མཛད། དེ་ནས་དགུང་ལོ་ཉི་ཤུརྩ་གཅིག་པར་སྟག་ཚང་ར་བ་སྟོད་དུ་ཚད་མའི་ཐུགས་གཉེར་ལ་བཞུགས། དགུང་ལོ་ཉེར་གཉིས་ལ་རྗེལྡན་སྨོན་ལམ་ཆེན་མོར་ཀ་བཅུའི་གྲྭསྐོར་མཛད། འདར་པ་ལོ་ཙྰ་བ་ངག་དབང་ཕུན་ཚགས་དྲུང་ནས་རྩིས་དང༌། སྒྲ་རིག་པ་སོགས་གསན་བཞེས་མཛད། དགུང་ལོ་ཉེར་བཞི་ལ་རྒྱལ་བ་ལྔ་པའི་དྲུང་དུ་བསྙེན་རྫོགས་བསྒྲུབས། སེ་རར་ཁྱུག་ཙམ་བཞུགས། དེའི་ལོ་སྨད་དུ་ཁམས་ཕྱོགས་སུ་ཆིབས་བསྐྱོད་མཛད། ནགས་ཤོད། ཤོ་མདོ། རྫི་ཐོ་སོགས་དགོན་ཁག་ལ་གནས་མཇལ་དང༌། སྐྱེ་འགྲོ་མང་པོར་ཆོས་འཁོར་བསྐོར། དཔའ་ཤོད་བརྒྱུད་ཆབ་མདོ་བྱམས་པ་གླིང་དགོན་དུ་ཕེབས། དགུང་ལོ་ཉེར་དྲུག་ལ་དབུས་སུ་ཕེབས། རྡོརྗེ་འཆང་འཇམ་དབྱངས་གྲགས་པ་དང༌། ངག་དབང་བློ་གྲོས་སོགས་ཀྱི་དྲུང་ནས་དུས་དགྲའི་དབང་པོའི་འཁྲུལ་འཁོར། རྟ་མགྲིན་སྒྲུབ་ཐབས་བརྒྱ་རྩ་སོགས་ཀྱི་དབང་ལུང་གསན། དགུང་ལོ་ཉེར་བདུན་ལ་སེ་ར་ཐེག་ཆེན་གླིང་དུ་ཕེབས། དགུང་ལོ་ཉེར་བརྒྱད་ལོ་རྒྱལ་བ་ལྔ་པ་དང་ལྷནདུ་འབྲས་སྤུངས་ཀུན་དགའ་ར་བའི་བཞུགས་གྲལ་ཆེན་མོའི་སར་སེ་འབྲས་དགེ་བཤེས་ཆེན་པོ་བདུན་གྱིས་དུས་གཅིག་ཏུ་བགྲོ་གླེང་ཕུལ་བས་སོ་སོར་ཐོགས་མེད་ཀྱི་ལན་གནང་ནས་ཕ་རོལ་ཕམ་པར་མཛད། གོང་ས་མཆོག་ནས་བསྔགས་བརྗོད་ཐོབ། དགུང་ལོ་སུམ་ཅུ་ལ་མདོ་སྔགས་དར་རྒྱས་གླིང་དུཕྱིར་ཕེབས། དགུང་ལོ་སོ་གཅིག་ལོ་མདོ་སྨད་སོག་ཡུལ་སོགས་ལ་ཕེབས་ནས་འགྲོ་དོན་བསྐྱངས། དགུང་ལོ་བཞི་བཅུ་ལོ་དབུས་སུ་ཕེབས་ནས་གོང་ས་མཆོག་སྤྲུལ་རིན་པོ་ཆེ་དང༌། སྡེ་སྲིད་སོགས་མཇལ། ཞོ་སྟོན་གྱི་ཞོར་ལ་པྲོ་པ་གཞས་མང་ཨ་ལྕེ་རྗེ་མོ་སོགས་སྒྱུརྩོལ་གཟིགས་མོ་འབུལ་མི་ཁག་ལྔ་བཅུ་ཙམ་ལ་གནང་སྤྱིན་རྒྱ་ཆེ་སྩལ། དགུང་ལོ་བཞི་བཅུ་ཞེ་གཉིས་ལ་བཟུགས་གནས་དགའ་ལྡན་རྣམ་རྒྱལ་གསར་བསྐྲུན་མཛད། དགུང་ལོ་ང་ལྔསྟེ་མེ་ཕག1707ལོ་ལ་གཤེགས། འདིར་གསུང་འབུམ་པོད་གཅིག་བཞུགས།

                                                     རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།