འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 13:00:03     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

པར་པོད། ཤོག་གྲངས།

607

1རྗེ་བཙུན་འཇམ་དབྱངས་བཞད་པའི་རྣམ་ཐར་བཀའ་རྩོམ་ཚིགས་བཅད་མ་ལ། 7

2ཀུན་མཁྱེན་བླ་མའི་རྣམ་ཐར་དང་བྱ་ཀ་ལན་ཏ་ལའི་དྲིས་ལན་ལ། 4

3རྗེའི་མནལ་ལམ་གྱི་མཆན་འགྲེལ་རྡོ་རྗེའི་ཚིག་འགྲེལ་ལ། 3

4ཆོས་སྡེ་ཆེན་པོ་དགའ་ལྡན་གྱི་དཀར་ཆག་ལ། 14

5བསྟན་པའི་གསལ་བྱེད་ཆེན་པོ་བོད་དུ་རིམ་གྱིས་བྱུང་བའི་ལོ་ཚིགས་རེའུ་མིག་ཏུ་བཀོད་པའི་ལུང་ཚེགས་ཆུང་རྟོགས་བྱེད་གསེར་གྱི་ཉི་མའི་འོད་ཟེར་ལ། 11

6བསྟན་རྩིས་རེའུ་མིག་ལ། 26

7བླ་མ་རྣམས་ལ་གསོལ་བ་འདེབས་ཚུལ་གྱི་སྐོར་ལ། 23

8སངས་རྒྱས་བྱང་སེམས་ཡིད་མ་ཆོས་སྲུང་གི་བསྟོད་ཚོགས་ལ། 20

9གྲུབ་མཐའི་རྣམ་པར་གཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ལ། 27

10ཆབ་ཤོག་སྙན་དངགས་ཀྱི་སྐོར་ལ། 10

11སྙན་དངགས་ཀྱི་ཚིགས་བཅད་འགའ་ཞིག་ལ། 3

12སྙན་དངགས་གསལ་བར་བྱེད་པའི་བསྟན་བཅོས་ཞལ་ལུང་ཉི་མ་འབུམ་གྱི་འོད་ཟེར་ཅན་ལ། 30

13འཕྲིན་ཡིག་རྣམ་གཞག་བློ་གསལ་དམ་རྒྱན་སིནྡྡུ་རའི་ཕྲེང་མཛེས་ལ། 34

14གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་ལ། 3

15རབ་གནས་ཀྱི་ཆོ་ག་བཀླགས་པས་དོན་གྲུབ་དགེ་ལེགས་ཀྱི་གཏེར་ཆེན་བཀྲ་ཤིས་རབ་རྒྱས་ལ། 24

16རག་གནས་བཀྲ་ཤིས་སྙེ་མའི་ཟུར་རྒྱན་དགོས་འདོད་ཀུན་སྟེར་ལ། 9

17མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས་ལ། 7

18ས་ཆོག་ལ། 13

19ཀླུ་དབང་རྒྱལ་པོའི་བཀྲུ་བྱ་བས་བསྲུང་གསུམ་ལ། 7

20ཀླུ་དབང་གིབ་སྟོད་པ་ལ། 2

21གཟུངས་འཇུག་འཁྲུལ་སྤོང་ཉིན་མོར་བྱེད་པའི་སྙིང་པོ་ལ། 11

22གཟུངས་འབུལ་གྱི་ལྷན་ཐབས་གནོད་སྤྱིན་དང་ཚོགས་བདག་གི་འཁོར་ལོའི་སྒྲུབ་ཐབས་ལ། 7

23ལེགས་སྦྱ་གཅེས་པའི་གནད་བསྡུས་མགྲིན་པའི་ལྕགས་སྒྲོག་རང་གྲོལ་ལ། 8

24སྡེབ་སྦྱོར་གྱི་རྣམ་གཞག་ཉུང་ངུ་ལིང་ཚེ་དང་བཅས་པ་ལ། 2

25མཉམ་པའི་སྡེབ་སྦྱོར་གྱི་མཚན་ཉིད་ཉུང་ངུ་དམ་གསལ་དབྱངས་ཅན་གྱི་མགུལ་རྒྱན་ལ། 5

26ཀ་ལྰ་པའི་ཊིག་ཆེན་ནག་པོ་འགྲོ་ཤེས་ལ། 82

27ལོ་ཆེན་བློ་བཟང་འོད་ཟེར་གྱི་དྲིས་ལན་ལ། 3

28སྒྲ་མདོ་ཆེན་མོ་བཞི་ལས་བརྩམས་པའི་དཀའ་གནད་ཀྱི་དོགས་གཅོད་འཇམ་དབྱངས་དགྱེས་པའི་རོལ་མོ་ལ། 3

29རྟགས་གསུམ་གྱི་དབྱེ་བ་མདོར་བསྡུས་བློ་གསལ་འཇུག་ངོགས་སྒྲ་རིག་མཛེས་རྒྱན་ལ། 5

30བསྔོ་བ་སྨོན་ལམ་གྱི་སྐོར་ལ། 8

609ཁ་

1བླ་མའི་རྣལ་འབྱོར་དགའ་ལྡན་རྗེ་བརྒྱ་མ་དང་འབྲེལ་བའི་དམར་ཁྲིད་ཞལ་ཤེས་དང་བཅས་ལ། 6

2རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་ཁྲིད་ཀྱི་ཟིན་བྲིས་རིག་འཛིན་ཡོངས་ཀྱི་གཞུང་ལམ་ལ། 55

3དཔལ་གསང་བ་འདུས་པའི་རྫོགས་རིམ་ཉམས་སུ་ལེན་ཚུལ་ལ། 14

4དཔལ་གསང་བ་འདུས་པའི་རྫོགས་རིམ་དམར་ཁྲིད་ཀྱི་སྔོན་འགྲོ་དངོས་གཞིའི་དམིགས་པ་དང་བཅས་པ་བླ་མའི་གསུང་རྒྱུན་བཀོད་པ་ལ། 15

5དཔལ་གསང་བ་འདུས་པའི་ཟབ་ལམ་རིམ་པ་ལྔའི་དམར་ཁྲིད་ཉམས་སུ་ལེན་ཚུལ་ཁྱེར་བདེ་ལ། 13

6ཐོག་མཐའ་བར་དུ་དགེ་བའི་དཔལ་གསང་བ་འདུས་པའི་བསྙེན་ཡིག་ཟུང་འཇུག་ཆར་འབེབས་དངོས་གྲུབ་ཀྱི་རྒྱ་མཚོ་རྫོགས་ལྡན་སྤྲིན་འཕྲོ་སྐལ་བཟང་རེ་བ་ཀུན་སྐོང་ལ། 40

7གསང་འདུས་ནས་བཤད་པའི་གྲུབ་ཆེན་སོ་སོའི་ལུགས་ཀྱི་མན་8ཟིན་བྲིས་འགའ་ཞིག་ལ། 11

9བདེ་མཆོག་བསྐྱེད་རིམ་གྱི་བཤད་པའི་ཟིན་བྲིས་ལ། 11

10དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་དང་པོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པ་རྒྱལ་བ་གཉིས་པའི་ཞལ་ལུང་གྲུབ་པའི་དབང་ཕྱུག་ཀུན་གྱི་གཞུང་ལམ་སྐལ་བཟང་འཇུག་ངོགས་ལ། 53

11དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞི་རིམ་གྱི་གཅེས་པ་དྲུག་གི་དམར་ཁྲིད་རྒྱུད་དང་གྲུབ་ཆེན་གྱི་དགོངས་རྒྱན་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་སྐུ་གསུམ་གྱི་ཆར་འབེབས་ལ། 34

12རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་མངོན་རྟོགས་ཡིད་ལ་ཤར་སྒོམ་བྱེད་ཚུལ་གྱི་དམར་ཁྲིད་དངོས་གྲུབ་ཀྱི་འབྱུང་གནས་ལ། 5

13དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད་རྟོགས་པ་བདུན་པའི་རྣམ་བཤད་སྐལ་བཟང་འཇུག་ངོགས་དངོས་གྲུབ་རྒྱ་མཚོ་ལ། 21

14འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་ལས་བསྙེན་པའི་ཡི་གེ་སྐལ་ལྡན་འཇུག་ངོགས་ལ། 22

15འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་ལ། 8

16འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་རྣམ་བཤད་སྐལ་བཟང་འཇུག་ངོགས་འདོད་པ་ཀུན་སྟེར་ཙིནྡམ་ཎིའི་ཕྲེང་མཛེས་ལ། 29

17ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་རྡོ་རྗེའི་ཚིག་སྦྲམ་གྱི་རྣམ་བཤད་འཇམ་དབྱངས་ཞི་ཁྲོའི་གསང་འཛོད་གྲུབ་མཆོག་སྒོ་བརྒྱ་འབྱེད་པ་སྐལ་ལྡན་རེ་བ་ཀུན་སྐོང་ལ། 20

18འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པའི་རྡོ་རྗེའི་ཚིག་སྦྲམ་གྱི་གསང་མཛོད་གྲུབ་མཆོག་སྒོ་བརྒྱ་འབྱེད་པའི་སྐལ་ལྡན་རེ་བ་ཀུན་སྐོང་ལ། 7

19ཁྱ་དགེ་བློ་གྲོས་རྒྱ་མཚོའི་དྲིས་ལན་ལ། 2

20འཕོ་བ་གྲོང་འཇུག་ཆུ་ཚོད་སོགས་ཀྱི་རྣམ་གཞག་ཕྱག་རྒྱའི་མཚན་ཉིད་བརྟེན་ཐབས་དམས་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བསྡུས་པའི་བརྗེད་བྱང་རིག་འཛིན་གན་མཛོད་ལ། 9

609ག་

1ཆོས་འཁོར་གྱི་རྣམ་གཞག་ཟུར་དུ་བཀོད་པ་ལ། 9

2བླ་མ་མཆོད་པའི་ཆོ་གའི་མཆན་འགྲེལ་ཟུང་འཇུག་འདྲེན་པའི་ཤིང་རྟ་ལ། 23

3བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་འཇམ་དཔལ་ཞལ་ལུང་གི་སྙིང་པོ་བསྡུས་པའི་ཉམས་སུ་ལེན་ཚུལ་ཁྱེར་བདེ་བླ་མའི་གསུང་རྒྱུན་ལ། 51

4ལམ་རིམ་ཆེ་ཆུང་གི་དྲིས་ལན་ནོར་བུའི་ཕྲེང་བ་ལ། 24

5འཇུག་སྒོ་གསུམ་གྱི་ཁྲིད་ཡིག་གཞན་ཕན་ནོར་བུའི་ཕྲེང་མཛེས་ལ། 8

6དབང་གི་རྣམ་བཤད་ཟབ་དོན་གསལ་བའི་སྒོ་འབྱེད་གསང་བའི་མཛོད་ཀྱི་ལྡེ་མིག་གི་བརྗེད་བྱང་བཀོད་པ་ལ། 14

7དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལྷན་ཐབས་འཇམ་དཔལ་ཞི་ཁྲོའི་ཞལ་ལུང་དངོས་གྲུབ་སྣང་བའི་གཏེར་ཆེན་ལ། 10

8དེ་ཉིད་ཞེ་དགུའི་ཆིངས་རྣལ་འབྱོར་དག་རིམ་དཔེ་རྙིང་ལྟར་དང་མཁས་གྲུབ་ནོར་བཟང་གིས་མཛད་པ་ལྟར་དང་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་རྒྱུད་ཕྱི་མའི་འགྲེལ་པ་ན་རོ་བའི་གསུང་ལྟར་ལ། 39བ་རི་བརྒྱ་རྩའི་རྗེས་གནང་གི་ལྷན་ཐབས་དངོས་གྲུབ་རིན་ཆེན་འདྲེན་པའི་གྲུ་ཆེན་བཀླགས་པས་དོན་གྲུབ་ལ། 36

10ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་སྣར་ཐང་བརྒྱ་རྩའི་རྗེས་གནང་སྩལ་ཚེ་གསུང་བཤད་གནང་བ་ཟིན་བྲིས་བྱས་པ་ལ། 5

11རྒྱལ་པོ་ཆེན་པོ་དམ་ཐོས་སྲས་གཅིག་ལྷག་ལྔ་ཕྲག་གསུམ་གྱི་ཆོག་སྒྲིག་དཔག་བསམ་ལྗོན་པའི་ཕྲེང་མཛེས་ལ། 53

12སྒྲུབ་ཐབས་རྒྱ་མཚོའི་མངོན་རྟོགས་དང་རྗེས་གནང་གི་ཆོག་བསྒྲིགས་དཔག་བསམ་ལྗོན་པ་ལ། 19

13ཉམས་ལེན་གནད་ཀྱི་དྲིས་ལན་གྲུབ་པའི་མཛེས་རྒྱན་ལ། 6

14རྒྱལ་དབང་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོས་འཇམ་དབྱངས་བཞད་པའི་རྡོ་རྗེར་དྲི་བར་གནང་བའི་བཀའ་ལན་ཙིནྡ་མ་ཎིའི་ཕྲེང་བ་ལ། 8

15རྗེ་རེད་མདའ་བའི་དྲིས་ལན་གྱི་ཊིཀ་རྩོམ་འཕྲོ་ལ། 15

16དྲིས་ལན་ཙིནྡ་མ་ཎིའི་ཕྲེང་བ་ལ། 10

17འཕོ་བའི་བཤད་པ་སོགས་ལ། 7

18ཁ་དོག་དཀར་དམར་ལ། 56

19བསྡུས་གྲྭའི་རྣམ་གཞག་ལེགས་པར་བཤད་པ་ལ། 28

20ཐལ་འགྱུར་ཆེ་བའི་རྣམ་གཞག་མདོར་བསྡུས་ལ། 10

21རྣམ་འགྲེལ་ལེའུ་གཉིས་པའི་ཚད་མའི་དཀའ་གནད་ཀྱི་ཟུར་བཀོལ་མདོར་བསྡུས་ལ། 6

22མཐའ་བྲལ་གྲུབ་པའི་གཏེར་མཛོད་འཇམ་དབྱངས་བཞད་པའི་གསུང་རྒྱུན་འཁྲུལ་མེད་ལ། 9

23འགྲེལ་རྐང་བརྒྱ་རྩ་བརྒྱད་ཀྱི་འདྲེན་ཚུལ་ལ། 4

24གྲངས་འདྲེན་འགའ་ཞིག་ལ། 6

610ང་

1རྗེ་འཇམ་དབྱངས་བཞད་པའི་གསན་ཡིག་ཐོར་བུ་ཕྱོགས་བསྒྲིགས་ལས་ཚན་པ་དང་པོ་ལ། 62

2རྗེ་དེ་ཉིད་ཀྱི་གསན་ཡིག་ལས་བཀའ་འགྱུར་གྱི་མདོ་ཕྱོགས་སྐོར་གསན་ཚུན་ཏེ་ཚན་པ་གཉིས་པ་ལ། 34

184

3རྗེ་དེ་ཉིད་ཀྱི་ཐོབ་ཡིག་བསྟན་པའི་རྒྱ་མཚོ་མཁས་པའི་འཇུག་ངོགས་ལས་གསང་སྔགས་ཀྱི་འབྱུང་གནས་རྒྱུད་སྡེ་རིན་པོ་ཆེ་དམས་ཐོབ་ཚུལ་ཏེ་རིམ་པ་གསུམ་པ་ལ། 46

4རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་ངང་གསུམ་པ་ཙིནྡ་མ་ཎིའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ལ། 26

5རྗེ་དེ་ཉིད་ཀྱིས་མཛད་པའི་ལམ་རིམ་གྱི་ཊིཀ་ལུང་རིགས་གཏེར་མཛོད་རྩོམ་འཕྲོ་ཅན་ལ། 71

6རྗེ་དེ་ཉིད་ཀྱི་གསུང་འབུམ་ཐོར་བུ་ཁྲིགས་ཆགས་སུ་བསྡེབས་པ་ལས་སྣ་ཚོགས་ཀྱི་སྐོར་ལ། 16

7ཞལ་གདམས་མགུར་མའི་སྐོར་ལ། 13

8སོ་ཐར་གྱི་སྡོམ་པའི་དོགས་གཅོད་ལ། 7

9གཏོར་མའི་རྣམ་བཤད་རྒྱལ་བའི་བདེ་ལམ་གཞུང་དོན་རབ་གསལ་ལ། 35

10ཆུ་གཏོར་དངོས་གྲུབ་ཀུན་འབྱུང་ལ། 4

11དར་པཎ་དརྤཎ་ཨ་ཙརྱས་མཛད་པའི་གཤིན་རྗེ་གཤེད་དམར་པོའི་འཚ་བའི་དེ་ཁོ་ན་ཉིད་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པས་མཆན་འགོད་གནང་བ་ལ། 5

12དོ་ཧ་མཛད་ཀྱི་མཆན་འགྲེལ་ལ། 14

13རབ་གནས་ཀྱི་བཤད་པ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོརྗེས་མཛད་པར་གྲགས་པ་ལ། 7

14ཡི་དམ་སྒྲུབ་ཐབས་སྐོར་གྱི་རིམ་པ་ལ། 87

15སྟན་སྲུང་རྣམས་ཀྱི་གསོལ་མཆོད་སྐོར་ལ། 22

16དཔལ་ཕྱག་ན་རྡོརྗེ་འཁོར་ལོ་ཆེན་པོའི་སྨོན་ལམ་ཤིས་བརྗོད་དང་བཅས་པ་བདུད་ལས་རྒྱལ་བའི་བཞད་སྒྲ་གསང་བའི་གནད་ཀུན་གསལ་བ་ལ། 4

611ཅ་

1དཔལ་རྡོརྗེ་འཇིགས་བྱེད་ཀྱི་ཆོས་འབྱུང་ཁམས་གསུམ་རྣམ་པརརྒྱལ་བ་དངོས་གྲུབ་ཀུན་འབྱུང་ལ། 417

612ཆ་

1དུལ་བའི་དཀའ་གནད་རྣམ་པར་དཔྱད་པ་འཁྲུལ་སྤོང་བློ་གསལ་མགུལ་རྒྱན་ཙིནྡ་མ་ཎིའི་ཕྲེང་མཛས་སྐལ་བཟང་རེ་བ་ཀུན་སྐོང་ལས་གཞི་སྟོད་སྐོར་ལ། 316

2དུལ་བའི་དཀའ་གནད་རྣམ་པར་དཔྱད་པ་འཁྲུལ་སྤོང་བློ་གསལ་མགུལ་རྒྱན་ཙིནྡ་མ་ཎིའི་ཕྲེང་མཛས་སྐལ་བཟང་རེ་བ་ཀུན་སྐོང་ལས་གཞི་སྨད་སྐོར་ལ། 158

612ཇ་

1སྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཐའ་དཔྱོད་ཤེས་རབ་ཀྱི་ཕ་རོལ་ཏུཕྱིན་པའི་དོན་ཀུན་གསལ་བའི་རིན་ཆེན་སྒྲོན་མེ་ལ། 290

2ཤེས་རབ་ཀྱི་ཕ་རོལ་ཏུཕྱིན་པའི་མཐའ་དཔྱོད་ནོར་བུའི་ཕྲེང་མཛས་མཁས་པའི་མགུལ་རྒྱན་ལས་སྐབས་གཉིས་པ་ལ། 43

3ཤེས་རབ་ཀྱི་ཕ་རོལ་ཏུཕྱིན་པའི་མཐའ་དཔྱོད་ནོར་བུའི་ཕྲེང་མཛས་མཁས་པའི་མགུལ་རྒྱན་ལས་སྐབས་གསུམ་པ་ལ། 24

614ཉ་

1ཤེས་རབ་ཀྱི་ཕ་རོལ་ཏུཕྱིན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒའི་ཆུརྒྱུན་མི་ཕམ་ཞལ་ལུང་ལས་སྐབས་བཞི་པའི་མཐའ་དཔྱོད་ལ། 113

2ཤེས་རབ་ཀྱི་ཕ་རོལ་ཏུཕྱིན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒའི་ཆུརྒྱུན་མི་ཕམ་ཞལ་ལུང་ལས་སྐབས་ལྔ་པའི་མཐའ་དཔྱོད་ལ། 38

3སྐབས་དྲུག་པའི་མཐའ་དཔྱོད་མི་ཕམ་ཞལ་ལུང་ལ། 6

4སྐབས་བདུན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒའི་ཆུརྒྱུན་མི་ཕམ་ཞལ་ལུང་ལ། 9

5སྐབས་བརྒྱད་པའི་མཐའ་དཔྱོད་འཁྲུལ་སེལ་གངྒའི་ཆུརྒྱུན་མི་ཕམ་ཞལ་ལུང་ལ། 102

6ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུ་ལ། 68

615ཏ་

1བུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས་ལ། 442

616ཐ་

1དམ་ཆོས་མངོན་པ་མཛད་ཀྱི་དགོངས་འགྲེལ་བསྟན་བཅོས་ཐུབ་བསྟན་ནོར་བུའི་གཏེར་མཛད་དུས་གསུམ་རྒྱལ་བའི་བཞེད་དོན་ཀུན་གསལ་ཞེས་བྱ་བ་ལས་གནས་དང་པོའི་ཚག་དོན་མཐའ་དཔྱོད་དང་བཅས་པ་ལ། 107

2དུས་གསུམ་རྒྱལ་བའི་བཞེད་དོན་ཀུན་གསལ་ལས་གནས་གཉིས་པ་ལ། 102

3གནས་གསུམ་པ་ལ། 131

4གནས་བཞི་པ་ལ། 127

5གནས་ལྔ་པ་ལ། 61

6གནས་དྲུག་པ་ལ། 61

7གནས་བདུན་པ་ལ། 42

8གནས་བརྒྱད་པ་ལ། 45

617ད་

1དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་མཐའ་དཔྱོད་འཁྲུལ་བྲལལུང་རིགས་བཻཌྰུརྱ་དཀར་པོའི་གན་མཛད་སྐལ་བཟང་རེ་བ་ཀུན་སྐོང་ལ། 143

2དྲང་ངེས་མ་འབྱེད་ཀྱི་ཟིན་བྲིས་ལ། 22

3རྟེན་འབྲེལ་གྱི་མཐའ་དཔྱོད་ལུང་རིགས་གཏེར་མཛད་བློ་གསལ་དགའ་བ་བསྐྱེད་པའི་ཕྲེང་མཛས་ལ། 58

4ཟབ་མོ་རྟེན་ཅིང་འབྲེལ་བར་བྱུང་བའི་མཐའ་དཔྱོད་རྗེ་བླ་མ་འཇམ་དབྱངས་བཞད་པའི་རྡོརྗེའི་གསུང་རྒྱུན་དྲི་མ་མེད་པ་ལ། 17

5ག་གསལ་སྟོང་མཐུན་གྱི་ཚད་མའི་རྣམ་བཤད་ཟབ་རྒྱས་ཀུན་གསལ་ཚད་མའི་འོད་བརྒྱ་འབར་བ་སྐལ་བཟང་གི་མུན་སེལ་ལ། 69

6དུལ་བའི་སྤྱི་བསྟན་ལ། 20

7བདེན་བཞིའི་རྣམ་བཤད་ལ། 16

618ན་

1བསམ་གཟུགས་ཀྱི་སྙོམས་འཇུག་རྣམས་ཀྱིརྣམ་པར་གཞག་པའི་བསྟན་བཅོས་ཐུབ་བསྟན་མཛས་རྒྱན་ལུང་རིགས་རྒྱ་མཚསྐལ་བཟང་དགའ་བྱེད་ལ། 264

2སུམ་གཟུགས་ཀྱི་འབེལ་གཏམ་ཙིནྡམ་ཎིའི་ཕྲེང་མཛས་ལ། 28

3ཐོས་བསམ་སྒོམ་གསུམ་ལ། 19

4དྲང་ངེས་མ་འབྱེད་ཀྱི་མཐའ་དཔྱོད་མདོར་བསྡུས་བློ་གསལ་མགྲིན་རྒྱན་ལ། 42

619པ་

1ཚད་མ་རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་ལས་ལེའུ་དང་པོའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་ལ། 306

2ཚད་མའི་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་སྒོ་བརྒྱ་འབར་བ་ལས་ལེའུ་གཉིས་པའི་མཐའ་དཔྱོད་ལ། 113

3རྣམ་འགྲེལ་ལེའུ་གསུམ་པ་ལ། 17

620ཕ་

1གྲུབ་པའི་མཐའ་རྣམ་པར་གཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ལ། 16

2གྲུབ་མཐའི་རྣམ་བཤད་རང་གཞན་གྲུབ་མཐའ་ཀུན་དང་ཟབ་དོན་མཆོག་ཏུ་གསལ་བ་ཀུན་བཟང་ཞིང་གི་ཉི་མ་ལུང་རིགས་རྒྱ་མཚསྐྱེ་རྒུའི་རེ་བ་ཀུན་སྐོང་ལ། 290

3དེའི་སྨད་ཆ་ལ། 240

621བ་

1བླ་མའི་རྣལ་འབྱོར་ཙིནྡ་མ་ཎིའི་ཕྲེང་མཛས་ཀྱི་ཡང་སྙིང་ལ། 16

2གསང་མ་འོག་མིན་མ་ལ། 5

3གསང་མ་རྩ་བའི་མཆན་འགྲེལ་ལ། 4

4སྐྱེས་རབས་རྣམ་ཐར་གསོལ་འདེབས་ལ། 5

5རྒྱུད་ཆེན་གྱི་བསྟོད་པ་རིག་འཛན་གྲུབ་པའི་སྒྲ་དབྱངས་ལ། 5

6དུལ་བའི་ལས་ཆོག་ལ། 20

7དོན་བདུན་ཅུ་ལ། 32

8བློ་རིག་ལ། 39

9རྟགས་རིགས་ལ། 63

10སྡུས་གྲྭའི་མཐའ་དཔྱོད་ཆེན་མོ་ལ། 56

11སྡུས་སྦྱོརགྱི་རྩ་ཚིག་ལ། 11

12ངག་སྒྲོན་མཆན་འགྲེལ་ལ། 42

13མངོན་བརྗོད་འཆི་མེད་མཛད་ལ། 113

14བཅའ་ཡིག་ལ། 4

188

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ནི་འཁྲུངས་ཡུལ་མདོ་སྨད་ཀྱི་གནས་ཆེན་བྲག་དཀར་རྒྱན་ཀྱའི་རིང་ཞེས་པ་རུས་ཆེན་བཞིའི་ནང་ཚན་ལྡོང་ཤུལ་གྱི་རིགས་སུ་ཡབ་འབུམ་རྒྱལ་དང༌། ཡུམ་ཐར་མེ་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་བྱི་1648ལོར་འཁྲུངས། དགུང་ལོ་ལྔ་པར་རྒྱལ་དབང་ལྔ་པ་ཆེན་པོ་མཚ་ཁར་མཇལ། དགུང་ལོ་བདུན་ཐོག་རྗེ་ཉིད་ཀྱི་ཨ་ཁུ་དགེ་སློང་བསོད་ལྷུན་ནས་ཡི་གེའི་ཕྱི་མོ་ཀ་ཁ་བསླབས་པས་ཉིན་མོ་དེ་རང་ལ་མཁྱེན་ཅིང༌། རིང་པོ་མི་ཐོགས་པར་ཡི་གེ་འབྲིཀློག་ཀུན་ལ་བྱང་བར་གྱུར། དགུང་ལོ་བཅུ་གསུམ་ཐོག་འདུལ་འཛན་ཡེ་ཤེས་རྒྱ་མཚའི་ས་ནས་རབ་བྱུང་སྡོམ་པ་བཞེས། མཚན་བློ་བཟང་རྒྱལ་མཚན་ཞེས་བཏགས། དགུང་ལོ་ཉེར་གཅིག་ལ་དབུས་སུབྱོན་ནས་འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་གསར་ཞུགས་ཀྱིས་ལྕང་སྐྱ་ཞབས་དྲུང་ངག་དབང་ཆོས་ལྡན་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉི་ཤུརྩ་ངའི་ཐོག་དཀའ་བཅུའི་མཚན་བཏགས་མཛད། དགུང་ལོ་ཉེར་བདུན་ཐོག་གོང་ས་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚའི་ཞལ་སྔ་ནས་ཕོ་བྲང་པོ་ཏ་ལར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ངག་དབང་བརྩོན་འགྲུས་ཞེས་སྩལ། དགུང་ལོ་ཉེར་དགུར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུཞུགས། དགུང་ལོ་སོ་གཉིས་ནས་དགེ་འཕེལ་རི་ཁྲོད་དུ་བཞུགས། སྒོ་མང་གི་ཡིག་ཆ་ཕལ་ཆེར་དང༌། སྙན་ངག་བསྟན་བཅོས་དབྱངས་ཅན་ཞལ་ལུང༌། འཇིགས་བྱེད་ཆོས་འབྱུང་སོགས་སྔརྟིང་དུ་བརྩམས། དགུང་ལོ་ང་གསུམ་ཐོག་རྒྱལ་བ་ཚངས་དབྱངས་ཀྱི་བཀའ་བཞིན་འབྲས་སྒོ་མང་གི་མཁན་པོར་ཕེབས། དགུང་ལོ་རེ་གཉིས་ལ་ཨི་ཏི་ཇུ་ནང་གི་གདན་ཞུས་ལྟར་མདོ་སྨད་དུ་ཕེབས། དགུང་ལོ་རེ་གསུམ་ལ་བཀྲ་ཤིས་འཁྱིལ་གྱི་དགོན་པ་ཕྱག་བཏབ། བཀྲ་ཤིས་འཁྱིལ་གྱི་རྒྱུད་གྲྭ་བཙུགས། རྗེ་བཟང་གི་བླ་མ་མཛད། དགུང་ལོ་དོན་བཞི་སྟེ་ལྕགས་གླང་1721ལོ་ལ་སྐུ་གཤེགས། གསུང་འབུམ་པོད་བཅོ་ལྔ་བཞུགས།

                     རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།