ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-01 12:07:59     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

12

723.JPG

གླེགས་བམ། ཤོག་གྲངས།

596དང་པོ།

1བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཚིགས་སུ་བཅད་པ་ཀུན་མཁྱེན་བདེ་ལམ་ལ། 235

2སྐྱབས་སུ་འགྲོ་བའི་ཁྲིད་ཡིག་རྒྱས་བསྡུས། ལམ་རིམ་ཁྱེར་བདེ། བྱང་ཆུབ་ལམ་གྱི་རིམ་པའི་ཞལ་ཤེས་བློ་བཟང་ཞལ་ལུང༌། ལམ་རིམ་ཁྲིད་འཇམ་དཔལ་ཞལ་ལུང་ཟིན་བྲིས་ལམ་རིམ་ཁྲིད་ཀྱི་ས་བཅད་མདོར་བསྡུས། ལམ་རིམ་འདོད་སྨོན་བཅས་ལ། 102

3བློ་སྦྱོང་སྙན་བརྒྱུད་ཆེན་མོའི་རྣམ་བཤད་གཞན་ཕན་ཉི་མ་སེམས་དཔའ་ཆེན་པོ་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཁྲིད་ཡིག་ཐེག་ཆེན་དགའ་སྟོན། བློ་སྦྱོང་སྙིང་པོ་བསྡུས་པ་བཅས་ལ། 34

4བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པའི་ཆོ་ག་ཞིང་མཆོག་སྒོ་འབྱེད་ཀྱི་དམིགས་རིམ་མདོར་བསྡུས་བདེ་བ་ཅན་གྱི་ཞིང་དུ་འགོད་པར་བྱེད་པའི་མྱུར་ལམ་གསལ་བར་བྱེད་པའི་སྒྲོན་མེ།

སྨོན་ཚིག་བཀྲ་ཤིས་ཆར་འབེབས་བཅས་ལ། 30

597གཉིས་པ།

1ཕྲེང་བ་དང་ཀྲི་ཡ་ནས་བཤད་པའི་དཀྱིལ་འཁོར་ཞེ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་སྒྲུབ་ཅིང་བསྙེན་པ་བྱ་ཚུལ་བློ་གསལ་མགུལ་རྒྱན་ནོར་བུའི་ཕྲེང་བ་ལ། 161

2ཕྲེང་བ་དང་ཀྲི་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་བསྐུར་བྱ་ཚུལ་གྱི་ཆོ་ག་ལ། 99

3ཕྲེང་བ་གཉིས་ཀྱི་མཐའ་དཔྱོད་རིགས་པའི་འཕྲུལ་གྱི་ལྡེ་མིག་ལ། 70

4དབང་གི་སྔོན་འགྲོའི་ལུང་སྦྱོར་སྤྱི་འགྲོའི་རྗེས་གནང་གི་བཤད་པ་མདོར་བསྡུས། མཚན་བརྗོད་ཀྱི་ཆེད་བརྗོད་དང་ཕན་ཡོན་བཤད་པ་མདོར་བསྡུས་ལ། 19

5ཡི་དམ་སྤྱི་འགྲོའི་རྗེས་གནང་བྱ་ཚུལ་བློ་གསལ་མགུལ་རྒྱན་ལ། 32

6རྩ་རླུང་ཐིག་ལེའི་རྣམ་གཞག་དྲི་མ་མེད་པའི་གཞུང་ལས་འབྱུང་བ་བཏུས་ཏེ་བཀོད་པ་ལ། 20

598གསུམ་པ།

1དཔལ་གསང་བ་འདུས་པའི་བླ་བརྒྱུད་དང་མངོན་རྟོགས་ངག་འདོན་དུ་བསྒྲིགས་པ་བློ་གསལ་དགའ་བསྐྱེད་ལ། 38

2དཔལ་གསང་བ་འདུས་པའི་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བྱ་ཚུལ་དངོས་གྲུབ་ཆར་འབེབས་ལ། 21

3དཔལ་འཁོར་ལོ་སྡོམ་པའི་མངོན་རྟོགས་བདེ་ཆེན་གསལ་བ་ངག་འདོན་དུ་བསྒྲིགས་པ་བདེ་ཆེན་རབ་རྒྱས་ལ། 40

4འཁོར་ལོ་སྡོམ་པ་ལྰུ་ཨི་པའི་མདུན་བསྐྱེད་སྒྲུབ་མཆོད་ཕྱི་རོལ་མཆོད་པ་ལག་མཆོད་དང་བཅས་པའི་ངག་འདོན་བདེ་ཆེན་ཆར་འབེབས་ལ། 30

5གྲུབ་དབང་དྲིལ་བུ་ཞབས་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་བླ་བརྒྱུད་དང་མངོན་རྟོགས་བདེ་ཆེན་རབ་འཕེལ་སྨོན་ཤིས་ལ། 45

6འཁོར་ལོ་སྡོམ་པ་རྗེ་ལྔའི་དབང་གི་བརྒྱུད་འདེབས་དང་མངོན་རྟོགས་བདེ་ཆེན་ཆར་འབེབས་ལ། 9

7བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་དུ་དབང་བསྐུར་བའི་ཆོ་ག་ལ། 27

8དེའི་དབང་གི་བཤད་པ་ལ། 21

9འཁོར་ལོ་སྡོམ་པའི་ཚོགས་མཆོད་ཀུན་བཟང་མཆོད་སྤྲིན་རྒྱས་པ་དང༌། དབང་གི་སྦྱིན་སྲེག་བྱ་ཚུལ་ལ། 14

10དཔལ་གསང་བ་འདུས་པའི་རིམ་པ་དང་པོའི་ལམ་ལ་སློབ་ཚུལ་གསང་ཆེན་མྱུར་ལམ་དང༌། རིམ་པ་དང་པོའི་ནང་དོན་གསལ་བྱེད་ཉི་མའི་འོད་ཟེར་ལ། 45

11འདུས་པའི་རྫོགས་རིམ་རྒྱུད་དོན་སྙིང་པོ་དང༌། དམར་ཁྲིད་བློ་བཟང་དགོངས་རྒྱན་རྫོགས་རིམ་གྱི་གེགས་སེལ་བོགས་འདོན་གྱི་མན་ངག་འདུས་པའི་ཟབ་གནད་གཅེས་བསྡུས་ལ། 45

172

12དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ་གྱི་རིམ་པ་དང་པོའི་ཁྲིད་དང༌། རྫོགས་རིམ་རིམ་ལྔའི་དམར་ཁྲིད་བདེ་ཆེན་མྱུར་ལམ། ན་རོ་ཆོས་དྲུག་ལས་གཏུམ་མོའི་དམིགས་རིམ་འཕོ་ཁྲིད་མཁའ་སྤྱོད་མྱུར་ལམ་བཅས་པར། 36

13དུས་དགྲའི་དབང་པོའི་བསྐྱེད་རྫོགས་འཇམ་དཔལ་མཉེས་བྱེད་དང༌། དཔའ་བོ་གཅིག་པའི་རིམ་གཉིས་ཀྱི་རྣམ་བཤད་གསང་ཆེན་བདེ་ལམ་བཅས་ལ། 28

599བཞི་པ།

1ཞི་གནས་སྒོམ་ཚུལ་དང་ལྟ་ཁྲིད་ངེས་དོན་རབ་གསལ། ལྟ་བའི་དོགས་གཅོད། ལྟ་བ་ཕྱག་རྒྱ་ཆེན་པོ་སྒོམ་ཚུལ་ལ། 32

2རྡོར་སེམས་ཀྱི་ཁྲིད་རྒྱས་བསྡུས་གཉིས་དང་སྔགས་ཀྱི་རྩ་ལྟུང་དང་སྦོམ་པོ་ངོས་བཟུང་ནས་བཤགས་པ་བྱེད་ཚུལ། དམ་ཚིག་གི་རྣམ་གཞག་འཁོར་ལོ་སྡོམ་པའི་བསགས་སྦྱངས་བྱ་ཚུལ་6བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་སོགས་བསྙེན་ཡིག་སྐོར་ལ། 30དང༌། དེའི་དམིགས་རིམ་བདུད་རྩིའི་ཆུ་རྒྱུན། ཕྱག་ཆེན་གྱི་ཁྲིད་བཅས་ལ། 27

4ཐབས་ཤེས་གཅོད་ཀྱི་ཁྲིད་དང་ནམ་མཁའ་སྒོ་འབྱེད་ཀྱི་དབང་བཅས་པར། 8

5འཆི་མེད་ཚེའི་ཁྲིད་བདུད་རྩི་ཟིལ་མངར་དང་ཚེ་སྒྲུབ་དགའ་སྟོན་བཅས་ལ། 9

6བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་སོགས་བསྙེན་ཡིག་སྐོར་ལ། 30

7དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཟ་མ་ཏོག་ངག་འདོན་བྱ་ཚུལ་གོ་བདེ་བར་བསྒྲིགས་པ་འཇམ་དཔལ་དགོངས་རྒྱན་ལ། 34

8དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་ཆོག་བསྒྲིགས་འཁྲུལ་སྤོང་མཁས་པ་དགྱེས་བྱེད་ལ། 20

9དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བརྒྱུད་འདེབས་དང་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་གྱི་ངག་འདོན་བདུད་དཔུང་རྣམ་འཇོམས་ལ། 33

10དཔལ་རྡོ་རྗེ་འཇིགས་བྱེད་ཞི་བའི་སྦྱིན་སྲེག་བྱ་ཚུལ་གྱི་ཆོ་ག་བློ་བཟང་དགོངས་རྒྱན་ཤེལ་དཀར་མེ་ལོང་ལ། 43

11བདེ་གསང་འཇིགས་གསུམ་གྱི་ཞི་རྒྱས་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ་དང་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་སྡིག་ལྟུང་མུན་སེལ་ཉི་འོད་འབུམ་འཕྲོ་ལ། 18

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་དགེ་འདུན་དབྱེན་

ཟླུམ་གྱི་འཁོར་ལོ་སྒྲུབ་ཚུལ་དང་ལྕགས་མཁར་ཟུར་དགུ་པའི་ངག་འདོན་ཟོར་འཕེན་གྱི་རིམ་པ་རྡོརྗེའི་ཐོག་འབེབས་ལ། 12

13གཤིན་པོའི་ཕུང་པོ་སྲེག་བྱང་གསལ་བར་སྟོན་པ་དང་སྐྲ་ཆོག་ལ། 18

14གཤིན་པོའི་སྦྱང་ཆོག་ཐར་ལམ་གསལ་སྒྲོན་ལ། 19

15རྟེན་ལ་གཟུངས་བཞུག་འབུལ་ཚུལ་ཤེལ་དཀར་མེ་ལོང་སོགས་གཟུངས་འབུལ་སྐོར་དང༌། གཟུངས་གཞུག་རབ་གནས་འབུལ་ཚུལ་ལ། 29

173

16རབ་གནས་མདོར་བསྡུས་ལག་ཏུབླང་བདེ་བ་དང་བསྲུང་བ་རབ་གནས་བྱཚུལ་ཨ་རྒྱའི་ཆོ་ག་བཀླགས་ཆོག་ལ། 19

17རབ་གནས་བཀྲ་ཤིས་སྙེ་མའི་ལྷན་ཐབས་ལ། 15

18རབ་གནས་དགེ་ལེགས་རྒྱ་མཚའི་ཆར་འབེབས་ཟུར་རྒྱན་ལ། 12

600ལྔ་པ།

1རྗེ་བླ་མ་ངག་དབང་ཆོས་ལྡན་དཔལ་བཟང་པོའི་རྣམ་ཐར་དད་པའི་རོལ་མཚ་ལ། 40

3བྱིན་རླབས་མྱུར་དུ་འཇུག་བྱེད་བླ་མ་རྗེའི་རྣལ་འབྱོརསྐོར་ལ། 20

4གསོལ་འདེབས་ཞབས་བརྟན་སྐོར་ཕྱོགས་གཅིག་ཏུ་བཀོད་པ་ལ། 48

5རྒྱུད་སྡེ་དུ་མ་ནས་གསུངས་པའི་རྗེ་མང་པོའི་མངོན་རྟོགས་ཕྱོགས་གཅིག་ཏུ་བསྡེབས་པ་ཡི་དམ་རྒྱ་མཚའི་སྒྲུབ་ཐབས་ལ། 74

6རྗེ་བླ་མ་ལ་བརྟེན་པའི་ཆར་འབེབས་བྱེད་ཚུལ་ལ། 9

7དཔལ་རྟ་མགྲིན་གྱི་སྒྲུབ་ཐབས་པད་རག་ཕྲེང་བའི་མཛས་རྒྱན་ལ། 12

8རྟ་མགྲིན་གསང་སྒྲུབ་ཀྱི་གཏོར་འབུལ་ཚགས་འཁོར་བྱཚུལ།

བཀའ་བསྒོ།

ཡང་གསང་གི་བསངས་མཆོད་བཅས་ལ། 6

9མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་ཁྱེར་བདེ་ལ། 10

10སྐབས་གསུམ་མའི་ཊིཀ་ངོ་མཚར་དད་པ་རྒྱས་བྱེད་དང༌། ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་གྱི་ཊིཀ་ལེགས་བཤད་སྒྲོན་མེ་ལ། 19

11རྟེན་འབྲེལ་སྙིང་པོའི་ཊིཀ་བདེ་གཤེགས་དགོངས་རྒྱན་ལ། 18

12སྙེན་རྫོགས་སོགས་ཀྱི་སྡོམ་པ་འབོག་ཆོག་ཁྱེར་བདེ་ཀུན་ཕན་ལ། 31

13དུས་ཆེན་གྱི་བཤད་པ་ངོ་མཚར་དགའ་བསྐྱེད་ལ། 9

14སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་བཤད་པ་དགེ་ལེགས་ཆར་འབེབས་ལ། 17

15སྐུ་གསུང་ཐུགས་རྟེན་བཞེངས་པའི་དཀར་ཆག་དང༌། བཅའ་ཡིག་ལེ་ཚན་བསྡོམས་པ་ལ། 23

16ཆོས་སྲུང་དམ་ཅན་རྒྱ་མཚའི་གཏོར་འབུལ་འབྱུང་བཞི་ལན་ཆགས་སོགས་གཏོར་བསྔོའི་སྐོར་ལ། 22

17གནམ་བསྐོས་སའི་ཚངས་པ་ཅིང་གི་སའི་རིགས་ཀྱི་སྲུང་མ་ཕོ་རྗེདུང་སྐྱོང་དཀར་པོའི་གསོལ་མཆོད་སོགས་

བསངས་ཡིག་སྐོར་ལ། 9

174

18ལུགས་གཉིས་ཀྱི་བླང་དོར་གསལ་བར་བྱེད་པ་བསླབ་བྱའི་སྐོར་དང༌། བསྔོ་བ་སྨོན་ལམ་འདོད་དོན་ལྷུན་གྲུབ་བཅས་

ལ། 15

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་ནི་མདོ་སྨད་ཙང་ཁའི་ཉེ་འདབས་གཡི་དགེའི་ལུང་པར་རྟཕྱུག་ཅེས་པའི་གྲོང་དུ་ཡབ་ཁེ་བ་ཅང་ཨེ་ཧར་དང༌། ཡུམ་ལོ་ཟ་ཐར་མོ་མཚ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུརྟསྤྱི་ལོ་1642ལོའི་ཟླ་བ་བཅུ་གཅིག་པའི་ཚས་བཅུའི་དགོང་མོ་མཚན་ཕྱེད་ལ་སྐུ་བལྟམས། དགུང་གྲངས་གསུམ་བཞིར་ཕེབས་སྐབས་བྱ་མི་ཤེས་པའི་ཚུལ་བཞེས། དགེ་བསྙེན་གྱི་སྡོམ་པ་བཞེས་རྗེས་རིམ་གྱིས་གསུང་བགྲོས་སྩལ། དེ་གར་བོད་པ་བླརྒྱན་ཞེས་པའི་བླ་མ་ཞིག་བཞུགས་པ་དེས་ཁོང་ལ་དགེ་འདུན་སྐྱབས་ཞེས་པའི་མཚན་གསོལ། དེ་ནས་རིང་པོ་མ་ལོན་པར་ཐང་རིང་དགོན་གྱི་ཁྲི་པ་ཚུལ་ཁྲིམས་རྒྱ་མཚས་ཡབ་ལ་བུ་འདིར་ཁྲིད་ཤོག་ཅེས་དགོན་པར་བོས། བླ་མ་གོང་མ་གྲགས་པ་འོད་ཟེར་གྱི་དངོས་ཆས་མས་ངོས་འཛན་བྱེད་བཅུག་དབུས་རྗེལྡན་དུ་བཞུགས་ཡོད་པའི་བླ་མ་གོང་མའི་དབོན་པོ་བློ་གྲོས་འོད་ཟེར་མདུན་བྱིས་པའི་གནས་ཚུལ་སོགས་ཀྱི་འཕྲིན་ཡིག་ཕུལ། བློ་གྲོས་འོད་ཟེར་གྱིས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གནས་ཚུལ་སྙན་དུཕུལ་བས། ཅིང་ཕོ་བྲང་དུ་ཕེབས་སྐབས་ཕོ་བྲང་ནང་གི་བླ་མ་མཛད་དེ། རེ་ཞིག་ཐང་རིང་དགོན་དུ་ཞོག་ཅེས་པའི་བཀའ་གནང༌། དེ་ནས་ཐང་རིང་དགོན་དུ་སོང་ནས་དགོན་དེའི་ཁྲི་ཟུར་ཚུལ་ཁྲིམས་རྒྱ་མཚ་དང༌། ཁྲི་པ་ཕུན་ཚགས་བཟང་པོ་གཉིས་ཀྱི་སྤྱན་སྔར་གཙུག་ཕུད་ཕུལ་ཏེ་རབ་ཏུབྱུང༌། མཚན་བསྟན་འཛན་ལེགས་བཤད་རྒྱ་མཚར་གསོལ། སྦྱོརཀློག་དང་བློར་འཛན་གྱི་དབུཚུགས། དགུང་གྲངས་དགུ་པར་དགོན་ལུང་དགའ་ལྡན་བྱམས་པ་གླིང་དུ་ཕེབས། མཆོད་ཡོན་ཀུན་གྱིས་བརྩི་འཇོག་ཆེན་པོ་བྱས། དགུང་ལོ་བཅུ་གཅིག་པར་ཙང་ཁའི་སྟོད་སྐར་མའི་ཐང་ཆེན་དུལྔ་པ་ཆེན་པོ་པེ་ཅིང་དུ་ཕེབས་པ་མཇལ་བར་ཕེབས། དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་མོ་གླང་གི་ལོར་དབུས་རྗེལྡན་དུ་ཕེབས། ལྔ་པ་ཆེན་པོའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ངག་དབང་བློ་བཟང་ཆོས་ལྡན་ཞེས་གསོལ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་བཞུགས། སྒོ་མང་སློབ་དཔོན་ངག་དབང་བློ་གྲོས་རྒྱ་མཚའི་སྤྱན་སྔར་ལོ་བརྒྱད་རིང་ཚད་མ་སོགས་གསན། དགུང་ལོ་ཉེར་གསུམ་པ་ཤིང་ཕོ་འབྲུག་གི་ལོར་རྒྱལ་དབང་ལྔ་པའི་མདུན་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བདུན་པར་གླིང་བསྲེའི་གྲྭསྐོར་དང༌། དགུང་ལོ་ཉེར་དགུ་པར་རྗེ་ས་སྨོན་ལམ་ཆེན་མོར་གྲྭསྐོར་མཛད། དགུང་ལོ་སོ་གསུམ་པར་གཙང་དུ་ཕེབས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་དང་མཇལ། ཤར་རྩེའི་མཁན་པོ་བློ་བཟང་པདྨ་ལ་ཙང་ཁ་པ་དང༌། པཎ་ཆེན་གོང་མའི་གསུང་འབུམ་གྱི་ཁྲིད་ལུང་བཅས་ཞུས། དེ་རྗེས་སུའང་གཙང་དུ་ཐེངས་འགའ་ཕེབས་ཤིང༌། པཎ་ཆེན་གོང་མའི་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་སོགས་མཁས་པ་མང་པོ་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་རྣམས་ལསྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པ་ཆེན་པོར་གྱུར། དགུང་ལོ་ཞེ་གཉིས་པ་ཆུ་མོ་ཕག་གི་ལོར་དགོན་ལུང་དགོན་གྱིས་བསུ་མ་མངགས་པ་དང་ལྷན་ཅིན་ཏུ་མདོ་སྨད་དུཚུར་ཕེབས། དགོན་ལུང་རི་ཁྲོད་བྱང་ཆུབ་གླིང་དུ་བཞུགས། ཕྱི་ལོར་ཐང་རིང་དགོན་དང་སྐུ་འབུམ་སོགས་སུ་ཕེབས། དགུང་ལོ་ཞེ་དྲུག་པར་ལོ་གསར་སྨོན་ལམ་ཆེན་མོ་འཚགས་པ་དང༌། གོང་མ་མཇལ་བའི་ཆེད་དུ་པེ་ཅིང་ལ་ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚ་དང་མཉམ་པོར་ལན་གཉིས་བྱོན། ལན་དང་པོར་གོང་མས་གོས་དར་སོགས་ཀྱི་གནང་སྤྱིན་སྩལ་ཅིང་ཞལ་འདྲི་གནང༌། ལན་གཉིས་པར་གོང་མ་ཆེན་པོར་དམ་པའི་ཆོས་ཀྱི་འབེལ་གཏམ་ཕུལ་གོང་མས་ཐུགས་དགྱེས་པ་ཆེན་པོ་མཛད་ཅིང་མགུལ་དར་དང༌། པེ་ཅིང་དུསྡོད་དགོས་པའི་བཀའ་ལུང་སྩལ་ཀྱང་དགོངས་པ་ནན་ཏན་གྱིས་ཞུས་ནས་ཁྲོལ། དགུང་ལོ་ང་གཉིས་པ་ཆུ་མོ་བྱའི་ལོ་གོང་མའི་བཀའ་བཞིན་པེ་ཅིང་ཕོ་བྲང་དུ་ཕེབས་སྐབས་ཕོ་བྲང་ནང་གི་བླ་མ་ཀུན་བསུ་བར་ཕེབས། ཕྱི་ལོའི་སྟོན་ཁར་རྗེ་བཙུན་དམ་པ་པེ་ཅིང་དུ་ཕེབས། ཁོང་དང་ལྷན་ཅིག་དམ་པའི་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། དགུང་ལོ་ང་ལྔ་ཙམ་བར་པེ་ཅིང་དུ་གསང་བདེ་འཇིགས་གསུམ་གྱི་དབང་དང་རྗེས་གནང༌། ཁྲིད་ལུང༌། དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་འབོགས་པ་སོགས་དམ་པའི་ཆོས་ཀྱི་སྦྱིན་པརྒྱ་ཆེར་སྩལ། དགུང་གྲངས་ང་དྲུག་པ་མེ་མོ་གླང་གི་ལོར་གོང་མའི་བཀའ་ལྟར་ཛ་སག་དང་མཉམ་དུ་མཁར་སྔོན་དང་ཟི་ལིང་སོགས་བརྒྱུད་དབུས་རྗེལྡན་དུ་ཕེབས། ་ལའི་དྲུག་པ་གནས་མཆོག་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞིང༌། ཟི་ལིང་གི་འབུལ་བ་རྒྱ་ཆེན་བསྟབས། པཎ་ཆེན་ལ་གོང་མས་གནང་བའི་མཆོད་རྫས་དང་གསེར་དངུལ་ཕུལ་ཅིང་ལན་ལྔ་མཇལ། སེ་འབྲས་དགེ་གསུམ་གྱི་དགེ་འདུན་རྣམས་ལའང་མང་འགྱེད་སོགས་ཕུལ། ལོ་དེའི་ཕྱི་ལོར་བྱང་ལམ་བརྒྱུད་པེ་ཅིང་དུཕྱིར་ཕེབས། དགུང་གྲངས་དྲུག་ཅུ་རེ་དགུཏུ་ཕེབས་སྐབས། གོང་མས་ཤིང་རྟ་སེར་པོ་དང་ཐམ་ག་རིན་པོ་ཆེའི་རིགས་དང་གོས་དར་སོགས་གནང་སྤྱིན་གྱ་ནོམ་པ་སྩལ་ཏེ་རང་དགོན་དུ་ཕེབས། སོག་ཡུལ་གྱི་དགོན་སྡེ་ཡོངས་ལ་ཞབས་བཅགས་ཏེ་དམ་པའི་ཆོས་ཀྱི་བདུད་རྩིསྤེལ། དགུང་ལོ་བདུན་ཅུར་ཕེབས་པ་ལྕགས་མོ་ཡོས་ཀྱི་ལོར་སླར་ཡང་པེ་ཅིང་དུ་ཕེབས། པྰདུར་ཛིན་གྱི་གཞི་མ་ཁང་པ་བཅས་ཉོས་ཏེ། ནོ་མོན་ཧན་གྱི་མཐུན་རྐྱེན་སྦྱ་ནས་དགོན་པ་ནང་རྟེན་དང་བཅས་བཞེངས། དགུང་ལོ་དོན་གཅིག་ལོ་གོང་མས་དགོན་པ་དེ་ལ་ཟུང་གྲུ་ཟི་ཞེས་པའི་མིང་སྩལ། བླ་མ་བརྒྱཕྲག་ལྷག་གིས་རབ་གནས་བགྱིས། དགུང་ལོ་དོན་གསུམ་དུ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ1714ལོའི་ཟླ་བ་ལྔ་པའི་ཚས་ལྔ་ལ་དགོངས་པ་རྫོགས། འདིར་གསུང་འབུམ་པོད་ལྔ་བཞུགས།

 

 

 

                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།