སྨན་ཁང་པ་ངག་དབང་ཆོས་འཕེལ་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:51:15     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

 

པར་པོད།ཤོག་གྲངས།

582 ཀ་

1འཁྲུངས་རབས་གསོལ་འདེབས་གསང་བ་དྲི་མེད་ལ། 5

2 ངོ་མཚར་མེད་ཀྱང་ངག་དབང་ཆོས་འཕེལ་གྱི་བྱ་ཕྲན་ཁྱུང་རྗེས་རྙོག་འདྲའི་རྣམ་ཐར་ལ། 31

583 ཁ་

1འཆལ་གཏམ་ཚིག་ལ་མགུར་བཏགས་ཚིག་ཕྲེང་ལས་ཤིང་བྱི་མཚམས་སྒོ་ལྡག་འབྱར་ལ་བཞུགས་སྐབས་རང་གི་སེམས་ཉིད་དགའ་བའི་གླུ་དང༌།བུ་སློབ།སྤྱིན་བདག་བཅས་ལ་ཞལ་གདམས་བསླབ་བྱ་ལ། 211

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །སྨན་ཁང་པ་ངག་དབང་ཆོས་འཕེལ་ནི་གཙང་ཁུལ་ཡབ་དར་རྒྱས་དང༌།ཡུམ་ཚེ་རིང་བསམ་འགྲུབ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག 1635 ལོ་ལ་འཁྲུངས།དགུང་ལོ་ལྔ་ལ་ཤེལ་དཀར་ཆོས་སྡེའི་མཁན་པོ་ལེགས་པ་དོན་གྲུབ་དྲུང་དུ་གཙུག་ཕུད་ཕུལ།དགུང་ལོ་བཅུ་གཅིག་ལ་ཤེལ་དཀར་ཆོས་སྡེར་ཆོས་ཞུགས་མཛད།གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད།དགུང་ལོ་བཅོ་བརྒྱད་ལ་རྒྱལ་བ་ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས།དགུང་ལོ་བཅུ་དགུ་ལ་རྟ་ནག་རྗེ་དམ་ཆོས་རྒྱལ་མཚན་པ་ནས་བྱང་ཆུབ་ལམ་རིམ་སོགས་ཀྱི་བཤད་ལུང་གསན།དགུང་ལོ་ཉེར་བཞི་ལ་མཁན་པོ་བཀྲ་ཤིས་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་སོ་གཉིས་ལ་ངམ་རིང་ཆོས་སྡེར་གྲྭ་སྐོར་མཛད།དགུང་ལོ་སོ་གསུམ་ལ་རྒྱལ་བའི་བཀའ་འགྱུར་ཁོངས་འབུམ་པོད་བཞི་དང༌།ཤེས་རབ་ཁྲི་པ་སོགས་པོད་འགའ་གས་འཛིན་གྱིས་ཚོགས་གཞུང་ལ་རྒྱུགས་འབུལ་མཛད།དགུང་ལོ་བཞི་བཅུ་བར་ལོ་ཤས་རིང་དགོན་པ་ཞིག་གསོའི་ཕྱག་ལས་འགན་བཞེས།དགུང་ལོ་ཞེ་གཉིས་ནས་ལོ་ཤས་རིང་ཁ་ཟས་རགས་པ་རྒྱུན་གཅོད་མཛད་དེ་མཚམས་སྒོ་ལྡག་འབྱར་གྱིས་སྐུ་མཚམས་ལ་བཞུགས།དགུང་ལོ་ཞེ་བདུན་ཐོག་དགེ་སློང་དོན་གྲུབ་དང་ལྷན་དུ་རྟ་ནག་ཏུ་ཕེབས་ནས་རྗེ་དམ་ཆོས་རྒྱལ་མཚན་དང་མཇལ།དེ་ནས་དབུས་སུ་ཕེབས་ནས་སེ་འབྲས་དང༌།རྭ་སྒྲེང༌།ལྷོ་དྭགས་སོགས་ལ་གནས་མཇལ་དུ་ཕེབས།དེ་ནས་གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས།སྟོད་ཁུལ་རྗེ་བཙུན་མི་ལའི་སྒྲུབ་གནས་ཆུ་དབར་བྲག་དམར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད།དགའ་ལྡན་ཆོས་འཕེལ་དུ་གསུང་ཆོས་མང་པོ་གནང༌།ཤེལ་དཀར་དགོན་སོགས་ལ་རྟེན་བཞེངས་ཀྱི་བྱ་བ་རྒྱ་ཆེར་མཛད་མཐར་དགུང་ལོ་དོན་གསུམ་སྟེ་མེ་ཕག 1707 ལོ་ལ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

                                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།