དཀའ་ཆེན་ནམ་མཁའ་རྡོ་རྗེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:50:43     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

688.JPG

581

1 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཆེན་མོ་དབེན་ས་བཀའ་རྒྱུད་ཀྱི་ཞལ་ཤེས་མན་ངག་དང་བཅས་པ་ལ། 58

2 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ལས་སྐྱེས་བུ་འབྲིང་དུ་བློ་སྤྱངས་པའི་སྐོར་ལ། 17

3 བྱང་ཆུབ་ལམ་གྱི་རིམ་པ་ལས་སྐྱེས་བུ་ཆེན་པོར་བློ་སྤྱངས་བར་སྤྱོད་པ་སྤྱི་ལ་བསླབ་པའི་སྐོར་ལ། 22

4 བྱང་ཆུབ་ལམ་གྱི་རིམ་པ་ལས།ལྷག་མཐོང་ལྟ་བའི་རྣམ་གཞག་བདག་འཛིན་འཕྲུལ་པའི་དྲུང་འབྱིན་རྣམ་པར་དག་པ་ལ།43

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །དཀའ་ཆེན་ནམ་མཁའ་རྡོ་རྗེ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་སྨད་ཙམ་ལ་འཁྲུངས་པ་དང༌།སྐུ་གཞོན་དུས་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད་དེ་པཎ་ཆེན་བློ་བཟང་ཆོས་རྒྱན་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།དྲུང་པ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན་དང་ཕན་ཚུན་ཆོས་གསན་རེས་མཛད་འདུག་རྗེ་འདི་དབུ་མའི་ལྟ་བ་ལ་མངའ་བརྙེས་པ་ཞིག་ཡིན་པས་པཎ་ཆེན་མཆོག་གི་ཐུགས་སྲས་སུ་གྱུར།མཛད་རྣམ་མ་རྙེད་པས་ཞིབ་ཆ་འབྲིར་མ་སྤོབས།གསུང་བྲིས་མ་པོད་གཅིག་བཞུགས།

                                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།