ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:43:25     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

91ed27bb373cfe9423b804dce38f0196.jpg

པར་པོད།ཤོག་གྲངས།

575 ཀ

1 གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་པུ་ནའི་མིང་ཅན་གྱི་གསུང་ཡིད་བཞིན་དབང་རྒྱལ་ལ། 74

2 སྐལ་ལྡན་རྒྱ་མཚོའི་རང་གསུང་སྐྱབས་འགྲོའི་ཁྲིད་ལ། 3

3 རྗེ་བཙུན་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ལ། 11

4 བསྟོད་ཚོགས་ཀྱི་རིམ་པ་ལ། 12

5 འདུལ་བའི་བསླབ་བྱ་མཛེས་རྒྱན་ལ། 16

6 བྱང་ཆུབ་སེམས་དཔའི་བསླབ་བྱ་རྒྱལ་སྲས་མཛེས་རྒྱན་ལ།11

7 སྔགས་ཀྱི་བསླབ་བྱ་རིག་འཛིན་མཛེས་རྒྱན་ལ། 13

8 དྲིས་ལན་འགའ་ཞིག་ལ། 3

9 ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་ལ། 12

576 ཁ་

1དབུ་མའི་བསྟན་བཅོས་ཀྱི་རྒྱལ་པོ་ཤེས་རབ་ཀྱི་ཊིཀ་དཔག་བསམ་ལྗོན་ཤིང་ལ། 168

2 དབུ་མའི་ལྟ་ཁྲིད་རྟེན་འབྲེལ་རིག་པའི་ཡང་སྙིང་རྡོ་རྗེ་ཟེགས་མ་ལ། 6

3 བསྟན་བཅོས་མངོན་རྟོགས་རྒྱན་སྐབས་དང་པོ་ནས་སྐབས་བཞི་པའི་ཐེག་ཆེན་རྣམ་བཤད་ལ། 51

4 དགེ་ལྡན་ཕྱག་ཆེན་ཟབ་ཁྲིད་གདམས་ངག་རྒྱ་མཚོ་ལས་བཏུས་པ་ལེགས་བཤད་གཟིགས་འཚལ་ལ། 15

5 དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཉམས་ཁྲིད་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ་ལ། 12

6 ཕྱག་ཆེན་གྱི་ཁྲིད་ཡིག་ལ། 12

577 ག་

1བླ་མའི་རྣལ་འབྱོར་གྱི་སྐོར་འགའ་ཞིག་ལ། 9

2 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སློབ་མ་རི་ཁྲོད་པ་དམས་ལ་ཉམས་ཁྲིད་དུ་སྩལ་བ་ལ། 19

3 བཀའ་འབུམ་ལས་བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་འདེབས་ལ། 3

4 ལམ་རིམ་གྱི་ཁྲིད་རྗེ་གྲགས་པ་རྒྱལ་མཚན་སོགས་ལ་སྩལ་བ་ལ། 15

5 ལམ་རིམ་གྱི་ཁྲིད་ཆོས་རྗེ་ཀུན་དགའ་ལེགས་པ་སོགས་ལ་སྩལ་བ་ལ། 11

6 ལམ་རིམ་གྱི་དམར་ཁྲིད་བློ་གསལ་པདྨོའི་ཁ་འབྱེད་ལ། 17

7 རི་ཁྲིད་འགའ་ལ་ལམ་ཁྲིད་ཟིན་ཐུན་དུ་ཕོག་པ་ལ། 11

8 ལམ་རིམ་དམིགས་ཁྲིད་ལ། 18

9 ལམ་རིམ་ཁྲིད་སྐྱོང་བདེ་བ་ལ། 21

10 ཉེར་མཁོའི་རྣལ་འབྱོར་ཟབ་མོ་ལ། 8

11 འཕོ་ཁྲིད་དང་མཐུན་པའི་གསོལ་འདེབས་ལ། 5

12 བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་ཐེག་ཆེན་མཛེས་རྒྱན་ལ། 28

13 ཐེག་ཆེན་བློ་སྦྱོང་ཡིད་ཀྱི་མུན་སེལ་ལ། 50

14 ཐུན་དྲུག་གི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རིམ་གཉིས་ལ། 3

15 སེམས་གནས་ཀྱི་ཁྲིད་གཉིས་ལ། 7

16 ཞི་གནས་ཀྱི་དམིགས་ཁྲིད་ལ། 4

17 རིན་ཆེན་ཕྲེང་བའི་སྨོན་ལམ་ལ། 6

18 དྲི་ལན་སོགས་ཐོར་བུ་དམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 17

19 བླ་མའི་རྣམ་ཐར་གྱི་རིམ་པ་བསྟན་པའི་མཛེས་རྒྱན་ལ།116

578 ང་

1བདེ་མཆོག་རྗེ་ལྔའི་སྒྲུབ་ཐབས་ཚིགས་བཅད་དུ་བསྡེབས་པ་ལ།16

2 བདེ་མཆོག་ཕྱི་རོལ་མཆོད་པ་ལ། 4

3 བདེ་མཆོག་དྲིལ་བུ་ཕྱི་དཀྱིལ་རྗེ་ལྔའི་བདག་འཇུག་དངོས་གྲུབ་ཆར་འབེབས་ལ། 21

4 རྗེ་ལྔའི་བདག་མདུན་ཐ་མི་དད་དུ་སྒྲུབ་ཚུལ་དང་བདག་འཇུག་རོལ་མཚོ་ལ། 21

5 ལྰུ་ཨི་པའི་རྫོགས་རིམ་ལ། 15

6 ན་རོ་ཆོས་དྲུག་གི་ཁྲིད་གྲུབ་པའི་མཛེས་རྒྱན་ལ། 13

7 འཇིགས་བྱེད་རྫོགས་རིམ་གྱི་ཁྲིད་སྐལ་ལྡན་མཛེས་རྒྱན་ལ། 15

8 འཇིགས་བྱེད་ཀྱི་རྫོགས་རིམ་སྙན་བརྒྱུད་རིམ་གཉིས་བདུད་རྩི་སྙིང་པོ་ལ། 16

9 རྫོགས་རིམ་སྙན་བརྒྱུད་བདུད་རྩི་བུམ་པ་ལ། 8

10 ཡི་དམ་སྒྲུབ་སྐོར་འགའ་ཞིག་ལ། 5

11 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གསང་སྒྲུབ་རྗེ་དགུ་མའི་སྒྲུབ་ཐབས་ལ། 12

12 གསང་སྒྲུབ་བསྐྱེད་རིམ་ལ། 5

13 ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་དམིགས་པའི་སྐོར་ལ། 15

14 ཐུགས་རྗེ་ཆེན་པོའི་ཞལ་གདམས་སྙིང་པོ་དོན་གསུམ་གྱི་ཉམས་ཁྲིད་བདེ་ལམ་ལ། 13

15 དེའི་ཁྲིད་ལ། 7

16 སྒྲོལ་ཊིཀ་ལ། 7

17 དྲན་པ་བཞི་ལྡན་གྱི་ཁྲིད་ཟབ་མོ་ལ། 15

18 བཀླག་ཐབས་འདོད་འཇོ་མ་ཞེས་བྱ་བ་ལ། 6

19 གཏོར་མ་བརྒྱ་རྩའི་རིམ་པ་ལ། 10

20 གཅོད་ཁྲིད་དང་གཅོད་ཀྱི་གདམས་པ་ལ། 37

21 དཀར་ཕྱོགས་སྐྱོང་བའི་ཡུལ་རྗེ་གཉེན་ཆེན་སེ་གུ་བྱ་ཁྱུང་ལ་བསངས་མཆོད་འབུལ་ཚུལ་ལ། 2

579 ཅ་

1སྐལ་ལྡན་ཐར་འདོད་ཡོངས་ཀྱི་སྤྱི་ནོར་ཞལ་གདམས་མགུར་འབུམ་གྱི་སྐོར་ལ། 210

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །ཤར་སྐལ་ལྡན་རྒྱ་མཚོ་ནི་ཡུལ་མདོ་སྨད་ཀྱི་རེབ་གོང་གསེར་ལྗོངས་ཞེས་ཡུལ་གྱི་དབུས་རྒྱལ་ཐང་ཞེས་བྱ་བར་རིགས་རུས་ཕུན་སུམ་ཚོགས་པ་དང་ལྡན་པ་རོང་པོའི་མཁར་ཡབ་འབུམ་རྒྱལ་དང༌།ཡུམ་ནག་ཡུ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པ་མེ་མོ་ལུག 1607 ལོ་ལ་འཁྲུངས།དགུང་ལོ་བཅུ་པའི་དུས་སུ་གོང་མ་ཆོས་པ་རིན་པོ་ཆེའི་སྤྱན་སྔར་རབ་ཏུ་བྱུང་སྟེ་མཚན་སྐལ་ལྡན་ཆོས་གཉིས་ཞེས་གསོལ།དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་རྗེ་ཆོས་པ་རིན་པོ་ཆེའི་ཞབས་ཕྱིར་འབྲང་སྟེ་དབུས་གཙང་དུ་བྱོན།ཐོག་མར་འཔྲོག་རི་བོ་ཆེ་དགའ་ལྡན་དུ་ཕེབས།སྤྲུལ་སྐུ་རྗེ་སྟག་ལུང་གྲགས་པ་བློ་གྲོས་རྒྱ་མཚོ་དང་མཇལ།དེར་ཁོང་གི་སྐུ་ཕྱོགས་སུ་དགེ་ཚུལ་བསྒྲུབས་ནས་ལ་ལྡན་རྒྱ་མཚོ་ཞེས་མཚན་གསོལ།དགུང་ལོ་བཅུ་གཉིས་ལ་བྱང་རྩེ་ཐོས་བསམ་གླིང་གི་ཆོས་གྲྭར་དགུན་ཆོས་དང་པོ་ལ་བཞུགས།རྗེ་བློ་གྲོས་རྒྱ་མཚོ་དང༌།རྗེ་རོང་པོ་མཁས་གྲུབ་བསྟན་པ་དར་རྒྱས་གཉིས་བླ་མར་བསྟེན།དགུང་ལོ་བཅུ་གཅིག་ནས་ཉི་ཤུའི་བར་ལོ་བཅུ་དབུ་ཕར་གཉིས་ཞིབ་ཏུ་སྤྱང་བར་མཛད།དགུང་ལོ་ཉི་ཤུར་ཕེབས་སྐབས་གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད།པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་གཅིག་པ་ལ་ཨ་མདོར་ཕེབས།དགུང་ལོ་ཉེར་བཞིའི་ཐོག་མདོ་སྨད་ལྷོ་བརྒྱུད་རོང་པོ་ཐོས་བསམ་གླིང་ཕྱག་བཏབ་སྟེ་དགུང་ལོ་ལྔ་བཅུ་ང་དྲུག་བར་ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད།དགུང་ལོ་སོ་བརྒྱད་ལ་ཕེབས་སྐབས།གྲྭ་ཚང་གི་འདུ་ཁང་གསར་བཞེངས་ཀྱི་འགོ་བརྩམས་ཏེ་ལོ་བཞིའི་རིང་ལེགས་པར་གྲུབ་པར་མཛད།དགུང་ལོ་ཞེ་གཉིས་སུ་ཕེབས་པ་ན།རོང་པོ་བཀྲ་ཤིས་འཁྱིལ་དགོན་པ་ཕྱག་བཏབ།དགུང་ལོ་རེ་གསུམ་བར་ལོ་བཞིའི་རིང་མཚན་ཉིད་ཀྱི་གྲྭ་ཚང་ལེགས་པར་བསྐྱངས།དགུང་ལོ་དྲུག་ཅུ་རེ་བཞི་ནས་ལོ་བདུན་གྱི་རིང་ལ་བཀྲ་ཤིས་འཁྱིལ་དུ་སྒྲུབ་པ་སྙིང་པོར་མཛད།སྐུ་ཚེ་འདིར་མདོ་སྟོད་སྨད་བརྒྱུད་དུ་དགོན་སྡེ་ཆེ་ཆུང་ལྔ་བཅུ་ཙམ་ཕྱག་བཏབ་ནས་མཐར་དགུང་ལོ་དོན་གཅིག་སྟེ་མེ་སྦྲུལ་1677 ལོ་ལ་སྐུ་གཤེགས།གསུང་འབུམ་པོད་ལྔ་བཞུགས།

                                                     རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།