པཎ་ཆེན་བདེ་ལེགས་ཉི་མའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:43:03     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

 

པར་པོད།ཤོག་གྲངས།

566

ཀ འདུལ་བའི་སྡེ་སྣོད་མཐའ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པར་བྱེད་པའི་ལེགས་བཤད་སྐལ་བཟང་ནོར་བུའི་ཕྲེང་བ་ལ། 100

ཁ།གཞི་སྟོད་ཀྱི་སྨད་ཆ་ལ། 51

ག གཞི་སྨད་ལ། 46

ང་།རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དངོས་གྲུབ་ཀྱི་ཆར་འབེབས་ལ། 33

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །པཎ་ཆེན་བདེ་ལེགས་ཉི་མ་ནི་བྱང་དུ་ཀྲེ་བའི་རིགས་སུ་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་དུ་འཁྲུངས།སྐུ་གཞོན་དུས་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལ་གསན་བསམ་མཛད།དེ་རྗེས་དབུས་སུ་ཕེབས་ནས་ཕར་ཕྱིན་དང༌།ཚད་མའི་སྐོར་སོགས་སེ་ར་རྗེ་བཙུན་པའི་དྲུང་དུ་གསན་པས་མཁས་པར་གྱུར།བྱང་པ་རབ་འབྱམས་པ་ཞེས་ཐུགས་རྒྱུད་འབྱོངས་པའི་ཚད་དུ་བྱེད།དེ་ནས་ངམ་རིང་སྤང་འབུལ་གྲྭ་ཚང་གི་བཤད་ཉན་མཛད།སེ་ར་བྱེས་ཀྱི་བླ་མར་ཕེབས་ནས་འདུལ་བའི་སྤྱི་དོན་དང༌།མཛོད་ཀྱི་སྤྱི་དོན།ཕར་ཕྱིན་སྤྱི་དོན་སོགས་ལེགས་བཤད་མང་དུ་བརྩམས།སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ།རྒྱལ་བ་བསོད་ནམས་རྒྱ་མཚོས་སེ་རའི་ཁྲི་པར་ཕེབས་དགོས་གསུངས་ཀྱང་སྤྱན་མི་གསལ་བ་སོགས་གསུངས་ནས་དགོངས་ཞུ་མཛད།མཛད་དམ་མ་རྙེད་པས་ཞིབ་ཆ་འབྲིར་མ་སྤོབས།འདིར་གསུང་འབུམ་པོད་གཅིག་བཞུགས།

                                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས།
 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 


 

བརྒྱུད་འགོད།