དབེན་ས་བློ་བཟང་དོན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:39:25     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

 

 པར་པོད།ཤོག་གྲངས།

560 ཀ་

1བླ་མ་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ལ། 5

2 སྙིང་པོའི་གནས་ཐོར་བུའི་རིམ་པར་ཕྱེ་བ་ལ། 2

3 ལམ་རིམ་གསོལ་འདེབས་སུ་བསྒྲིགས་པ་ལ། 1

4 རང་ལ་གདམས་པ་བདེ་ཆེན་གཏེར་མཛོད་སོགས་ཐོར་བུའི་སྐོར་ལ།14

5 བླ་མ་ལྷག་པའི་རྗེ་ལ་གསོལ་བ་འདེབས་ཚུལ་ལ། 2

6 རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་རྣལ་འབྱོར་ལེ་ཚན་གསུམ་དང་རྗེ་བཙུན་བླ་མ་ལ་བརྟེན་པའི་མཚོན་སྲུང་ལ། 8

7 བླ་མའི་རྣལ་འབྱོར་ཚིགས་བཅད་དུ་བསྒྲིགས་པ་ལ། 1

8 བླ་མ་རྒྱུད་སྡེ་བཞིའི་རྣལ་འབྱོར་གྱི་རིམ་པ་ལ། 7

9 དཔལ་འཁོར་ལོ་བདེ་མཆོག་གི་བླ་མའི་རྣལ་འབྱོར་གྱི་སྙིང་པོ་ལ། 2

10 བདེ་མཆོག་ལྷན་སྐྱེས་ཀྱི་བླ་མའི་རྣལ་འབྱོར་ལ། 1

11 བློ་བཟང་བཀའ་འབུམ་ལས་བདེ་མཆོག་ལྷན་སྐྱེས་སྒྲུབ་པའི་མན་ངག་གི་སྙིང་པོ་ལ། 2

12 བདེ་མཆོག་གི་བསྐྱེད་རིམ་གྱི་སྙིང་པོ་བདེ་མཆོག་ལྷན་སྐྱེས་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་ལ། 1

13 བདེ་མཆོག་གི་བསྐྱེད་རིམ་གནད་བསྡུས་དང་དེའི་གཞལ་ཡས་ཁང་བསྒོམ་ཚུལ་ལ། 5

14 བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ལུས་དཀྱིལ་གྱི་བསྐྱེད་རིམ་ཉམས་སུ་ལེན་ཚུལ་ལ། 21

15 ཟབ་ལམ་ན་རོ་ཆོས་དྲུག་གི་ལག་རྗེས་དངོས་གྲུབ་ཀུན་འབྱུང་ལ། 5

16 བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་སྙིང་པོ་ལ། 20

17 དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་ལ། 9

18 དྲིལ་བུ་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་ལུས་དཀྱིལ་གྱི་དབང་ཆོག་ལ། 12

19 བདེ་མཆོག་དྲིལ་བུ་ལུགས་ཀྱི་སྨོན་ལམ་ཤིས་བརྗོད་ལ། 5

20 བདེ་མཆོག་ལུས་དཀྱིལ་སྒོམ་ཚུལ་གྱི་གནད་གསལ་བར་སྟོན་པའི་སྙིང་པོ་ལ། 1

21 རྗེ་བཙུན་བླ་མའི་རྣལ་འབྱོར་བླ་མ་ལྷག་པའི་རྗེ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་སྙིང་པོ་ལ། 4

22 བླ་མ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་གྱི་རྣལ་འབྱོར་གྱི་སྙིང་པོ་ལ། 2

23 བླ་མ་འཇམ་དབྱངས་ཞི་ཁྲོ་གཅིག་ཏུ་སྒྲུབ་པའི་མན་ངག་ཁྱད་པར་ཅན་ལ། 1

24 རྒྱལ་བ་ཤྰཀྱ་ཐུབ་པ་སྒྲུབ་པའི་རྣལ་འབྱོར་གྱི་སྙིང་པོ་ལ། 1

25 བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་སྙིང་པོ་ལ། 3

26 རྗེ་བཙུན་འཇམ་དབྱངས་ལ་བརྟེན་པའི་བླ་མ་རྗེའི་རྣལ་འབྱོར་གྱི་སྙིང་པོ་ལ། 1

27 འཇམ་དབྱངས་དམར་སེར་ལ་བརྟེན་པའི་བླ་མ་རྗེའི་རྣལ་འབྱོར་ལ། 2

28 བླ་མ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་གྱི་སྙིང་པོ་ལ། 1

29 བླ་མ་ལྷག་པའི་རྗེ་རྗེ་བཙུན་མ་སྒྲོལ་མ་སྒྲུབ་ཅིང་གསོལ་བ་འདེབས་པའི་རིམ་པ་ལ། 3

30 ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་ལ་བརྟེན་པའི་བླ་མ་རྗེའི་རྣལ་འབྱོར་གྱི་སྙིང་པོ་ལ། 2

31 ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ཀྱི་སྙིང་པོ་ལ། 2

32 རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་གཅིག་པའི་སྒྲུབ་ཚུལ་ཐུན་མོང་མ་ཡིན་པ་བཅས་ལ། 2

33 བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་རྗེའི་རྣལ་འབྱོར་དང་ལམ་རིམ་སྙིང་པོ་ཉམས་སུ་ལེན་ཚུལ་བཅས་ལ། 53

34 ཐུན་དྲུག་གི་རྣལ་འབྱོར་གྱི་སྙིང་པོ་དང༌།ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཆོ་ག་དགེ་བསྙེན་དུ་བསྒྲུབ་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང་བཅས་ལ། 9

35 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་གཅོད་ཡུལ་སྟན་ཐོག་གཅིག་མ་ལ། 10

36 ལམ་རིམ་ཟུར་འདེབས་ཀྱི་ཟིན་བྲིས་ཤིན་ཏུ་ཟབ་པ་དང༌།ཟུར་འདེབས་ཡིག་ཆུང༌།ལྟ་ཁྲིད་ཀྱི་སྙིང་པོ་དངོས་གྲུབ་

ཀུན་འབྱུང༌།ཞི་ལྷག་གི་མན་ངག་སྙིང་པོ་དྲན་པ་བཞི་ལྡན་གྱི་ཁྲིད་ཀྱི་རིམ་པ་བཅས་ལ། 39

37 བློ་བཟང་བཀའ་འབུམ་ལས་ཚེ་སྒྲུབ་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 45

དཀར་ཆག་ལ། 3

561 ཁ་

1རྗེ་རང་ཉིད་ཀྱི་སྐུ་བསྟོད་རིགས་ཀུན་ཁྱབ་བདག་ལ། 2

2 མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་བསྟོད་ལེ་ཚན་གཉིས་ལ། 4

3 ལམ་རིམ་གསོལ་འདེབས་ལམ་ཕྱོགས་སྒོ་འབྱེད་མའི་ཁ་སྐོང་དང༌།གཏེར་དུང་ལོ་རྒྱུས་ལ། 2

4 གུ་རུ་ཞི་བའི་སྒྲུབ་ཐབས་ལ། 2

5 བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དྲིལ་བུ་ལུས་དཀྱིལ་གྱི་རྫོགས་རིམ་རིམ་པ་ལྔའི་དམར་ཁྲིད་ཟབ་མོ་ལ། 6

6 བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ། 2

7 བློ་བཟང་བཀའ་འབུམ་ལས་བླ་མ་རྡོ་རྗེ་འཆང་གི་སྙིང་པོའི་མན་ངག་ལེ་ཚན་གཉིས་ལ། 3

8 བླ་མ་ལྷག་པའི་རྗེ་ལ་གསོལ་བ་འདེབས་ཚུལ་ལ། 2

9 བློ་བཟང་བཀའ་འབུམ་ལས་འཇམ་དབྱངས་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ལ། 1

10 ཐེག་ཆེན་ཐུན་མོང་པའི་སྐྱབས་འགྲོའི་ཉམས་ལེན་ལ། 1

11 ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་སྙིང་པོ་ལ། 6

12 ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ཉམས་ལེན་གྱི་སྙིང་པོ་ལེ་ཚན་གཉིས་ལ། 7

13 ཐུན་མོང་པའི་སྐྱབས་འགྲོའི་ཉམས་ལེན་གྱི་སྙིང་པོ་ལ། 3

14 བློ་བཟང་བཀའ་འབུམ་ལས་དགེ་བསྙེན་གྱི་སྡོམ་པ་འབོག་པའི་ཆོ་ག་ལ། 4

15 བློ་བཟང་བཀའ་འབུམ་ལས་འདུལ་བའི་བསླབ་བྱ་རྒྱ་མཚོ་ལྟ་བུ་ལས་མདོར་བསྡུས་པའི་སྙིང་པོ་ཉམས་སུ་ལེན་ཚུལ་དང༌།བྱང་སེམས་ཀྱི་བསླབ་བྱ་སྔགས་ཀྱི་བསླབ་བྱའི་སྙིང་པོ་བཅས་ལ། 22

16 དཔལ་གསང་འདུས་རྟེན་གྱི་དཀྱིལ་འཁོར་ཕྱིན་ཅི་མ་ལོག་པའི་གསལ་བྱེད་དངོས་གྲུབ་ཀུན་འབྱུང་དང༌།བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་མན་ངག་གི་སྙིང་པོ་བཅས་ལ། 24

17 སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་དཀར་ཆག་ལ། 1

18 སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་སོགས་ལ། 40

19 རྗེ་བླ་མ་སྐྱབས་མཆོག་དཔལ་བཟང་པོའི་རྣམ་ཐར་ཐུན་མོང་མ་ཡིན་པ་དང༌།ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་དམ་ཐར་བཅས་ལ། 11

20 ཚ་གསུར་དང་བསྔོ་བའི་རིམ་པ་བཅས་ལ། 5

21 རྟ་མགྲིན་གྱི་སྒྲུབ་ཐབས་ལེ་ཚན་གསུམ་ལ། 6

22 དགེ་སློང་གི་བསླབ་བྱ་རྒྱས་པ་ལ། 32

23 ཆུའི་བཅུད་ལེན་གྱི་སྙིང་པོ་དང་བྲིས་སྐུ་མཐོང་བ་དོན་ལྡན་འབྲི་ཚུལ།རྟེན་ལ་གཟུངས་གཞུག་འབུལ་ཚུལ་བཅས་ལ།13

24 ཆོས་སྐྱོང་སྒྲུབ་སྐོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 91

25 གསུང་བཀའ་རྒྱ་མའི་དཀར་ཆག་ལ། 2

26 གསུང་བཀའ་རྒྱ་མའི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 91

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །དབེན་ས་བློ་བཟང་དོན་གྲུབ་ནི།གཙང་གཡས་རུ་བདེ་རྒྱས་བྱེ་མ་གླིང་གི་གཙུག་ལག་ཁང་དང་འདབས་ཆགས་པ་ན་གཙང་པོ་འབབ་པའི་འགྲམ་རྗེ་ཁུད་ཀྱི་ཕུ་དབེན་ས་ཞེས་པར་བསོད་ནམས་ཕྱོགས་ཀྱི་གླང་པོ་དང་རུས་གཅིག་པའི་ཡབ་བསོད་ནམས་རྡོ་རྗེ་དང༌།ཡུམ་དཔལ་འཛོམས་སྐྱིད་ཅེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་མོ་གླང་1505ལོ་ལ་སྐུ་བལྟམས།ཆུང་ངུའི་དུས་དགེ་འཕེལ་གྱི་མཁན་ཆེན་ལེགས་བློ་བས་མཚན་མགོན་པོ་སྐྱབས་སུ་བཏགས་གནང༌།དགུང་ལོ་བརྒྱད་པའི་དུས་སྐབས་སྒྲུབ་པའི་མཛད་བཟང་ཡོང་རྒྱུའི་མཚན་ལྟས་བྱུང༌།དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་རྗེ་རི་རྩེ་པ་གྲགས་པ་དོན་གྲུབ་པའི་དྲུང་ནས་རབ་ཏུ་བྱུང་ནས།མཚན་བློ་བཟང་དོན་གྲུབ་ཏུ་གསོལ།དེ་ནས་བཀྲ་ཤིས་ལྷུན་པོར་བྱོན་ཏེ།བློ་བཟང་བཤེས་གཉེན་དྲུང་དུ་སྦྱོར་བ་བརྩིས་བ་སོགས་རྩིས་རིག་སློབ་གཉེར་མཛད་དེ་རྗེས་སོར་བཤོལ།རྗེ་བློ་གྲོས་རྒྱལ་མཚན་དང༌།རྗེ་ཐུབ་བསྟན་རྣམ་རྒྱལ་སོགས་ཀྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསན།དེ་ནས་གྲུབ་ཆེན་ཆོས་རྡོ་རྗེ་དང་རྗེ་ཉིད་མཇལ་ནས་འགར་མོ་རྫོང་སོགས་དབུས་གཙང་ཀུན་ཏུ་ཡབ་སྲས་གཉིས་ཀས་གནས་ངེས་མེད་མཛད་དེ་བྱོན་ནས།སླར་གཙང་དུ་ཕེབས་ཏེ་པ་ནམ་ཇོ་མོ་རྗེ་རིའི་སྒྲུབ་གནས་ཀྱི་རྒྱལ་ཚན་མཛད།དགུང་ལོ་དྲུག་ཅུ་རེ་གཅིག་རབ་བྱུང་དགུ་པའི་མེ་སྟག་སྟེ་1566 ལོ་ལ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་སྐུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

                                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།