མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 23:39:03     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

IMG_5440.JPG

  

པར་པོད།ཤོག་གྲངས།

554 དང་པོ།

1 བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་སྤྱི་དོན་རྣམ་བཤད་སྙིང་པོ་རྒྱན་གྱི་སྣང་བ་ཞེས་བྱ་བ་ལས་སྐབས་དང་པོ་ལ། 141

2 སྐབས་གཉིས་པ་ལ། 37

3 སྐབས་གསུམ་པ་ལ། 15

4 སྐབས་བཞི་པ་ལ། 65

5 སྐབས་ལྔ་པ་ནས་སྐབས་བདུན་པའི་བར་ལ། 21

6 སྐབས་བརྒྱད་པ་ལ། 24

555 གཉིས་པ།

1 བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་མཐའ་དཔྱོད་ལེགས་བཤད་པད་མ་དཀར་པོའི་ཕྲེང་བའི་སྐབས་དང་པོར། 77

2 སྐབས་དང་པོའི་བར་ཆ་ལ། 54

3 སྐབས་དང་པོའི་སྨད་ཆ་ལ། 56

4 སྐབས་གཉིས་པར། 55

5 སྐབས་གསུམ་པར། 20

6 སྐབས་བཞི་པར། 68

7 སྐབས་ལྔ་པ།དྲུག་པ།བདུན་པ་བཅས་ལ། 25

8 སྐབས་བརྒྱད་པ་ལ། 27

556 གསུམ་པ།

1 དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དོན་བསྡུས་བློ་གསལ་གཞོན་ནུའི་མགུལ་རྒྱན་ལ། 8

2 དྲང་ངེས་དམ་འབྱེད་ཀྱི་སྤྱི་དོན་ལེགས་བཤད་པད་དཀར་ཕྲེང་བ་ལ། 18

3 རྟེན་འབྲེལ་གྱི་མཐའ་དཔྱོད་ལ། 25

4 རྟེན་འབྲེལ་གྱི་སྤྱི་དོན་ལེགས་བཤད་པད་དཀར་ཕྲེང་བ་ལ། 14

5 ཡིད་དང་ཀུན་གཞིའི་དཀའ་གནད་རྒྱ་ཆེར་འགྲེལ་པ་ལེགས་བཤད་འབྲུ་འགྲེལ་གསལ་སྒྲོན་ལ། 34

6 ཀུན་གཞིའི་དཀའ་གནད་བློ་གསལ་མགུལ་རྒྱན་ལ། 46

7 བསམ་གཟུགས་ཀྱི་སྤྱི་དོན་པད་དཀར་ཕྲེང་བ་ལ། 25

8 བསམ་གཟུགས་ཀྱི་མཐའ་དཔྱོད་ལ། 18

9 དགེ་འདུན་ཉི་ཤུའི་སྤྱི་དོན་ལ། 18

10 དེའི་མཐའ་དཔྱོད་ལ། 37

557 བཞི་པ།

1 བསྟན་བཅོས་ཆེན་པོ་དབུ་མ་འཇུག་པའི་སྤྱི་དོན་རྣམ་བཤད་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པའི་བློ་གསལ་སྒྲོན་མེ་ལ། 162

2 རྣམ་བཤད་དགོངས་པ་རབ་གསལ་གྱི་མཐའ་དཔྱོད་རིག་པའི་རྒྱ་མཚོ་བློ་གསལ་གྱི་འཇུག་སྒོ་ལ། 177

558 ལྔ་པ།

1 བསྟན་བཅོས་འདུལ་བ་མདོ་རྩ་བའི་སྤྱི་དོན་ཊིཀ་ཆེན་རིན་ཆེན་ཕྲེང་བའི་དགོངས་རྒྱན་ལ། 217

2 གཞི་སྨད་ལ། 128

142

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་ནི་དབུས་སྟོད་ཀླུང་ཤོད་དབུ་སྣར་རབ་བྱུང་བརྒྱད་པའི་ཆུ་གླང་1493 ལོ་ལ་འཁྲུངས།སྐུ་གཞོན་ནུའི་དུས་ནས་གསུང་རབ་ལ་སྤྱངས་པས་དགེ་བའི་བཤེས་གཉེན་ཆེན་པོར་གྱུར།མལ་གྲོ་ཆ་དཀར་གྱི་བླ་མ་མཛད་སྐབས་འབྲི་གུང་པའི་དམག་འཕོག་པས་བྲག་དབར་དུ་སྤོས་ཤིང་མཁར་སྐྱ་དགོན་གྱི་ཞལ་བདག་མཛད།དེ་རྗེས་བྱང་རྩེར་ཕེབས།དགུང་ལོ་དོན་གསུམ་ལ་ཕེབས་སྐབས་དགའ་ལྡན་ཁྲི་ཐོག་ཉི་ཤུ་རྩ་གཉིས་པ་མཛད།དགུང་ལོ་དོན་བདུན་ཏེ་ས་སྦྲུལ་1569 ལོ་ལ་གཤེགས།གསུང་འབུམ་པོད་ལྔ་བཞུགས།

                                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།