བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 20:57:20     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

xin_4930508270938015149794.jpg

བྲིས་པོད།ཤོག་གྲངས།

573 དང་པོ།

ཀ རྗེ་བཙུན་དམ་པ་བ་སོ་སྤྲུལ་པའི་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་གི་གསུང་ཐོར་བུ་ལས་བླ་མ་མཆོད་པའི་ཆོ་ག་

ལ།6

ཁ།གསུང་ཐོར་བུ་ལས་ཐུགས་རྗེ་ཆེན་པོ་སྒྲུབ་པའི་ཐབས་ལ།21

ག ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པའི་རིམ་པ་ལ། 16

ང་།རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་རྡོ་རྗེ་རྒྱལ་མཚན་གྱི་གསུང་ཕྱག་རྒྱ་ཆེན་པོའི་མན་ངག་ལ། 3

ཅ།གཅོད་ཀྱི་གདམས་པའི་སྐོར་གྱི་དབུ་ཕྱོགས་ལ། 25

ཆ།གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ལུས་སེམས་ཀྱི་རྡོ་རྗེ་སྦས་པའི་དོན་རྒྱུད་ཀྱི་དགོངས་པ་ལྟར་བྲིས་པ་ལ། 36

ཇ།ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་གསུང་སངས་རྒྱས་ཀྱི་སར་བགྲོད་པའི་མན་ངག་གི་ཊིཀ་ལ། 22

ཉ།ངེས་དོན་རྡོ་རྗེའི་གླུ་ཕྲེང་ལ། 18

ཏ།རི་ཆོས་ལས་རང་སྣང་བླ་མའི་ཁྱེར་སོ་དངོས་གྲུབ་ཀྱི་འདོད་འཇོར། 14

ཐ།བློ་སྦྱོང་དམ་གྲོལ་ཞིང་དུ་བགྲོད་པའི་ཤིང་རྟ་ལ། 3

ད།གྲུབ་ཆེན་གྱི་གསང་བའི་གདམས་པ་དགེ་ལྡན་ཕྱག་ཆེན་ལ།9

ན།སེམས་ཀྱི་རྡོ་རྗེ་རིག་པའི་རྣལ་འབྱོར་གསང་བའི་ཕྱག་རྒྱ་ལ། 8

པ།ལས་དང་པོ་པར་མཁོ་བའི་ལྟ་བའི་ཟུར་འདེབས་ལ། 4

ཕ།རིག་པའི་ཐད་ཚོད་བལྟ་བའི་དམ་བཞག་སིང་ཧ་མུ་ཁའི་སྒྲུབ་ཐབས་ལ། 11

བ།ཉམས་ལེན་དགོས་འགག་གསུམ་གྱི་དྲིས་ལན་ལ། 9

མ།འཕོ་བའི་གདམས་པ་རྒྱས་པར་བཤད་པའི་དབུ་ཕྱོགས་ལ། 5

ཙ།འཕོ་བ་བསྡུས་པ་དག་པ་མཚམས་སྦྱ་ལ། 3

ཚ།མགོན་པོ་སྙིང་ཞུགས་གདམས་པ་རྒྱུན་གྱི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ལ། 4

ཛ།གཏོར་མའི་བརྡོ་དོན་ཤེས་པའི་དབུ་ཕྱོགས་ལ། 14

ཝ།རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་མགུར་གྱི་རྣམ་བཤད་ལ། 4

ཞ བླ་མ་མཆོད་པའི་དཀའ་གནད་ཀྱི་འབྲུ་འགྲེལ་ལ། 6

ཟ།བྱང་ཆུབ་ལྟུང་བཤགས་ཀྱི་སྒོ་ནས་སྒོ་གསུམ་སྡིག་བཤགས་ཀྱི་ཐབས་བླ་ན་མེད་པ་ལ། 8

འ།ཐར་འདོད་ཀྱི་སྐྱེས་བུའི་སྒོ་གསུམ་གྱི་བྱ་བ་ཆུད་མ་བཟོས་པར་བྱ་བ་བླང་དོར་གྱི་གནས་འབྱེད་པའི་བསྟན་བཅོས་ལ།10

ཡ།རྣལ་འབྱོར་གྱི་དབང་ཕྱག་ན་རོ་པའི་རྟོགས་བརྗོད་ལ། 8

ར།མི་ལ་རྗེའི་བསྟོད་པ་ལ། 4

ལ།ལས་གཤིན་ལ་བསྟོད་པ་ཐུགས་རྗེ་བསྐུལ་བ་ལ། 2

ཤ ཉམས་སྣང་རྨི་ལམ་གྱི་བརྡོ་ཆོས་བརྗེད་ཐོར་བྲིས་པ་ལ།6

ས།སྐུ་གཟུགས་གསལ་བྱེད་བླ་ན་མེད་པ་ཚིགས་སུ་བཅད་པ་རིན་ཆེན་མེ་ལོང་ལ། 16

574 གཉིས་པ།

ཧ།བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་གི་གསུང་ཐོར་བུ་ལས་སྙིང་པོ་དོན་གསུམ་གྱི་སྨོན་ལམ་ལ། 5

ཨ།ཐེག་ཆེན་ཐུན་མོང་མ་ཡིན་པ་གསང་བདེ་འཇིགས་གསུམ་གྱི་སྨོན་ལམ་ལ། 5

ཀི།གསང་བ་འདུས་པའི་སྔགས་ཀྱི་རྗེ་སྐུའི་རྣལ་འབྱོར་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལ། 38

ཁི།དཔལ་གསང་བ་འདུས་པའི་ལུས་དཀྱིལ་གྱི་བཤད་པ་ལ། 14

གི།གསང་བ་འདུས་པའི་རྫོགས་རིམ་ལ། 11

ངི།རྣལ་འབྱོར་བླ་མེད་རྒྱུད་ཀྱི་རྡོ་རྗེ་གསུམ་འདུས་པའི་དཀྱིལ་འཁོར་སྒྲུབ་མཆོད་ལ། 28

ཅི1) འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བསྐྱེད་རིམ་རྣམ་གཞག་ལ།27

ཅི2) འཇིགས་བྱེད་ཀྱི་རྫོགས་རིམ་མདོར་བསྡུས་ལ། 7

ཆི།ཙོང་ཁ་པ་ཆེན་པོའི་རྣམ་ཐར་རྨད་བྱུང་གཏམ་བརྒྱ་པ་ལ། 41

ཇི།རབ་བཏགས་ཀྱི་རྒྱན་བཟང་པོ་ངེས་དོན་སྦྲང་རྩིའི་སྨན་བཅུད་ལ། 22

ཉི།ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རྣམ་བཤད་ལ། 22

ཏི།བསངས་རྫས་མེ་དང་བཅས་པ་ལ། 2

ཐི།འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་སྟོན་པའི་བཤད་པ་ལ། 3

དི1) བསྐྱེད་རིམ་རྣམ་གཞག་མདོར་བསྡུས་ལ། 15

དི2) ཞི་གནས་སྒྲུབ་པའི་ཚུལ་ལ། 6

ནི།ཉེར་མཁོ་ལྟ་སྒོམ་སྐྱོང་ཚུལ་ལ། 3

པི།ལྟ་སྒོམ་སྤྱོད་གསུམ་སྐྱོང་ཚུལ་ལ། 5

ཕི།ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་འདེབས་ལ། 2

བི།ལྟ་བའི་ཟིན་བྲིས་ཀྱི་དབུ་ཕྱོགས་ལ། 2

མི།གཞི་བདག་ལ་གཏོར་མ་འབུལ་བའི་དབུ་ཕྱོགས་ལ། 1

ཙི།རང་སེམས་སྤྲོས་པ་གཅོད་པའི་རྩ་བའི་རྡོ་རྗེའི་མགུར་ལ།1

ཚི།པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསང་བའི་རྣམ་ཐར་ལ། 15

ཛི།གསོལ་འདེབས་ལ། 1

ཝི།བསྡོ་བའི་རིམ་པ་ལ། 4

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་ནི་དབུས་སྟོད་སྤུན་དྲུག་རྫོང་དུ་ཡབ་སྡེ་པ་སྒམ་བུ་དང༌།ཡུམ་བསོད་ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པ་མེ་རྟ་1606 ལ་འཁྲུངས།སྐུ་གཞོན་དུས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་དུ་རབ་བྱུང་བསྒྲུབས།དེ་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།དགུང་ལོ་ཉི་ཤུ་རྩ་བཞི་ལ་རྒྱལ་བ་ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉི་ཤུ་རྩ་དྲུག་ལ་རྗེ་ས་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་མཛད་པས་མཁས་པའི་གྲགས་པ་ཐོབ།དེ་ནས་གཞིས་དགོན་དུ་ཕྱིར་ཕེབས་ནས་བྱ་ཕུག་མདོ་སྔགས་དར་རྒྱས་གླིང་དང་རྟ་ཚག་དགོན་པ་སོགས་དགོན་ཁག་སུམ་ཅུ་ཙམ་དང༌།དགེ་འདུན་སྟོང་ཕྲག་གཉིས་ཙམ།མི་སེར་དུད་ཁག་སྟོང་ཕྲག་བདུན་ལ་ཉེ་བའི་བླ་མ་དང་དཔོན་པོ་གཉིས་ཀ་མཉམ་དུ་མཛད།དགུང་ལོ་ཞེ་བཞི་ལོ་རྒྱལ་བ་ལྔ་པར་རང་དམ་རྩོམ་དགོས་པའི་ཞབས་བསྐུལ་ཞུས།མཁས་པའི་བྱ་བ་དམ་གསུམ་གྱི་སྒོ་ནས་མཐར་དགུང་ལོ་ཞེ་བདུན་ཏེ་ཆུ་འབྲུག 1652 ལ་སྐུ་གཤེགས།གསུང་འབུམ་བྲིས་མ་པོད་གཉིས་བཞུགས།

                                                         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

 

བརྒྱུད་འགོད།