བ་སོ་རྗེ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 20:53:10     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

91ed27bb373cfe9423b804dce38f0196.jpg

བྲིས་པོད།ཤོག་གྲངས།

 

568

1 དགེ་སློང་རྡོ་རྗེ་འཛིན་པ་རྗེ་དབང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་ཐོར་བུ་དམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་རྗེ་ཉིད་སྐུ་གཞོན་ནུའི་དུས་ཀྱི་མཛད་པ་དང༌།སྙན་ངག་ཆབ་ཤོག་སྣ་ཚོགས་ལ། 99

2 རྫོགས་པའི་སངས་རྒྱས་བྱང་སེམས་གསུང་སྐྱེས་དང༌།འཇིག་རྟེན་སྐྱོང་པ།བསྟན་པ་སྲུང་མཛད་བཅས་མདོར་བསྡུས་ལ། 9

3 བསྒོམ་བཟླ་ས་མདོར་བསྡུས་ཚུལ་ལ། 3

4 མགོན་པོ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་ལ། 4

5 གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་བསྒོམ་པར་འདོད་པའི་སྒྲུབ་ཐབས་ལ། 3

6 དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བདག་ཉིད་ཀྱི་སྒྲུབ་ཐབས་ལ། 9

7 རྟ་མཆོག་རྒྱལ་པོའི་སྒྲུབ་ཐབས་མདོར་བསྡུས་ལ། 13

8 དཔལ་དུས་འཁོར་སྦྱིན་སྲེག་ཐུན་མོང་མ་ཡིན་པའི་ཆོ་ག་རྒྱས་པ་ལ། 4

9 དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་རིམ་སྣ་ཚོགས་ཉམས་སུ་ལེན་པའི་ཚུལ་ལ། 10

10 རིམ་ལྔའི་དམར་ཁྲིད་ཉམས་སུ་ལེན་པ་ལ། 15

11 དཔལ་གསང་བ་འདུས་པའི་སྨོན་ལམ་གྱི་ཚིག་དོན་ཅུང་ཟད་མཆན་གྱི་སྒོ་ནས་གསལ་བར་བྱེད་པ་ལ། 13

12 དཔལ་འཁོར་ལོ་བདེ་མཆོག་སྨོན་ལམ་གྱི་ཚིག་དོན་མཆན་གྱི་སྒོ་ནས་ཅུང་ཟད་གསལ་བར་བྱེད་པ་ལ། 17

13 སྔོན་འགྲོའི་ཆོས་བཤད་ཡིད་ཀྱི་ལྕགས་ཀྱུ་ལ། 9

14 ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་ལ། 3

15 བཤེས་གཉེན་བསྟེན་ཅིང་མཆོད་ཚུལ་མདོར་བསྡུས་བྱེད་ཚུལ་ལ།12

16 རང་གཞན་དོན་གཉིས་སྒྲུབ་ཚུལ་མདོར་བསྡུས་ལ། 13

17 མགོན་པོ་འཇམ་དཔལ་དབྱངས་སྒྲུབ་ཚུལ་ལ། 1

18 རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྒོམ་ཚུལ་ལ། 1

19 གསང་བདག་ཕྱག་ན་རྡོ་རྗེ་སྒོམ་ཚུལ་ལ། 2

20 བླ་མ་ཡེ་ཤེས་མཁའ་འགྲོ་ལ་གུས་བཏུད་དེ་ཉིད་སྒྲུབ་པའི་ཐབས་མདོར་བསྡུས་ལ། 6

21 གཤིན་རྗེ་གཤེད་སྒྲུབ་ཐབས་ལ། 6

22 རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་ལ། 1

23 དྲི་བའི་ལན་འདེབས་ལ། 1

24 དཔལ་ལྡན་འདུས་པའི་དཀྱིལ་ཆོག་ཚིག་དོན་ལ། 14

25 རྒྱལ་བ་བསོད་ནམས་རྒྱ་མཚོའི་གསེར་གདུང་དཀར་ཆག་ལ། 9

26 དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་བསྟོད་པ་ལ། 1

27 རྗེ་བཙུན་བློ་བཟང་གྲགས་པའི་རྣམ་ཐར་མདོར་བསྡུས་ལ། 13

28 དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྐང་བ་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །བ་སོ་རྗེ་དབང་ཆོས་ཀྱི་རྒྱལ་མཚན་ནི་མདོ་སྨད་ཁུལ་རབ་བྱུང་དགུ་པའི་མེ་བྱ་1537 ལོར་འཁྲུངས།ཆུང་ངུའི་དུས་མཚན་ཆོས་སྐྱོང་མགོན་པོ་དང་དཔའ་བོ་རྡོ་རྗེ་ཡང་ཞུ།དགུང་ལོ་བདུན་ལ་ཕེབས་སྐབས་ཡབ་ཡུམ་ལ་རབ་ཏུ་བྱུང་དགོས་པའི་ཞུ་བ་གསོལ།བླ་མ་ཀུན་དགའ་བཟང་པོ་དགེ་རྒྱན་དུ་བསྟེན་ནས་ཆོས་སྤྱོད་སོགས་འཛིན་སྐྱོར་མཛད།དགུང་ལོ་བཅུ་གཉིས་ཐོག་རྒྱལ་བ་དམ་པ་འཕགས་པ་སངས་རྒྱས་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས།མཚན་རྗེ་དབང་ཆོས་ཀྱི་རྒྱལ་མཚན་དུ་གསོལ་ནས་སྒར་ཐོག་དགོན་གྱི་ཆོས་གྲྭར་བཞུགས།སྤྱོད་འཇུག་དང༌།བློ་སྦྱོང་སོགས་གསན་བསམ་མཛད།དགུང་ལོ་ཉེར་གཅིག་ཐོག་དབུས་སུ་ཕེབས་ཏེ་གསང་ཕུ་སོགས་ལ་ལོ་བཅུ་གཅིག་རིང་བཞུགས་ནས་གཞུང་ཆེན་བཀའ ་པོད་ལྔར་ཐུགས་གཉེར་མཛད།གངས་ཅན་མགོན་པོ་རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ་བར་འབྲས་སྤུངས་སུ་ཕེབས་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ།དགུང་ལོ་སོ་བཞིའི་ཐོག་རང་ཡུལ་དུ་ཕྱིར་ཕེབས།དགུང་ལོ་ཞེ་བཞི་ཆུ་འབྲུག་ལོ་ཆབ་མདོ་བྱམས་པ་གླིང་དགོན་གྱི་ཁྲིར་ཕེབས།ཕྱོགས་དེའི་གདུལ་བྱ་དམས་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད།དགུང་ལོ་རེ་དགུ་སྟེ་ཤིང་སྦྲུལ་1605 ལོར་གཤེགས།གསུང་འབུམ་བྲིས་མ་པོད་གཅིག་བཞུགས།

 

                                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

 

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།