མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 20:36:11     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 

xin_4930508270938015149794.jpg 

པར་པོད། ཤོག་གྲངས།

565

ཀརྒྱལ་བ་བློ་བཟང་དོན་གྲུབ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་དངོས་གྲུབ་ཀུན་འབྱུང་ལ། 4

ཁ། རྒྱལ་བ་བློ་བཟང་དོན་གྲུབ་ལ་བརྟེན་པའི་ཟབ་ལམ་བླ་མ་རྗེའི་ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི་རིམ་པ་ལ། 9

གརྒྱལ་བ་བློ་བཟང་གྲགས་པ་ལ་བརྟེན་པའི་ཕྱི་ནང་གསུམ་གྱི་སྒྲུབ་ཐབས་དང༌། བླ་མའི་རྣལ་འབྱོར་གྱི་སྙིང་པོ་བསྟོད་པ་སོགས་ཐོར་བུ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 21

ང་། བླ་མཆོད་ཆོ་ག་དངོས་གྲུབ་ཀུན་འབྱུང་ལ། 30

ཅ། གསུམ་མགུར་ཆབ་ཤོག་དྲིས་ལན་སོགས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 71

ཆ། དྷ་རྨ་སྭ་མིའི་ཡི་དམ་དུ་གནང་བའི་ཟབ་ལམ་བླ་མ་རྗེའི་རྣལ་འབྱོར་གྱི་སྙིང་པོ་བླ་མཆོད་བསྡུས་པ་དངོས་གྲུབ་ཀུན་འབྱུང་ལ། 17

ཇ། བླ་མའི་རྣལ་འབྱོར་གྱི་སྙིང་པོ་དངོས་གྲུབ་ཀུན་འབྱུང་ལ། 8

ཉ། བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང༌། བྱེ་མདའ་ནས་གནང་བའི་ཚེ་སྒྲུབ་དང༌། ཁྱུང་ཁྲའི་སྒྲུབ་ཐབས་སོགས་ཐོར་བུ་འགའ་ལ། 10

ཏ། གཏོར་མ་བརྒྱ་རྩ་བསྡུས་པ་ལ། 7

ཐ། ལམ་ཟབ་མོ་བླ་མ་རྗེའི་རྣལ་འབྱོར་གྱི་སྙིང་པོ་ལ། 9

ད། ལམ་ཟབ་མོ་ཐུན་མོང་བའི་བླ་མ་རྗེའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། 22

ན། ལམ་རིམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 10

པ། ལམ་རིམ་སྐྱེས་བུ་ཆུང་ངུའི་དམིགས་སྐོར་ཟིན་བྲིས་ལ། 8

ཕ། དབེན་ས་བཀའ་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་གྱི་མན་ངག་ལ། 12

བ། ཐེག་ཆེན་ཐུན་མོང་བའི་བླ་མ་རྗེའི་རྣལ་འབྱོར་གྱི་སྒོ་ནས་སྐྱེས་བུ་གསུམ་གྱི་ལམ་རིམ་ཁྲིད་དངོས་གྲུབ་ཀུན་འབྱུང་ལ། 25

མ། བློ་སྦྱོང་དོན་བདུན་མར་གྲགས་པ་བཤད་ཆོས་ཙམ་མ་ཡིན་པར་རྒྱུད་ལ་སྦྱོར་ཚུལ་གོ་བདེ་བར་བརྗོད་པ་ལ། 21

ཙ། བླ་མའི་རྣལ་འབྱོར་ལ་ཉེ་བར་མཁོ་བ་དུ་མའི་ཟུར་འདེབས་དང༌། མགོན་པོའི་ཧྰུཾ་དྲུག་གི་དམིགས་རིམ་ཟིན་བྲིས་ལ། 9

ཚ། གཅོད་ཀྱི་གདམས་པ་བདེ་ཆེན་ལམ་གྱི་སྙིང་པོ་དང་དབུ་མའི་ཟིན་བྲིས་བཅས་ལ། 13

ཛ། རྗེ་བཙུན་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང༌། ཞི་ལྷག་སྒོམ་ཚུལ་གྱི་སྙིང་པོ་བཅས་ལ། 5

ཝ། སྨན་བླ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང༌། བླ་མ་རྟ་མགྲིན་གྱི་རྣལ་འབྱོར་བཅས་ལ། 8

ཞབླ་མ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ལ། 8

ཟ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ལ། 11

འ། ཚོགས་ཀྱི་འཁོར་ལོའི་ཆོ་ག་དང༌། ཇ་མཆོད་བདེ་ཆེན་ཀུན་བཟང༌། ཟློག་པའི་མན་ངག་ཟུར་སྐོར་བ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པའི་བསྐང་བ་བཅས་ལ། 7

ཡ། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཆོ་ག་ལ། 6

ར། བླ་མ་སྤྱན་རས་གཟིགས་རྒྱུད་སྡེ་རྒྱ་མཚོའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ལ། 28

ལ། སྨྱུང་བར་གནས་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང་ལ། 15

ཤཚེ་ཁྲིད་ཚིགས་བཅད་དང་ཚེ་དབང་བསྐུར་ཚུལ་གྱི་ཟུར་འདེབས་ཚེ་དབང་བརྒྱ་རྩ་བསྐུར་ཚུལ་མདོར་བསྡུས་བཅས་ལ། 7

ས། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པའི་ཊིཀ་མཐོང་བ་དོན་ལྡན་ལ། 14

ཧ། ཆོས་སྐྱོང་ཆེན་པོ་རྣམས་ཀྱི་མངོན་རྟོགས་ཀྱི་རིམ་པ་དམས་དང༌། རྩ་བ་གསུམ་གྱི་རྗེ་ཚོགས་རྒྱ་མཚོ་གཅིག་ཏུ་དྲིལ་ནས་མཆོད་གཏོར་རིམ་པ་རྒྱས་པ་ལ། 14

ཨ། དྲུག་ཅུ་མའི་གཏོར་ཆེན་དང༌། འགྲེལ་གཏོར་འབུལ་བ་སོགས་ཀྱི་སྐབས་དམིགས་པ་བྱེད་ཚུལ་ཤིན་ཏུ་ཟབ་པ། དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྐང་བཤགས་བསྟན་དགྲ་མྱུར་འཇོམས་བཅས་ལ། 8

ཀི། ཕྱག་རྡོར་གཏུམ་པོ་ཁྱུང་ལྔ་དང༌། མགོན་པོ། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་བཅས་ཀྱི་རྗེས་གནང་བྱ་ཚུལ་ལ། 19

ཀུ། གཏོར་མའི་སྙིང་པོའི་ཆོ་ག་རྒྱས་བསྡུས་གཉིས་ལ། 22

ཀེ། བླ་མ་ཡི་དམ་དཔལ་མགོན་སྲུང་ཚོགས་ལ་མཆོད་གཏོར་འབུལ་བའི་ཚུལ་ལ། 16

ཀོ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་སྟོབས་ཆེན་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་བདུད་དཔུང་ཚར་གཅོད་དང་གུར་མགོན་སྤྱན་འདྲེན་བཅས་ལ། 13

དཀར་ཆག་ལ། 3

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །མཁས་གྲུབ་སངས་རྒྱས་ཡེ་ཤེས་ནི་གཙང་གཡག་སྡེའི་ཕྱོགས་སུ་ཡབ་བླ་མ་རིན་ཆེན་དང༌། ཡུམ་ཆོས་བསྟན་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཤིང་བྱ་1525ལོ་ལ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་བཞི་ཡོད་པའི་ནང་རྗེ་ཉིད་ནུ་བོ་ཆུང་ཤོས་ཡིན། དགུང་ལོ་བཅུ་པར་རྗེ་ཡོན་ཏན་བཟང་པོའི་མདུན་དུ་དགེ་བསྙེན་བསྒྲུབས། མཚན་ཆོས་སྐྱབས་རྡོ་རྗེར་གསོལ། དེ་ནས་བཟུང་ཆོས་སྤྱོད་སོགས་ཀློག་འཛིན་མཛད། བ་སོ་ལྷུན་གྲུབ་བདེ་ཆེན་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་སངས་རྒྱས་ཡེ་ཤེས་སུ་གསོལ། དགུང་ལོ་བཅོ་ལྔ་པར་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད། རྗེ་བརྩོན་འགྲུས་རྒྱལ་མཚན་དྲུང་ནས་རྩིས་དང་རྟ་ནག་པ་དགེ་འདུན་བློ་བཟང་དྲུང་དུ་ཚད་མ་སོགས་གསན། དགུང་ལོ་བཅོ་བརྒྱད་པ་ནས་དབུ་ཚད། འདུལ་བ། མཛོད་སོགས་གཞུང་ཆེན་ལ་གསན་བསམ་མཛད། དགུང་ལོ་ཉེར་དྲུག་པར་བཀྲ་ཤིས་ལྷུན་པོའི་ཆོས་ཁྲིམས་པ་མཛད་ནས་དགོན་པའི་འདུལ་ཁྲིམས་ལེགས་པར་བསྐྱངས། ཁོང་གིས་དབེན་ས་པ་བློ་བཟང་དོན་གྲུབ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་རེ་དྲུག་སྟེ་ལྕགས་སྟག1590ལོ་ལ་སྐུ་གཤེགས། གསུང་འབུམ་པོད་གཅིག་བཞུགས།

 

                                        རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

 

 

བརྒྱུད་འགོད།