སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 15:25:48     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

t01063f6636e562fcc8.jpg

སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

 

པར་པོད།ཤོག་གྲངས།

538 དང་པོ།

1 བསྟན་བཅོས་མངོན་རྟོགས་རྒྱན་གྱི་མཐའ་དཔྱོད་ལེགས་བཤད་གསེར་གྱི་ཕྲེང་བ་མཁས་པའི་མགུལ་རྒྱན་སྐབས་དང་

པོ་ལ། 164

2 སྐབས་གཉིས་པའི་མཐའ་དཔྱོད་དྲི་མ་མེད་པར། 71

3 སྐབས་གསུམ་པར། 23

4 སྐབས་བཞི་པར། 63

5 སྐབས་ལྔ་པ།དྲུག་པ།བདུན་པ་རྣམས་ཀྱི་མཐའ་དཔྱོད་ལ། 18

6 སྐབས་བརྒྱད་པར། 15

539 གཉིས་པ།

1 བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་དང༌།རྣམ་བཤད་སྙིང་པོ་རྒྱན་གཉིས་ཀྱི་སྤྱི་དོན་སྐལ་བཟང་རོལ་མཚོ་ལ།137

2 སྤྱི་དོན་སྐལ་བཟང་རོལ་མཚོའི་སྐབས་དང་པོར། 45

3 ཀླུ་དབང་རོལ་མཚོའི་སྦྱོར་ལམ་གྱི་སྤྱི་དོན་ལ། 23

4 རིགས་ཀྱི་སྤྱི་དོན་ལ། 30

5 ཀླུ་དབང་རོལ་མཚོའི་གོ་སྒྲུབ་མན་ལ། 79

540 གསུམ་པ།

1 བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པའི་རྣམ་བཤད་དམ་པ་གཉིས་ཀྱི་དཀའ་གནད་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ་སྐབས་གཉིས་པའི་སྤྱི་དོན་ལ། 85

2 སྐབས་གསུམ་པའི་སྤྱི་དོན་ལ། 34

3 སྐབས་བཞི་པའི་སྤྱི་དོན་ལ། 147

4 སྐབས་ལྔ་པའི་སྤྱི་དོན་ལ། 36

5 སྐབས་བརྒྱད་པའི་སྤྱི་དོན་ལ། 68

541 བཞི་པ།

1 དྲང་ངེས་དམ་འབྱེད་ཀྱི་སྤྱི་དོན་རྒྱོལ་ངན་ཚར་གཅོད་རིན་པོ་ཆེའི་ཕྲེང་བ་ལ། 54

2 རྟེན་འབྲེལ་གྱི་སྤྱི་དོན་ཀླུ་དབང་གི་རོལ་མཚོ་ལ། 37

3 རྟེན་འབྲེལ་གྱི་ཐལ་ཕྲེང་མཁས་པའི་མགུལ་རྒྱན་ལ། 43

4 ས་ལམ་གྱི་རྣམ་གཞག་ལ། 20

5 དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལ། 45

6 བསམ་གཟུགས་ཀྱི་མཐའ་དཔྱོད་ལ། 36

7 གྲུབ་མཐའི་རྣམ་གཞག་ལ། 15

8 དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་ལ། 16

542 ལྔ་པ།

1 རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་ཞེས་བྱ་བ་ལེའུ་དང་པོའི་འགྲེལ་པ་ལ།121

2 འབྲས་རྟོགས་གཉིས་པ་དང༌།གསུམ་པའི་མཐའ་དཔྱོད་ལ། 38

3 ལེའུ་བཞི་པའི་མཐའ་དཔྱོད་མཐོང་བའི་ཡིད་འཕྲོག་ལ། 32

4 ཟུར་བཀོལ་སྙན་བྱ་ལ། 43

543 དྲུག་པ།

1 དབུ་མ་འཇུག་པའི་མཐའ་དཔྱོད་ལ། 135

2 བསྟན་བཅོས་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དཀའ་གནད་གསལ་བར་བྱེད་པའི་སྤྱི་དོན་ལེགས་བཤད་སྐལ་བཟང་མགུལ་རྒྱན་ལ། 154

 

3 རྨ་མི་བསྐྱོད་རྡོརྗེས་མདོ་སྡེ་རྒྱན་གྱི་དགོངས་པ་མ་བརྫུན་དུ་འགྲེལ་བ་ལ་དགག་སྒྲུབ་ཞུས་པའི་ལན་ཀླུསྒྲུབ་དགོངས་རྒྱན་ཞེས་པ་ལ། 74

4 ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ལོག་རྟོག་འགོག་པར་བྱེད་པའི་བསྟན་བཅོས་ལྟ་བ་ངན་པའི་མུན་སེལ་ཞེས་གོ་ཤག་

གཉིས་ལ་གདམས་པ་ལ། 239

544 དུན་པ།

1 དམ་པའི་ཆོས་འདུལ་བའི་སྤྱི་དོན་འདུལ་བ་རྒྱ་མཚའི་སྙིང་པོའི་དོན་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པ་མཁས་པའི་མགུལ་རྒྱན་བློ་གསལ་གྱི་ཐེམ་སྐས་མུ་ཏིག་ཕྲེང་བ་ཞེས་བྱ་བར། 162

2 ཆོས་མངོན་པ་མཛད་ཀྱི་སྤྱི་དོན་དཀའ་གནད་ལེགས་པར་བཤད་པ་ནོར་བུའི་བང་མཛད་ཅེས་བྱ་བར། 150

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ནི་ཉང་སྟོད་ཕྱུགས་པོ་གཞུང་སྨིན་དྲུག་ཁྱུང་རྩེ་ཞེས་པའི་དཔོན་རྒྱུད་དུ་ཡབ་ནང་སོ་བསོད་ནམས་འཕེལ་དང༌།ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པ།ས་གླང་1469 ལོར་འཁྲུངས།དགུང་ལོ་དྲུག་ལ་རྒྱལ་བ་དགེ་འདུན་གྲུབ་ཆབ་ཚན་ལ་ཕེབས་པ་སྐབས་འཁེལ་གྱིས་གདན་དྲངས་ཏེ་གྲུབ་རྒྱལ་ལུགས་ཀྱི་ཚ་དབང་ཞུ་གནང་མཛད།དགུང་ལོ་བདུན་ལ་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས།མཚན་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ།དེའི་དྲུང་ནས་ཟབ་ཆོས་མང་དུ་གསན།སྨིན་དྲུག་ཁྱུང་རྩེར་བཞུགས་ནས་དཀའ་ཆེན་བཞིའི་རྩ་ཞུང༌།རྩ་ཇུག་གཉིས།མདོ་སྡུད་པ།ལམ་སྒྲོན་སོགས་ཐུགས་འཛན་གནང་ནས་ལོ་ལྔ་རིང་བཞུགས།དགུང་ལོ་བཅུ་གསུམ་ལ་བཀྲ་ཤིས་ལྷུན་པོར་གསན་སྦྱོང་ལ་ཕེབས་ནས་པཎ་ཆེན་ལུང་རིགས་རྒྱ་མཚ་དང་མཇལ།ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་དགེ་རྒྱན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད།དགུང་ལོ་བཅོ་ལྔ་ལ་ཚད་མ་སྡེ་བདུན་གཟིགས་ནས་མཁས་པའི་གྲགས་པ་ཐོབ།དགུང་ལོ་བཅུདྲུག་ལ་པཎ་ཆེན་ཡེ་ཤེས་རྩེ་མོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས།དེའི་དྲུང་ནས་འདུལ་བ་མདོ་རྩོ།མངོན་པ་མཛད་སོགས་གསན།དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་ཕར་ཚད་དབུ་གསུམ་དང༌།འདུལ་མཛད་བཅས་བཀའ་པོད་ལྔར་མཁས་པའི་གཙུག་རྒྱན་དུགྱུར།དགུང་ལོ་ཉེར་གསུམ་ལ་བཀྲ་ཤིས་ལྷུན་པོའི་དགེ་སྐོས་མཛད།དེ་ནས་དཔལ་འཁོར་བདེ་ཆེན་དང༌།གནས་རྙིང་གཟུགས་སྒྲུབརྣམས་སུ་རབ་འབྱམས་པའི་གྲྭསྐོར་མཛད།དགུང་ལོ་ཉེར་བཞི་པར་དབུས་སུ་ཕེབས་ནས་སེ་རར་ཆོས་རྗེ་དོན་ཡོད་དཔལ་ལྡན་དང་མཇལ།དེ་ནས་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་དྲུང་དུརྩ་ཇུག་གཉིས་ཀྱི་ཊིཀདྲང་ངེས།ཚུལ་ཁྲིམས་ལེའུའི་རྣམ་བཤད།ཧོར་སྟོན་གྱི་བློ་སྦྱོང་སོགས་ཀྱི་བཤད་ལུང་གསན།དེའི་སྐབས་ཡབ་སྔགས་འཆང་དེས་རྗེ་འདིའི་སྐུ་ཚར་བར་ཆད་མི་ཡོང་ཆེད་རང་གི་ཐུགས་དམ་རྟེན་གྲུབ་ཐོབ་འདར་འཕྱར་བའི་ཕུར་པ་བྲག་ལ་ཐེབས་པ་དེ་ཁྱེད་བུརྒྱན་ཤོས་ཡིན་པས་བསྐུར་བ་ཡིན་འདི་ཡི་དམ་ཆོས་སྐྱོང་དུ་བསྐོས།རྗེ་ཉིད་སེ་ར་རྩེར་དཔེ་མཚམས་ལ་བཞུགས་ནས་ཤེར་ཕྱིན་མདོའི་འགྲེས་རྐང་ཐུགས་སུ་འཆུད།རྗེ་ཤེས་རབ་བཟང་པོའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དགུང་ལོ་ཉེར་བདུན་ལ་གནས་རྙིང་རྗེའི་བཀའ་བཞིན་སླར་ཡང་གཙང་ཕྱོགས་ལ་ཕེབས་ནས་ལོ་གསུམ་རིང་མདོ་སྔགས་ཀྱི་ཆོས་འཁོར་བསྐོར།དགུང་ལོ་ཞེ་གསུམ་ལྕགས་ལུག་ལོ་མཁས་གྲུབ་དོན་ཡོད་དཔལ་ལྡན་གྱི་སྐུ་ཚབ་ཏུབྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་མཛད།མཁས་པའི་གྲགས་པ་ཆེས་ཆེར་གྲགས་སྟབས་སྡེ་པ་སྒར་པས་ས་སྐྱའི་དགེ་བཤེས་མཁས་པ་མང་པོ་བསགས་ནས་པོ་ཏ་ལ་དང་གཞིས་ཀ་སྣའུརྣམས་སུ་སེ་འབྲས་ཀྱི་བླ་མ་རྣམས་ཀྱི་དབུས་སུརྗེ་འདིས་ས་སྐྱའི་མཁས་པ་དང་བགྲོ་གླེང་མཛད་དེ་ཕས་ཀྱི་རྒྱོལ་བར་མཛད།དགུང་ལོ་ང་ལྔ་ལོ་ལ་སྟག་རྩེ་རིན་ཆེན་སྒང་གི་མཁན་པོར་ཕེབས།དགུང་ལོ་རེ་དགུ་ལ་སེ་རའི་ཁྲི་པར་ཕེབས།དགུང་ལོ་བདུན་ཅུ་ས་ཁྱི་ལོ་རྒྱལ་བ་དགེ་འདུན་རྒྱ་མཚའི་ཚབ་ཏུ་སེ་རའི་ཁྲི་པ་གནང༌།དགུང་ལོ་དོན་གསུམ་ལ་ཆོས་རྗེ་ཤེས་རབ་སེང་གི་ལ་གྲྭ་ཚང་གི་འཆད་ཉན་འགན་འཁྲི་གནང་ནས་རྗེ་ཉིད་ཟུར་བཞུགས་མཛད།ཊིཀ་ཆེན་དང་དྲང་ངེས་སོགས་ཀྱི་བཀའ་ཆོས་དང༌།གོ་ཤག་གི་ལན་སོགས་བསྟན་བཅོས་མང་དག་བཀའ་རྩོམ་གནང༌།བདེ་ཆེན་གསང་སྔགས་མཁར་གྱི་གདན་སར་ཕེབས་ནས་མཐར་དགུང་ལོ་དོན་དྲུག་སྟེ་ཤིང་འབྲུ1544 ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་བདུན་བཞུགས།

 

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།