གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 15:16:52     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

xin_4930508270938015149794.jpg

གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

 

པར་པོད།ཤོག་གྲངས།

533

1 རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཤད་ལེགས་བཤད་སྙིང་པོའི་དོན་གསལ་བར་བྱེད་པའི་བསྟན་པའི་སྒྲོན་མེ་ལ།299

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ནི་རབ་བྱུང་བདུན་པ་མེ་ལུག1427 ལོ་གཉལ་ཁུལ་དུ་འཁྲུངས།སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་མཛད་ནས་རྗེ་རིན་ཆེན་བྱང་ཆུབ་དང༌།ཆོས་རྗེ་བ་སོ་བ།ཤར་པ་ཤེར་ཆུང་སོགས་བསྟེན་ནས་མདོ་སྔགས་གཞུང་ལུགས་སྤྱངས་པས་མཁས་པའི་གྲགས་པ་ཐོབ།རྗེ་གྱེ་རི་ཀ་བཞི་པའི་དྲུང་དུ་བསྙེན་རྫོགས་བསྒྲུབས།བྱང་རྩེ་གྲྭ་ཚང་དང་གསང་ཕུ་སྤེ་སེར་གྲྭ་ཚང་གཉིས་ལ་མཚན་ཉིད་ཀྱི་འཆད་ཉན་མཛད།པཎ་ཆེན་ཤྰཀྱ་མཆོག་ལྡན་དང༌།རྩེ་ཉག་པ་ཐལ་འགྱུར་གྱིས་བཅོམ་པའི་མཚན་སྙན་གྲགས།གཞིས་ཀ་སྣེའུ་པའི་དཔོན་དཔལ་འབྱོར་རྒྱལ་པོ་དང༌།དཔོན་ས་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་སེ་ར་བྱེས་གྲྭ་ཚང་བཙུགས་པའི་བྱེས་ཀྱི་སློབ་དཔོན་དང་པོ་དེ་རྗེ་འདིས་མཛད།ལོ་བཅོ་ལྔའི་རིང་གྲྭ་ཚང་དེའི་མཚན་ཉིད་ཀྱི་འཆད་ཉན་མཛད།དགུང་ལོ་ང་ལྔ་པ་ལ་སེ་རའི་ཁྲི་པར་ཕེབས་ཏེ་ཆོས་འཁོར་རྒྱ་ཆེ་བསྐོར།དགུང་ལོ་གྱ་བརྒྱད་དེ་ཤིང་ཁྱི་1514 ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

 

                                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།