རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 15:12:31     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

t01063f6636e562fcc8.jpg

རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག

 

པར་པོད།ཤོག་གྲངས།

529

1 རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལེའུ་དང་པོའི་རྩ་འགྲེལ་གྱི་ས་བཅད་ལ། 8

ཀ རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལེའུ་དང་པོའི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་གཉིས་གཏེར་མཛོད་ལ།68

ཁ།ལེའུ་གཉིས་པ་ནས་ལྔ་པའི་བར་གྱི་རྩ་འགྲེལ་ལ། 38

ག ལེའུ་དྲུག་པ་ནས་དགུ་པ་བར་ལ། 45

ང་། ལེའུ་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་རྩ་འགྲེལ་ལ། 59

ཅ།ལེའུ་བཅུ་བཞི་ནས་བཅུ་བདུན་པའི་བར་གྱི་རྩ་འགྲེལ་ལ། 105

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །རྒྱུད་ཆེན་ཀུན་དགའ་དོན་གྲུབ་ནི་གཙང་དུ་རབ་བྱུང་བདུན་པ་ས་ཕག 1419 ལ་འཁྲུངས།སྐུ་གཞོན་དུས་སྣར་ཐང་དུ་རབ་ཏུ་བྱུང༌།རྗེ་དགེ་འདུན་གྲུབ་པ་ལ་རྣམ་འགྲེལ་གསན།རྗེ་ཤེས་རབ་སེང་གེའི་དྲུང་དུ་གསང་འདུས་རྩ་རྒྱུད་ལེའུ་བདུན་པ་ཡན་གྱི་བཤད་ལུང་དང༌།རིམ་ལྔའི་དམར་ཁྲིད་གསན།འབྲས་སྤུངས་སུ་མཁན་ཆེན་དཔལ་བློ་བསྟེན་ནས་དབུ་ཕར།འདུལ་མངོན་སོགས་གསན།རྒྱུད་ཆེན་སྦྱིན་པ་དཔལ་ལ་འདུས་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན་ནས་རྒྱུད་དུ་བཞུགས།ཁྲི་ཆེན་གྲགས་བཟང་དང༌།སྦྱིན་པ་དཔལ་གཉིས་གཤེགས་རྗེས་གྲ་དམངས་ནས་རྗེ་ཉིད་ལ་མོས་ཀྱང༌།དབུ་མཛད་དོན་ཡོད་སོགས་མ་མོས་སྟབས་རྗེ་ཉིད་རྐྱེན་ངན་ལམ་དུ་ཤོངས་པར་གཟིགས་ནས་རྒྱུད་པའི་ནང་རྟེན་མགོན་པོ་ཕྱག་དྲུག་པའི་ཞལ་ཐང་དང༌།ནང་མཆོད་ཀ་པ་ལ་བསྣམས་ནས་དབུས་སྟོད་དུ་ཕེབས།དེ་ནས་དབུས་སྟོད་བྱམས་གླིང་གི་གདན་ས་མཛོད་ནས་ལོ་བཅུ་ཙམ་བཞུགས།དགུང་ལོ་ང་དྲུག་ཐོག་དབུས་སྟོད་ལོ་ཁུལ་དུ་རྒྱུད་ཀྱི་བཤད་གྲྭ་བཙུགས་ནས་རིམ་གྱིས་འཕེལ་རྒྱན་བྱུང༌།དགུང་ལོ་རེ་བརྒྱད་བར་ལོ་བཅུ་གསུམ་རིང་རྒྱུད་ཀྱི་འཆད་ཉན་མཛད་ནས་རྒྱུད་སྟོད་གྲྭ་ཚང་ཞེས་པ་འདི་བྱུང་བ་ཡིན།དགུང་ལོ་རེ་བརྒྱད་མེ་རྟ་1486 ལ་བྱམས་པ་གླིང་དུ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

                                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།