པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 15:10:47     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

20100226180456393.jpg

པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་གསུང་འབུམ་གྱི་དཀར་ཆག

བྲིས་པོད།ཤོག་གྲངས།

528

ཀ དཔལ་ལྡན་བླ་མ་དམ་པ་གྲགས་པ་དོན་གྲུབ་ལ་བསྟོད་པ་དངོས་གྲུབ་ཆར་འབེབས་ལ། 2

ཁ།ཀུན་མཁྱེན་འཕྱ་འོད་ཡོན་ཏན་རྒྱ་མཚོ་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ལ། 2

ག ཡང་ཀུན་མཁྱེན་འཕྱ་འོད་ལ་མཁས་པའི་སྒོ་ནས་བསྟོད་པ་ལ།1

ང་།དཔལ་ལྡན་བླ་མ་དམ་པ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་བསྟོད་པ་དངོས་གྲུབ་ཆར་འབེབས་ལ། 2

ཅ།སྐྱབས་འགྲོའི་རྣམ་གཞག་ལ། 9

ཆ།གྲུབ་མཐའི་རྣམ་གཞག་ལ། 11

ཇ།འཇིག་རྟེན་བརྟན་བཞག་ལ། 11

ཉ།སྡོམ་པ་ཉི་ཤུ་པའི་ཊིཀ་ལ། 15

ཏ།དབུ་མའི་ལྟ་ཁྲིད་ཟབ་ལམ་མུན་སེལ་ལ། 8

ཐ། དྲི་ལན་ལ། 6

ན།ད་བྱིན་རླབས་ནམ་མཁའི་སྒོ་འབྱེད་ལ། 3

ན།གཅོད་དམིགས་བདག་འཛིན་རི་འཇོམས་ལ། 4

པ་མ། ལ་རྣམ་འཇོམས་ལས་ཚོགས། 5

ཙ་ཚ། ལ་ཕྱག་རྡོར་གོས་སྔོན་ཅན་གྱི་ཆབ་བླུ་དང་གདོན་གྲོལ་ལ། 27

ཇིཐི།ལ་གདུགས་དཀར་ལས་ཚོགས་ལ། 11

དི།དེའི་གཟུངས་ཆོག་ལ། 1

ནི།ཚེ་ཁྲིད་འཆི་བ་རྒྱུན་གཅོད་ལ། 3

པི།པའི་པར་ཀུན་རིག་ལྷན་ཐབས་ལ། 8

ཕི།པར་རྣལ་འབྱོར་རྒྱུད་ཀྱི་ལམ་ཁྲིད་ལ། 8

བི།བསྟན་པ་སྤྱིའི་རྣམ་གཞག་ལ། 6

མི།དཔལ་གསང་བ་འདུས་པའི་ས་ལམ་གྱི་རྣམ་གཞག་ལ། 2

ཙི།གསང་བ་འདུས་པའི་གཙོ་བོ་འཕོ་ཚུལ་ལ། 2

ཛི།དཔལ་རྡོ་རྗེ་འཇིགས་བྱེད་རྗེ་བཅུ་སུམ་མའི་དོགས་གཅོད་ཐེ་ཚོམས་ཀྱི་དྲ་བ་སེལ་བ་ལ། 6

ཝི།རྡོ་རྗེ་འཇིགས་བྱེད་ཀྱི་མཆོད་ཕྲེང་སྨོན་ལམ་ཤིས་བརྗོད་དང་བཅས་པ་ལ། 4

ཞི།རྡོ་རྗེ་འཇིགས་བྱེད་ཀྱི་ཞི་པའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལ། 8

འི།རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ལ། 5

ཡི།དྲིལ་བུ་རྗེ་ལྔའི་སྒྲུབ་ཐབས་ལ། 10

རི།དྲིལ་བུ་རྗེ་ལྔའི་དབང་གི་རྣམ་གཞག་དབང་བཞིའི་ཆུ་རྒྱུན་ལ། 23

ལི།འཁོར་ལོ་བདེ་མཆོག་དྲིལ་བུ་པའི་རྫོགས་རིམ་ལ། 3

ཤི།འཁོར་ལོ་སྡོམ་པའི་ཞི་པའི་སྦྱིན་སྲེག་ལ། 8

སི།ཟབ་ལམ་ན་རོ་ཆོས་དྲུག་གི་སྒོ་ནས་ཁྲིད་པའི་རིམ་པ་ཡིད་ཆེས་གསུམ་ལྡན་ལ། 18

ཧི།དཔལ་ཀྱེ་རྡོ་རྗེའི་རྫོགས་རིམ་ལ། 13

ཨིཁུ།ལ་གྲོས་འདེབས་ལ། 3

གུ།རང་གི་རྟོགས་པ་མདོ་ཙམ་བརྗོད་པ་ལ། 2

ངུ།དམ་བཅའི་ཚིགས་སུ་བཅད་པ་ལ། 2

ཅུ།ཡེ་ཤེས་མགོན་པོའི་རྗེས་གནང་བྱེད་ཚུལ་ལ། 3

ཆུ།གུར་མགོན་འཁོར་བཅས་ཀྱི་མངོན་རྟོགས་ལ། 11

ཇུ།བསྟན་སྲུང་ཆེན་མོའི་ཟུར་འདེབས་དོགས་གཅོད་དང་བཅས་པ་ལ། 4

བྱུ།བསྔོ་བ་བྱ་ཚུལ་ལ། 3

པུ།དབང་གི་རྣམ་གཞག་ལེ་ཚན་གཉིས་ལ། 7

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །པཎ་ཆེན་བཟང་པོ་བཀྲ་ཤིས་ནི་ལ་སྟོད་བྱང་དུ་རབ་བྱུང་བདུན་པ་ལྕགས་སྟག 1410ལ་འཁྲུངས།སྐུ་གཞོན་དུས་རྗེ་ཤེས་རབ་སེང་གེ་དང༌།རྒྱལ་བ་དགེ་འདུན་གྲུབ་པ།རྗེ་བློ་གྲོས་ཆོས་སྐྱོང་སོགས་བསྟེན་ནས་མདོ་རྒྱུད།རིག་གནས་ལ་མཁས་པར་སྤྱངས།དགུང་ལོ་ཞེ་གསུམ་པ་ལ་གཉན་ཡོད་བྱར་ཤོངས་དགོན་གྱི་ཁྲིར་ཕེབས།ལོ་བདུན་རིང་འཆད་ཉན་མཛད།དགུང་ལོ་ཞེ་དགུ་ལ་ངམ་རིང་དགོན་གྱི་དབུ་མཛད་དང༌།དཔལ་ཡ་ག་ཆོས་སྡིང་གི་བཤད་གྲྭ་མཛད།དགུང་ལོ་ང་གསུམ་ལ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གདན་ཁྲི་གཉིས་པ་དེ་མཛད།ལོ་བཅོ་བརྒྱད་རིང་བསྟན་པའི་བྱ་བ་མཛད།དེའི་སྐབས་གསངས་ཅན་ཆོས་འཕེལ་དགོན་ཕྱག་བཏབ།དགུང་ལོ་བདུན་ཅུ་སྟེ་ས་ཕག་1479ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

 

                                  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།