རྗེ་སྨོན་ལམ་དཔལ་པའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 11:17:42     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན     ཀློག་ཐེངས།  

644dea47xa298d7f753a4&690.jpg

                      རྗེ་སྨོན་ལམ་དཔལ་པའི་གསུང་འབུམ་གྱི་དཀར་ཆག

 

པར་པོད།ཤོག་གྲངས།

527

1 ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའི་ཊིཀ་ལ། 116

2 ཚད་མ་གྲུབ་པ་ཞེས་བྱ་བ་ལེའུ་གཉིས་པའི་ཊིཀ་ལ། 68

3 མངོན་སུམ་ལེའུའི་ཊིཀ་ལ། 121

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

རྗེ་སྨོན་ལམ་དཔལ་བ་ནི་གཡས་རུ་བྱང་དུ་རབ་བྱུང་བདུན་པའི་ཤིང་རྟ་1414 ལ་འཁྲུངས།སྐུ་གཞོན་དུས་རྗེ་དགེ་འདུན་གྲུབ་པ་དང༌།རྗེ་ཤེས་རབ་སེང་གེ་གཉིས་བསྟེན་ནས་མདོ་སྔགས་ལ་སྤྱངས་པས་རབ་འབྱམས་པའི་མཚན་ཐོབ།བཀྲ་ཤིས་ལྷུན་པོ་དང༌།སེ་རའི་རྒྱ་གྲྭ་ཚང་དང༌།ཐང་སྐྱ་སོགས་ལ་ཆོས་འཁོར་བསྐོར།རྣམ་འགྲེལ་གྱི་ཊིཀ་བརྩམས།དགུང་ལོ་དྲུག་ཅུ་རེ་བདུན་ལ།དགའ་ལྡན་གསེར་ཁྲིར་ཕེབས།དེའི་ལོར་རིན་སྤུངས་སྡེ་སྲིད་དོན་ཡོད་རྡོ་རྗེས་དགའ་ལྡན་དུ་དམག་ཐེངས་གཉིས་དྲངས་པར་རྗེ་འདིས་མགོན་པོའི་གཏོར་ཆེན་འཕང་པས་ནད་ཡམས་ཤི་ཆད་གྱི་རྐྱེན་པས་དམག་ཕྱིར་འཐེན།རྗེ་འདིའི་ཡན་གཙང་བ་བདུན་བརྒྱུད་ཅེས་པ་དེ་ཡིན།དགུང་ལོ་བདུན་ཅུ་དོན་བརྒྱད་དེ་ལྕགས་ཕག 1491 ལོར་གཤེགས།གསུང་འབུམ་པོད་གཅིག་བཞུགས།

                                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།