སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 11:17:10     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

t01063f6636e562fcc8.jpg

སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་གྱི་དཀར་ཆག

 

 པར་པོད།དང་པོ།ཤོག་གྲངས།

524

ཨ།ཐོག་མར་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ལ། 47

ཨ།བློ་སྦྱོང་མཁས་པའི་ཡིད་འཕྲོག་ལུང་གི་བང་མཛོད་ལ། 26

ཨྰ།དང་པོའི་བློ་སྦྱོང་ཡིད་བཞིན་ནོར་བུ་རྩ་བ་དང༌།དེའི་གཞུང་འགྲེལ་ནོར་བུའི་ཕྲེང་བར། 34

ཨི།ཐེག་པ་ཆེན་པོའི་བཟོད་པའི་བློ་སྦྱོང་ཕན་བདེའི་ཆར་འབེབས་ལ། 56

ཨྰི།བློ་སྦྱོང་གི་ཁྲིད་ཡིག་དམ་དག་གཙུག་གི་ནོར་བུ་དང༌།ངན་སོང་སྒོ་གཅོད་ལ། 26

ཨུ།ཐེག་པ་ཆེན་པོའི་བློ་སྦྱོང་ལྷན་ཐབས་མན་ངག་ལ། 18

ཨྰུ།སྐྱིད་སྡུག་ལན་ཁྱེར་གྱི་གདམས་ངག་རིན་པོ་ཆེའི་སྒྲོན་མེ་ལ། 10

རྀ།བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལེགས་བསྡམས་ལ། 16

རྰྀ།ཐེག་པ་ཆེན་པོའི་བློ་སྦྱོང་རིགས་པའི་ཆུ་གཏེར་ལ། 21

ལྀ།ཐེག་པ་ཆེན་པོའི་བློ་སྦྱོང་གི་ངོ་སྤྲོད་གསལ་བའི་སྒྲོན་མེ་དཀའ་གནད་འཕྲོས་དང་བཅས་པར། 51

ལྰྀ།བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་མཁས་པའི་མགུལ་རྒྱན་ལ། 6

ཨེ།བྱང་ཆུབ་ལམ་གྱི་རིམ་པ་བསྡུས་པའི་རྩ་འགྲེལ་ལ། 8

ཨཻ།བླ་མའི་རྣལ་འབྱོར་ཟུར་འདེབས་ཉེ་བར་མཁོ་བ་ལ། 4

ཨོ།བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་གཞན་ཕན་སྙིང་པོའི་ཟུང་འཇུག་རིན་པོ་ཆེར། 78

ཨཽ།བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་སྙན་བརྒྱུད་ནོར་བུའི་ཕྲེང་བར། 14

ཨ།ལེགས་པར་བཤད་པ་ཉོན་མོངས་གདུང་སེལ་ལ། 24

དཀར་ཆག་ལ། 3

པར་པོད།གཉིས་པ།

ཨཿ།རྣམ་ཐར་དད་པའི་སྒོ་འབྱེད་ལ། 13

ཨཿ།རྣམ་ཐར་དད་པའི་སྒོ་འབྱེད་ལ། 13

སྭྰ།རྗེ་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་དད་པའི་ཆེ་རྒྱུན་ལ།13

ཧྰ།རྒྱ་མ་ཁུ་དབོན་གྱི་རྣམ་ཐར་དད་པའི་ཆེ་རྒྱུན་ལ། 45

ཀ མན་ངག་བདུད་རྩིའི་ཐིག་པ།ཕྱུག་ཆེན་སྙིང་པོ་རབ་གསལ།ལེགས་བཤད་ཆོག་ཤེས་ལམ་སྟོན།གྲོས་འདེབས་བདུན་

ཅུ་མ་བཅས་གདམས་ངག་རིན་ཆེན་ཕྲེང་བ་ལ། 65

ཁ།ལེགས་པར་བཤད་པའི་ཞེན་འཁྲིས་ཀུན་གཅོད་ལ། 10

ག འདུན་ལེགས་མ་ལ། 3

གྷ།འཆི་བདག་འཇོམས་མ་ལ། 3

ཡང་གྷ།བཅོམ་ལྡན་འདས་ལ་བསྟོད་པ་ཟབ་དོན་རབ་གསལ་ལ། 2

ང་།ཐེག་པ་ཆེན་པོའི་བློ་སྦྱོང་གཞན་དོན་དོན་གཉེར་གྱི་རྩ་བ་ལ། 3

ཡང་ང་།དེའི་འགྲེལ་པ་ཐེག་ཆེན་རབ་གསལ་ལ། 149

ཙ།གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་མ་སྨོན་ལམ་དུ་བྱས་པ།རྣལ་འབྱོར་བླ་ན་མེད་པའི་རིམ་གཉིས་དང་འབྲེལ་པའི་སྨོན་ལམ་བཅས་ལ། 11

ཡང་ཙ།ཐེག་ཆེན་བློ་སྦྱོང་བྱང་སེམས་དོན་གཉེར་དང༌།བློ་སྦྱོང་དགྲ་ཟུན་ཤན་འ་བྱེད་བཅས་ལ། 20

ཚ།རྗེ་ལ་བསྟོད་པ་རིན་ཆེན་སྒྲོན་མེ།སེམས་པ་ཆེན་པོ་བཟང་སྐྱོང་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལ། 12

ཡང་ཛ། བྱང་སེམས་དོན་གཉེར་གྱི་བློ་སྦྱོང་རིན་ཆེན་བང་མཛོད་ལ། 15

ཛྷ།སྟོན་པ་ལ་བསྟོད་པ་ཟབ་མོ་སྤྲོས་མེད།བསྟོད་པ་ཟབ་མོ་རྟོགས་པའི་ཚད་བཅས་ལ། 8

ཉ།ཆོས་སྤྱོད་ཀྱི་རིམ་པ།འདུལ་པའི་ལས་ཆོག་སྡོམ་ཚིག་ཐིག་རྩ།ཐེག་ཆེན་རྩེའི་བཅའ་ཡིག་དང༌།རྟེན་བཤད།མངོན་བརྗོད་བསྡུས་པ་བཅས་ལ།12

ཊ།གསུང་རབ་ལ་གུས་པ་བསྐྱེད་པའི་ཐབས་གསུང་རབ་གསལ་བྱེད་ལ། 9

ཋ།རིན་ཆེན་སྒང་གི་བློ་སྦྱོང་དོན་བདུན་མ་སོགས་ལ། 30

ཌ།མངོན་རྟོགས་ལྡན་་གྱི་སྙིང་པོ་བསྡུས་པ་ལ། 17

དཀར་ཆག་ལ། 4

པར་པོད།གསུམ་པ། 526

ཌྷ།སྤྱོད་འཇུག་གི་བསྡུས་དོན་མཁས་པའི་མགུལ་ལྡན་་ལ། 12

ཎ།བཤེས་སྤྲིང་གི་བསྡུས་དོན་དགོངས་པ་རབ་གསལ་ལ། 3

ཏ།དབུ་མའི་ལྷ་ཁྲིད་ཟབ་ལམ་མཐར་ཐུག་ལ། 14

ཐ།སྲིད་ཞི་མཉམ་ཉིད་ཀྱི་ལྟ་ཁྲིད་རྩ་བ་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་དང༌།བླ་མ་དབུ་མ་པ་ལ་གནང་བ།དེའི་དོན་ཉམས་སུ་ལེན་ཚུལ་ཁྲིད་ཡིག་ལ། 5

ད།གསང་བ་བླ་ན་མེད་པ་ཟབ་མོའི་གཏམ་བརྗོད་ལ། 12

དྷ།དབུ་མའི་ཉམས་ལེན་ལྟ་ངན་མུན་སེལ་རྩ་འགྲེལ་ལ། 34

ན།དབུ་མའི་ལྟ་ཁྲིད་ཆེན་མོ་ལ། 57

བ།རྣམ་འགྲེལ་ལ་བརྟེན་པའི་ལྟ་ཁྲིད་ལ། 4

ཕ།གྲུབ་མཐའ་རྣམ་པར་དབྱེ་བ་ལ། 9

བ།འདུལ་པའི་བསླབ་བྱ་ཆེ་བ།དགེ་ཚུལ་གྱི་བླང་དོར་གསལ་བྱེད།དུས་དྲན་བྱེད་ཚུལ་ལ། 42

བྷ།འདུལ་པའི་བསླབ་བྱ་བསྡུས་པ་གཞན་ཕན་འོད་ཕྲེང་ལ། 14

མ།བསླབ་བྱ་གནང་བཀག་རབ་གསལ་ལ། 6

ཡ།བསྙེན་གནས་ཀྱི་ཆོ་ག་རྒྱས་པ་དངོས་གྲུརྒྱ་མཚོ་ལ། 10

ར།ལེགས་པར་བཤད་པ་མི་ཆོས་གནད་ཕྲེང་ལ། 33

ཡང་ར།ལེགས་བཤད་རིན་ཆེན་འབྱུང་གནས་ལུང་གི་བང་མཛོད་ལ།83

ལ།འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་སྙན་བརྒྱུད་བདེ་ཆེན་རྒྱ་མཚོ་ལ། 17

ཝ།བདེ་མཆོག་ལྰུ་ཨི་པའི་རྫོགས་རིམ་སྙིང་པོ་སྒོམ་ཚུལ་ལ། 4

ཤ བདེ་གཤེགས་སྐུ་རྟེན་སྒྲུབ་ཚུལ་དང༌།དེའི་ཕན་ཡོན།མཆོད་རྟེན་གྱི་ཚད་སྟོན་པ་ལེགས་བཤད་གསེར་ཕྲེང་ལ། 20

ཥ།རྙིང་མ་དང༌།བོན་གྱི་རྣམ་གཞག་བོན་གྱི་འདོད་ཚུལ་རགས་པ་ལ། 4

ས།སྔགས་སྨོན་སེམས་སྐྱབས་འགྲོའི་བསླབ་བྱ་ལ། 5

ཧ།གཤིན་པོ་དམན་མཆོག་ལ་ཕན་པ་གདགས་ཚུལ་ལ། 14

ཀྵ།འཇིག་རྟེན་བྱ་པའི་རྣམ་བཤད་མཁས་པའི་ཡིད་འཕྲོག་ལ། 18

དཀར་ཆག་ལ།

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

སྤྱན་སྔ་བློ་གྲོས་རྒྱལ་མཚན་ནི་དབུས་སྟོད་ལྷས་ནང་གྲྭ་རྣམ་ཁང་ཞེས་པ་གྱེར་བྲམ་ཟེ་ལྷས་གནང་གི་གདུང་བརྒྱུད་དུ་ཡབ་དབོན་པོ་ཆོས་སྐྱབས་དང༌།ཡུམ་ཇོ་མོ་བླ་མ་འབུམ་གྱི་སྲས་སུ་རབ་བྱུང་བདུན་པ་ཆེ་རྟ་1402 ལོར་འཁྲུངས།དགུང་ལོ་བདུན་ཐོག་རྗེ་ཀུན་དགའ་བློ་གྲོས་ཀྱི་དྲུང་དུ་རྒྱ་མ་རིན་ཆེན་གཟིམ་ཁང་དཀར་པོར་རབ་ཏུ་བྱུང༌།མཚན་བློ་གྲོས་རྒྱལ་མཚན་གསོལ།མཁན་ཆེན་ཆོས་རྒྱལ་དཔལ་བཟང་པོ་དང༌།སློབ་དཔོན་ཤེར་བཟང་པ་གཉིས་ཀྱི་ས་ནས་མདོ་རྩ་པའི་གསན་སྦྱོང་མཛད།དགུང་ལོ་བཅུ་བདུན་ཐོག་གཙང་ཁུལ་རི་བོ་མདངས་ཅན་དུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དྲུང་ནས་མདོ་སྔགས་ཀྱི་ཆོས་གསན།དགུང་ལོ་བཅོ་བརྒྱད་ཐོག་ཞྭ་ལུ་གནས་རྙིང་དུ་ཕར་ཚད་དང༌།མདོ་རྩ་སོགས་གསན།དགུང་ལོ་བཅུ་དགུ་ལ་དབུས་སུ་ཕེབས།དགུང་ལོ་ཉི་ཤུའི་ཐོག་རྩེད་ཐང་མཁན་པོ་ཡོན་ཏན་རིན་ཆེན་གྱི་དྲུང་དུ་བསྙེན་རྫོགས་སྒྲུབས།རྗེ་ཙོང་ཁ་པ་དང༌།འོལ་ཁ་མཁན་པོ་བཟང་སྐྱོང་དང༌།སྐམ་དགོན་སོགས་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད།དགུང་ལོ་བདུན་ཅུ་སྟེ་ལྕགས་ཡོས་1471 ལ་གཤེགས།གསུང་འབུམ་པོད་གསུམ་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།