གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 11:11:59     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

xin_4930508270938015149794.jpg

གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ་གྱི་དཀར་ཆག

 

པར་པོད།ཤོག་གྲངས།

519

1 དབུ་མ་རྩ་བ་ཤེས་རབ་ཀྱི་དོན་བསྡུ་ལ། 43

2 སྟོང་ཐུན་ལ། 53

3 དབུ་མ་ལ་འཇུག་པའི་འགྲེལ་པ་རྒྱལ་མཚན་དཔལ་བཟང་གིས་མཛད་པ་ལ། 38

4 བྱམས་པའི་དགོངས་རྒྱན་ལ། 188

5 ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ། 53

 

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །གུང་རུ་རྒྱལ་མཚན་བཟང་པོ་ནི་ཡུལ་གུང་རུ་སྟོད་དུ་རབ་བྱུང་དྲུག་པ་ཆུ་ཕག 1383ལོ་འཁྲུངས།སྐུ་ཆུང་དུས་གསང་ཕུ་སྤེ་སེར་ལ་ཆོས་ཞུགས་མཛད།རྗེ་ཙོང་ཁ་པ་དང༌།བྱང་སེམས་རྭ་སྦྲེང་བ་སོགས་བསྟེན་ནས་གཞུང་ལུགས་ལ་སྤྱངས་པ་མཛད།མཁས་པའི་དབང་པོར་གྱུར།རྗེ་ཡབ་སྲས་དྲུང་དུ་བསྙེན་པར་རྫོགས།སེ་རའི་ཁྲིར་ཕེབས་ནས་བཙུན་མོས་ཚལ་དགོན་དང༌།གདན་ས་ཉིས་འཛིན་གྱི་སྒོ་ནས་ཆོས་འཁོར་བསྐོར།ཚད་མའི་བསྟན་བཅོས་མཁས་པ་དགའ་སྐྱེད་སོགས་མང་དུ་བརྩམས།མཁས་གྲུབ་རྗེས་བཀའ་བཀྱོན་བྱུང་ཡང་བཟོད་བསྲན་ཆེ།འདུལ་འཛིན་གྲགས་པ་རྒྱལ་མཚན་གཤེགས་རྗེས་རྗེ་འདིས་བཙུན་མོས་ཚལ་གྱི་གདན་ས་བསྐྱངས།དགུང་ལོ་རེ་བརྒྱད་ལྕགས་རྟ་1450ལོར་གཤེགས།གསུང་འབུམ་པོད་གཅིག་བཞུགས།

                                                        རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།