རྗེ་ཤེས་རབ་སེང་གེའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 11:11:19     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

t01063f6636e562fcc8.jpg

རྗེ་ཤེས་རབ་སེང་གེའི་གསུང་འབུམ་གྱི་དཀར་ཆག

 

 

པར་པོད།ཤོག་གྲངས།

518

ཀ རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་འཆད་པ་ལས་ལེའུ་དང་པོ་རྒྱ་ཆེར་བཤད་པ་ལ། 82

ཁ།ལེའུ་གཉིས་པ་ནས་ལྔ་པའི་བར་གྱི་རྒྱ་ཆེར་བཤད་པ་ལ། 42

ག ལེའུ་དྲུག་པ་ནས་དགུ་པའི་བར་གྱི་རྒྱ་ཆེར་བཤད་པ་ལ།47

ང་།ལེའུ་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་རྒྱ་ཆེར་བཤད་པ་ལ། 73

ཅ།ལེའུ་བཅུ་བཞི་པ་ནས་བཅུ་བདུན་པའི་བར་གྱི་རྒྱ་ཆེར་བཤད་པ་ལ། 120

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །རྗེ་ཤེས་རབ་སེང་གེ་ནི་གཙང་གི་སའི་ཆ་སྲད་ཀྱི་གུར་མ་ཞེས་པར་ཡབ་དམ་པ་དམར་པོ་དང༌།ཡུམ་ཆོས་སྐུ་བཀྲ་ཤིས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པ་ཆུ་ཕག 1383 ལ་འཁྲུངས།དགུང་ལོ་བཅུ་ལ་སྣར་ཐང་དུ་ཆོས་ཞུགས་མཛད།མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ཤེས་རབ་སེང་གེར་གསོལ།མཁས་པ་ཆེན་པོ་གཡག་ཕྲུག་སངས་རྒྱས་དཔལ་དང༌།ཤངས་པ་ཀུན་མཁྱེན།རོང་སྟོན་ཆོས་རྗེ་སོགས་བསྟེན་ནས་གཞུང་ལུགས་ལ་སྤྱངས་པ་མཛད།དགུང་ལོ་ཉི་ཤུ་ལ་མཁན་ཆེན་གྲུབ་པ་ཤེས་རབ་མདུན་དགེ་སློང་གི་སྡོམ་པ་བཞེས།དེ་ནས་དབུས་སུ་ཕེབས་ནས་རྗེ་ཙོང་ཁ་པ་དང་མཇལ།འདུལ་བ་དང༌།མངོན་པ་གཉིས་ལ་གསན་བསམ་མཛད།རྗེ་རིན་པོ་ཆེ་དང་ལྷན་དུ་འོན་བཀྲ་ཤིས་རྡོ་ཁར་ཕེབས།ཚད་མ།དབུ་མ་རྩོ་ཤེ།རྩ་ལྟུང་རྣམ་གཞག་སོགས་གསན།དེ་ནས་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་སར་རྗེའི་བཀའ་འབུམ་བཞེངས་པའི་ཕྱག་ལས་གནང༌།དེ་ནས་གསང་ཕུ་གླིང་སྟོད་མཐོང་སྨོན་གྲྭ་ཚང་གི་སློབ་དཔོན་གནང༌།དེ་རྗེས་རྗེ་དགེ་འདུན་གྲུབ་པ་དང་ལྷན་དུ་གཙང་ལ་ཕེབས།སྣར་ཐང་དུ་ཕར་ཕྱིན་དང༌།ཚད་མ་སོགས་ཀྱི་འཆད་ཉན་མཛད།དགུང་ལོ་ཞེ་གཉིས་ལོ་རྗེ་རིན་པོ་ཆེའི་བཀའ་བཞིན་རྒྱུད་གྲྭ་འཛུགས་པར་ཞལ་གྱིས་བཞེས་སྐབས་རྗེས་གསང་འདུས་གསེར་སྐུ་ཁྱད་པར་ཅན་དང༌།འགྲེལ་པ་བཞི་སྦྲགས།རྒྱུད་ཀྱི་རྣམ་བཤད་གཉིས།བསྐྱེད་རྫོགས་ཀྱི་གསུང་རབ།ཆོས་རྒྱལ་གྱི་ཞལ་འབག་སོགས་སྩལ་ནས་ལྷུན་པོ་རྩེར་ཕེབས།སི་ཏུ་བསོད་ནམས་དཔལ་དང༌།བདག་མོ་གཉིས་ཀྱིས་སྤྱིན་བདག་མཛད་ནས་སྲད་རྒྱུད་གྲྭ་ཚང་བཙུགས།ཁོང་ལ་སློབ་མ་མང་དུ་འདུས།གྲྭ་ཚང་དེ་འདུལ་ནག་དཔལ་ལྡན་བཟང་པོ་ལ་གཏད་ནས་དབུས་སུ་ཕེབས།རྒྱུད་ཀྱི་འཆད་ཉན་བཙུགས་ཏེ་དབྱར་སོས་རྒྱུད་འགྲེལ།སྟོན་དུས་རིམ་ལྔ།སྦྱོར་དྲུག་ལམ་རིམ་སོགས་ཀྱི་འཆད་ཉན་མཛད་མཐར་དགུང་ལོ་རེ་གསུམ་ཤིང་གླང་1445 ལོ་དགའ་ལྡན་རྒྱུད་ཁང་དུ་གཤེགས།གསུང་འབུམ་པོད་གཉིས་བཞུགས།

                                              རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།