པཎ་ཆེན་བསྟན་པའི་དབང་ཕྱུག་གི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 08:19:33     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

0947429804.jpg

པཎ་ཆེན་བསྟན་པའི་དབང་ཕྱུག་གི་གསུང་འབུམ་གྱི་དཀར་ཆག

པར་པོད།ཤོག་གྲངས།

508 ཀ་

1 ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་སྐལ་ལྡན་མགུལ་རྒྱན་ལ། 7

2 རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་རྣམ་ཐར་དད་ལྡན་པད་ཚལ་བཞད་པ་ལ། 303

3 མཆོད་སྡོང་འཛམ་གླིང་མཛེས་རྒྱན་གྱི་དཀར་ཆག་དད་པའི་འདབ་སྟོང་བཞད་པའི་ཉིན་བྱེད་ལ། 56

དཀར་ཆག་ལ། 1

103

509 ཁ་ཀ བརྟན་བཞུགས་གསོལ་འདེབས་འདོད་དོན་ལྷུན་གྲུབ་ལ། 36

ཁ།རྗེ་མིའི་དམ་འདྲེན་གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྤྲུལ་སྐུའི་བརྟན་བཞུགས་གསོལ་འདེབས་འདོད་འཇོའི་དཔག་བསམ་དབང་པོ་ལ། 9

ག གདན་ས་འདི་ཁའི་གྲྭ་ཚང་བཞིའི་ཁྲི་འཛིན་སོགས་བླ་མ་དུ་མའི་བསྟོད་ཚོགས་ཀྱི་རིམ་པ་ལ། 19

གྷ།བསྟོད་ཚོགས་དང་སྨོན་ཚིག་སྐོར་ལ། 19

ང་།བསྟན་བཅོས་འཇིག་རྟེན་མགོན་པོའི་སྐུ་ཕྲེང་གསོལ་འདེབས་ཡོངས་རྩིས་སྙིང་ནོར་ལ། 9

ཙ།སྐུ་གསུང་ཐུགས་རྟེན་གསར་བཞེངས་སོགས་ཀྱི་སྨོན་ཚིག་པད་དཀར་ཕྲེང་བ་ལ། 10

ཆ།མྱུར་བྱོན་གསོལ་འདེབས་སྐོར་ལ། 7

ཇ།བླ་མ་དོན་གྲུབ་ཀྱི་རྣལ་འབྱོར་ཚར་གསུམ་ཁུག་པའི་ཉམས་ལེན་གྱི་སྙིང་པོར་དྲིལ་བ་གསང་ཆེན་བཅུད་མཆོག་ལ། 6

ཛྷ།གྲུབ་དབང་ཐང་སྟོང་སྙན་བརྒྱུད་ཚེ་དབང་ཆོག་བསྒྲིགས་འཆི་མེད་ཆབ་རྒྱུན་འབེབས་པའི་ཀེ་ལ་ཤ་རི་དང་འཆི་མེད་རྡོ་རྗེའི་སྲོག་གི་རྒྱུན་ཁྱེར་ཉམས་ལེན་བཀྲུ་བྱབས་སྲུང་བ་བཅས་ལ། 14

ཉ།ཆོས་སྡེ་བསྟན་སྲིད་གླིང་གི་དུས་འཁོར་གྲྭ་ཚང་གི་བཅས་ཡིག་འཕོང་རྐྱེན་དྲང་འགྲོ་ལ། 8

ཊ།སྤྲུལ་སྐུ་དཀོན་མཆོག་བསྟན་དར་གྱི་སྐྱེས་རབས་གསོལ་འདེབས་མཆན་འགྲེལ་ལ། 5

ཋ།འཇམ་དབྱངས་དཀར་པོ་ལ་ཀུན་འཁོར་གྱི་སྒོ་ནས་བསྟོད་པ་ངག་གི་རོལ་མོ་ལ། 5

ཌ།ཆབ་ཤོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 21

ན།མེ་རྩོའི་ངག་འདོན་མཧ་སུ་ཁ་ལ། 4

ཎ།རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་གཤིན་པོ་དམས་རྗེས་སུ་འཛིན་པའི་ཆོ་ག་བདེ་ཆེན་མྱུར་ལམ་ལ། 12

ཏ་ཐུབ་པའི་དབང་པོའི་འཁྲུངས་རབས་སོ་བཞིའི་གསུང་བཤད་སྔོན་འགྲོ་ལ། 36

ཐ།རྗེ་འདྲེ་དང་སྡེ་བརྒྱད་བཅས་ཀྱི་བཀའ་ཤོག་ལ། 7

ད།འཇིགས་བྱེད་བཅུ་གསུམ་མའི་དབང་གི་བརྒྱུད་རིམ་ཀེ་ཏ་ཀའི་ཕྲེང་བ་ལ། 4དང་བཅུ་གསུམ་མའི་རྒྱུན་ཁྱེར་གྱི་དལ་

འབྱོར་རེག་ཟིག་བཀླག་ཆོག་མར་བཀོད་པ་ལ། 27

དྷ། རྗེ་སྲུང་དམས་ལ་བསྐང་གསོ་འབུལ་ཚུལ་སོགས་ལ། 23

ན།མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་དང༌།མགོན་དཀར་བཅས་ཀྱི་བསྐང་གསོ་ཆོག་བསྒྲིགས་མཛད་པ་ལ། 34

པ།འཇམ་དབྱངས་ཆོས་སྐོར་གྱི་ནང་ཚན་གཤིན་རྗེ་གཤེད་ཕྱི་ནང་གི་སྒྲུབ་ཐབས་གཉིས་ཀྱི་གཏོར་ཆོག་སྐོར་ཕྱོགས་

བསྒྲིགས་མཛད་པ་ལ། 16 དཀར་ཆག 2

104

510 ག་

ཕ།དཔལ་ལྡན་དམག་ཟོར་རྒྱལ་མོའི་གདམས་སྐོར་མཁའ་འགྲོའི་ཞལ་ལུང་ལས་ལས་བཞི་སྤྱི་བསྒྲིལ་གསང་སྒྲུབ་དང་བཅས་པའི་འཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་ལ། 64དང་གཏོར་ཆོག་བསྐང་བསྐུལ་གསེར་སྐྱེམས་ཚོགས་འཁོར་དང་བཅས་པ་ལ། 7

བ།དཔལ་ས་སྐྱ་བའི་བསྟན་སྲུང་མགོན་པོ་ཆེ་ཆུང་གཏོར་འབུལ་ལ། 13

བྷ།ཤོག་གྲངས་བཅུ་གསུམ་པའི་མདུན་ཕྲེང་དྲུག་པ་ནས་ལྕམ་དྲལ་དང་དུར་བདག་བཅས་པའི་གཏོར་འབུལ་ལ། 11

མ།གནམ་བསྐོས་འཇམ་དབྱངས་གོང་མའི་བཀའི་མདུན་ན་འདོན་སྒོ་ལྕོག་ཨམ་བན་པོ་ཏལ་ཀའི་ཆིང་ཝང་སེང་གེ་རིན་ཆེན་གྱི་གཏོར་ཆོག་བསྐང་བཤགས་བསྟོད་བསྐུལ་བསངས་མཆོད་འཕྲིན་ལས་དམ་བཞིའི་དགའ་སྟོན་ལ། 27

ཡ།རྗེ་ཆེན་ཚངས་པ་ཆེན་པོའི་གཏོར་ཆོག་བསྐང་བསྐུལ་ཚོགས་མཆོད་བཅས་དྲེགས་བྱེད་དགྱེས་པའི་གླུ་དབྱངས་ལ།6

ར།སྲོག་བདག་འོད་ཀྱི་རྒྱལ་པོ་ལི་བྱིན་ཧ་རའི་གསོལ་མཆོད་བསྟོད་བསྐུལ་ཚོགས་མཆོད་དང་བཅས་པ་འཕྲིན་ལས་དམ་བཞིའི་དགའ་སྟོན་སོགས་ལ། 7

ལ།རྩི་དམར་བའི་མཆོད་སྤྲིན་ལ། 9

ཝ།ཧོར་ཆེན་ཤོག་ཡོན་ཏན་སྦུ་ཡིན་ཐུའི་དགོན་གྱི་གཞི་བདག་བཙན་རྒྱོལ་དགྲ་འདུལ་བསྟན་སྐྱོང་གི་དྲག་སྐུལ་སོགས་ལ། 7

ཤ 1 ཆོས་སྲུང་སྤྱིའི་མཆོད་བསྟོད་ལ། 9 རྒྱལ་པོ་ཆེན་པོ་ངལ་བསོས་པོ་ལ་མཆོད་གཏོར་འབུལ་བའི་ཆོ་ག་བསྐང་བཤགས་བསྟོད་པ་དང་བཅས་པ་དངོས་གྲུབ་ཀྱི་བང་མཛོད་ཙམ་བྱ་བ་ཁ་སྐོང་ཅུང་ཟད་ལ། 10

ཤ 2 དམ་སྲས་ཀྱི་ཚོགས་མཆོད་འཕྲིན་བཅོལ་ཁ་ཤས་བཅས་ལ། 7

ཤ་3 རྡོ་རྗེ་ནག་པོ་ཕྱག་བཞི་པ་མཆོད་པར་འདོད་པས་མཆོད་གཏོར་འབུལ་ཚུལ་ལ། 5

ཥ་སྙན་ངག་གི་དཔེར་བརྗོད་ཚངས་སྲས་དགྱེས་པའི་རོལ་མོ་ལ།149

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

པཎ་ཆེན་བསྟན་པའི་དབང་ཕྱུག་ནི་གཙང་ཐོབ་རྒྱལ་བྲུལ་ཚང་ཞེས་པར་ཡབ་བོན་རིགས་བསྟན་འཛིན་དབང་རྒྱལ་དང༌།ཡུམ་བཀྲ་ཤིས་རྗེ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་ཤིང་ཡོས་1855 ལ་འཁྲུངས།དགུང་ལོ་གསུམ་ཐོག་པཎ་ཆེན་བསྟན་པའི་ཉི་མའི་མཆོག་སྤྲུལ་ཡང་སྲིད་དུ་ངོས་འཛིན་གྱིས་བཀྲས་ལྷུན་དགོན་དུ་གདན་འདྲེན་ཞུས།དགུང་ལོ་དྲུག་ལ་དགོན་པའི་གསེར་ཁྲིར་ཕེབས་ནས་སྲིད་སྐྱོང་ར་སྒྲེང་ཨ་ཆི་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས།དགུང་ལོ་བདུན་ནས་དགུང་ལོ་ཉི་ཤུ་རྩ་གཅིག་བར་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་མཛད།དེའི་ལོར་ས་སྐྱའི་འདུལ་འཛིན་ཆེན་པོ་མེ་ཏྲེ་རྡོ་རྨ་ཝ་རྡོད་པལ་བཟང་པོའི་ས་ནས་པཎ་ཆེན་ཤྰཀྱ་ཤྲིའི་སྡོམ་རྒྱུན་གྱི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།ཡང་ལོ་དེར་སྨིན་གླིང་ཁྲི་ཆེན་ས་ནས་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་ཁ་ཤས་གསན།དེའི་ལོར་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་གཤེགས་འཕྲལ་རྗེ་འདིས་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་བཀའ་རྩོམ་མཛད།དགུང་ལོ་ཉེར་གསུམ་ལ་ཕུར་ལྕོག་ཡོངས་འཛིན་བྱམས་པ་རྒྱ་མཚོའི་དྲུང་ནས་བླ་ཆེན་བརྒྱུད་ཀྱི་དགེ་སློང་སྡོམ་པ་བཞེས།དགུང་ལོ་ཉེར་བཞིར་ཕེབས་སྐབས་དབུས་སུ་ཕེབས་ནས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་མཚན་གསོལ།དགུང་ལོ་ཉེར་བརྒྱད།ཆུ་རྟ་1882 ལོར་གཤེགས།འདིར་གསུང་འབུམ་པོད་གསུམ་བཞུགས།

 

                                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

                                              

བརྒྱུད་འགོད།