པཎ་ཆེན་བསྟན་པའི་ཉི་མའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 08:16:40     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན     ཀློག་ཐེངས།  

IMG_4329.JPG

པཎ་ཆེན་བསྟན་པའི་ཉི་མའི་གསུང་འབུམ་གྱི་དཀར་ཆག

 

499 ཀ་

1རབ་འབྱམས་རྒྱལ་བའི་སྤྱི་གཟུགས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་རྣམ་ཐར་འཛམ་གླིང་མཛེས་རྒྱན་ཞེས་བྱ་བ་ལ། 414

2 གསོལ་འདེབས་བྱིན་རླབས་འདྲེན་པའི་ཤིང་རྟ་ལ། 11

དཀར་ཆག་ལ། 1

101

500 ཁ་

1རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ལ་དད་ལྡན་རྣམས་ཀྱིས་སྔ་ཕྱིར་ཞུས་པའི་རྗེ་རང་ཉིད་ཀྱི་བརྟན་བཞུགས་མདུན་གྱི་ནམ་མཁའ་མ་སོགས་བརྟན་བཞུགས་ཀྱི་རིམ་པ་དང༌།རྣམ་ཐར་གསོལ་འདེབས་དང་འབྲེལ་བའི་སྨོན་ཚིག་རྗེས་འཛིན་གྱི་རིམ་པ་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 49

2 གངས་ཅན་འགྲོ་བའི་མགོན་པོ་ཕྱག་ན་པད་དཀར་འཆང་བ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོའི་མཆོག་གི་སྤྲུལ་སྐུ་མྱུར་ཕེབས་ཀྱི་གསོལ་འདེབས་གངས་རི་མ།ཞིང་གྲུ་འཛིན་མ།རྒྱལ་བའི་མཆོག་སྤྲུལ་ངག་དབང་ལུང་རྟོགས་རྒྱ་མཚོའི་བརྟན་བཞུགས་ཕུན་ཚོགས་ཡོན་ཏན་མ།ཁམས་གསུམ་དབང་ཕྱུག་མ།གསོལ་འདེབས་ཕུལ་བྱུང་བློ་གྲོས་མ་སོགས་བླ་མ་མང་པོའི་བརྟན་བཞུགས་འཁྲུངས་རབས་གསོལ་འདེབས།འཁྲུངས་ཐང་འབྲི་ཚུལ།མྱུར་བྱོན་གསོལ་འདེབས།རྗེས་འཛིན་སྨོན་ཚིག་སོགས་ཀྱི་རིམ་པ་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 58

3 བླ་མའི་རྣལ་འབྱོར་སྐོར་ལ།འཁྲུངས་རབས་བཅུ་གསུམ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཟབ་གནད་ཅན་ཤམྦྷ་ལར་སྐྱེ་བའི་སྨོན་ཚིག་དང༌།མགོན་པོ་འོད་དཔག་མེད་ལ་བརྟེན་པའི་རྣལ་འབྱོར།སྤྱན་རས་གཟིགས་ལ་བརྟེན་པའི་དལ་འབྱོར་ཡིག་དྲུག་བསྒོམ་བཟླ་ས་བྱ་ཚུལ།རྗེ་བཙུན་འཇམ་དབྱངས་ལ་བརྟེན་པའི་རྣལ་འབྱོར་མཚན་སྔགས་བཟླ་ཚུལ།རྗེ་བཙུན་སྒྲོལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར།རྩ་བའི་བླ་མའི་རྣལ་འབྱོར་བཀའ་དྲིན་གསོལ་འདེབས་དང་འབྲེལ་བའི་སྒོ་ནས་མཚན་སྔགས་བཟླ་ཚུལ་དང་མཚན་སྔགས་བཟླ་ཞིང་དབང་བཞི་ལེན་ཚུལ་སྨོན་འདེབས།རྗེ་བཙུན་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་སྟོབས་ལྔའི་སྦྱོར་བས་དག་ཞིང་དུ་འཕོ་བའི་དམིགས་སྐོར།འཁྲུངས་རབས་དང་འབྲེལ་བའི་རྩ་བའི་བླ་མའི་རྣལ་འབྱོར།རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་གནད་ཅན།རྟ་མགྲིན་ཡང་གསང་ལ་བརྟེན་པའི་བླ་མའི་རྣལ་འབྱོར།རྩ་བའི་བླ་མའི་རྣལ་འབྱོར་ཟབ་གནད་ཅན།མཚན་སྔགས་བཟླ་ཞིང་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་རྗེས་འཛིན་སྨོན་ཚིག་གསང་བདེ་འཇིགས་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བདུད་རྩི་འབེབས་སྤྱང་གི་དམིགས་པ་དང་བཅས་པའི་སྒོ་ནས་དབང་བཞི་ལེན་ཚུལ་རྗེས་འཛིན་སྨོན་ཚིག་དང་བཅས་པ་དམས་ལ། 28

4 རྡོར་ཕྲེང་མཻ་ཏྲའི་དབང་གི་བརྒྱུད་འདེབས་སོགས་བླ་བརྒྱུད་ཁ་སྐོང་གི་སྐོར་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ།6

5 མདོ་སྔགས་ལམ་གྱི་གནད་ཚང་ཞིང་བློ་ཆོས་སུ་འགྲོ་བའི་བསྐུལ་མ་དང་བླ་མས་རྗེས་འཛིན་གྱི་སྨོན་འདེབས་སོགས་ཉམས་མགུར་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 6

102

6 རྗེ་བཙུན་བརྟན་པའི་འཁོར་ལོ་དང་དབྱངས་ཅན་རྗེ་མོ་གཉིས་ཀྱི་བསྟོད་པ་དང་སློབ་དཔོན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་དང་བསྐྱེད་རིམ་ལ་སློབ་ཚུལ་གྱི་དམིགས་སྐོར་མདོར་བསྡུས་བསྙེན་སྒྲུབ་ལས་གསུམ་ཇི་ལྟར་བྱ་བའི་ཚུལ་བཅས་ལ། 23

7 རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཟབ་པ་དང་རྒྱ་ཆེ་19 འགོ་བའི་རྗེ་ངའི་གསོལ་མཆོད་ལ། 8

20 བཟང་སྤྱོད་ལ་བརྟེན་པའི་འཆི་བླུ་བྱ་ཚུལ་ལ། 6

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །པཎ་ཆེན་བསྟན་པའི་ཉི་མ་ནི་གཙང་ཉང་སྨད་པ་དམ་སྐྱིད་གཤོངས་སུ་ཡབ་དཔལ་ལྡན་དོན་གྲུབ་དང༌།ཡུམ་འཆི་མེད་རྒྱལ་མོའི་སྲས་སུ་རབ་བྱུང་བཅུ་གསུམ་ཆུ་སྟག 1782 ལོར་སྐུ་འཁྲུངས།དགུང་ལོ་གསུམ་ཐོག་བཀྲ་ཤིས་ལྷུན་པོར་གསེར་ཁྲི་མངའ་གསོལ་མཛད།དགུང་ལོ་ཉི་ཤུ་ཐམ་པར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས།དགུང་ལོ་ཉེར་བདུན་ཐོག་རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་གནང༌།དགུང་ལོ་སོ་གཉིས་ཐོག་རྒྱལ་བ་དགུ་པའི་རབ་བྱུང་སྡོམ་པ་བཞེས།དགུང་ལོ་ཞེ་བཞི་ལོར་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་ངོས་འཛིན་གནང༌།དགུང་ལོ་ང་གསུམ་ལ་གོང་ས་མཆོག་སྤྲུལ་རིན་པོ་ཆེར་བསྙེན་རྫོགས་ཀྱི་སྡོམ་པ་གནང༌།དགུང་ལོ་རེ་གསུམ་ཤིང་འབྲུག་ལོ་ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས་སྲིད་སྐྱོང་གནས་དབྱུང་གནང་ཚབ་པཎ་ཆེན་རིན་པོ་ཆེས་གོང་མའི་བཀའ་བཞིན་ཤིང་འབྲུག་བོད་ཟླ་8 ཚེས་6ནས།ཤིང་སྦྲུལ་བོད་ཟླ་4 ཚེས་26 བར་ཟླ་བ་བརྒྱད་ལྷག་ཙམ་རིང་སྲིད་སྐྱོང་མཛད།དགུང་ལོ་བདུན་ཅུ་དོན་གཉིས་ཆུ་གླང་1853ལོར་སྐུ་གཤེགས།གསུང་འབུམ་པོད་དགུ་བཞུགས།

 

                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

 

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།