པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-18 08:14:07     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན     ཀློག་ཐེངས།  

500315574943485425.jpg

པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ་གྱི་དཀར་ཆག

 

 

 

 

 

པར་པོད།ཤོག་གྲངས།

 

486 ཀ་

 

1སྐུ་གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས།བླ་མ་དམ་པ་སོགས་མཚན་ཉིད་དང་ལྡན་པ་དུ་མ་ཞིག་གུས་པ་ཆེན་པོས་བསྟེན་པའི་སྒོ་ནས་རབ་འབྱམས་མདོ་དང་རྒྱུད་སྡེའི་གཞུང་ལ་ལེགས་པར་བསླབས་ནས།ཐོས་བསམ་སྒོམ་པ་དང་འཆད་རྩོད་རྩོམ་པ་ལ་སོགས་པ།སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་མཆོད་པ།རིས་མེད་པའི་དགེ་འདུན་མང་པོ་ལ་བསྙེན་བཀུར་བ་ལ་སོགས་པ་བསྟན་འགྲོའི་བྱ་བ་མཐའ་དག་ལ་བརྩོན་པར་མཛད་པའི་རྣམ་པར་ཐར་པ་འོད་དཀར་ཅན་གྱི་ཕྲེང་བ་ལ། 400

 

དཀར་ཆག་ལ། 1

 

487 ཁ་

 

1སྙན་ངག་མེ་ལོང་ལས་ལེའུ་གཉིས་པའི་དཔེར་བརྗོད་མཚོ་བྱུང་དགྱེས་པའི་མེ་ཏོག་ཅེས་བྱ་བ་ལ། 64

2 ཤྰ་ཀྱའི་བཙུན་པ་བློ་བཟང་ཡེ་ཤེས་ཀྱིས་མཁས་དབང་དན་ཌིའི་གཞུང་ལ་སྤྱངས་པ་ཅུང་ཟད་བགྱིས་པའི་སྐབས་ཀྱི་ལེའུ་གཉིས་པའི་གཟུགས་ཅན་བཅུ་གཉིས་པ་ཡན་གྱི་དཔེར་བརྗོད་ལ། 51

3 མདོ་རྒྱུད་ཟབ་མོའི་ཆོས་ཀྱི་ལུང་རྗེས་གནང་དབང་ཁྲིད་ཐོབ་ཡིག་གཞན་ཕན་རིན་ཆེན་དབང་རྒྱལ་ལྷག་བསམ་པུཎཊ་རི་ཀའི་ཕྲེང་བས་སྤུད་པ་ཞེས་བྱ་བ་ལ། 290

དཀར་ཆག་ལ། 1

 

488 ག་

1བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་རྣམ་ཐར་པད་དཀར་ཕྲེང་བ་ལ། 61

2 བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་མྱུར་ལམ་ལ། 81

3 ལམ་གྱི་གཙོ་བོ་དམ་གསུམ་གྱི་རྣམ་བཤད་གསུང་རབ་ཀུན་གྱི་གནད་བསྡུས་པ་ལེགས་བཤད་སྙིང་པོ་ལ། 60

4 སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་ཉེ་ལམ་ལ། 37

5 པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ་སྨད་ཆ་ལ། 35

6 རྗེ་དྲུང་སྤྲུལ་སྐུ་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་རྣམ་ཐར་རོལ་མཚོ་ལ། 23

7 བླ་མའི་རྣལ་འབྱོར་གྱི་འགྲེལ་པ་དང་བཀའ་དྲིན་གསོལ་འདེབས་ལ།8

8 བློ་ཆེན་རྒྱལ་ཀུན་མ་ལ། 3

9 རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བཤད་པ་རྫོགས་པའི་འོག་ཏུ་རྡོ་རྗེ་སློབ་དཔོན་ལ་གཏང་རག་གི་མཆོད་པ་སོགས་བྱ་ཚུལ་ལ། 9

10 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རྗེ་དགུའི་བླ་བརྒྱུད་གསོལ་འདེབས་དང་ཤིས་བརྗོད་ལ། 4

11 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རྗེ་དགུའི་སྒྲུབ་ཐབས་ལ། 11

12 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རྗེ་དགུའི་དཀྱིལ་ཆོག་ལ།44

13 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རྗེ་དགུའི་སྦྱིན་སྲེག་གི་ཆོ་ག་ལ། 14

14 དྲི་ལན་ཡི་གེར་བཀོད་གྲས་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 12

15 ཚེ་སྒྲུབ་འཆི་མེད་བདུད་རྩིའི་ཆུ་རྒྱུན་ལ། 4

16 འཕགས་མ་གདུགས་དཀར་གྱི་སྒྲུབ་ཐབས་མཆོག་ཐུན་དངོས་གྲུབ་ཆར་འབེབས་ལ། 4

17 གཤིན་པོ་རྗེས་འཛིན་ཐར་པའི་ལམ་སྟོན་ལ། 20

18 མགོན་དཀར་ཡིད་བཞིན་ནོར་བུའི་གཏོར་ཆོག་དགེ་ལེགས་ཀུན་འབྱུང་ལ། 8

19 ཡེ་ཤེས་ཀྱི་མགོན་པོ་གྲི་གུག་དང་འཚེར་གསེབ་ཆོས་སྐྱོང་བསྟན་མ་གསུམ་གྱི་གཏོར་ཆོག་ལ། 10

 

དཀར་ཆག་ལ། 1

 

489 ང་

1བླ་མའི་རྣལ་འབྱོར།བླ་མའི་བསྟོད་ཚིག་གསོལ་འདེབས།ཡི་དམ་འགའ་ལ་བརྟེན་པའི་རྣལ་འབྱོར།བརྟན་བཞུགས་ཚིགས་བཅད་མང་བ་རྗེ་འགའི་སྒྲུབ་ཐབས་རྗེས་གནང་བྱེད་ཚུལ།བསྙེན་གནས་བསྲུང་བ་དང་སྨྱུང་གནས་བྱས་པའི་ཕན་ཡོན།སྐུ་གདུང་གི་དཀར་ཆག་ལེ་ཚན།རྟེན་སོགས་བཞེངས་པའི་རྒྱབ་ཡིག་དགོན་སྡེ་འགའ་ཞིག་གི་ཁྲིམས་སུ་བཅའ་བ།རྟེན་གསུམ་བཞེངས་པ་སོགས་ཀྱིས་མཚོན་པའི་དགེ་བསྔོའི་སྨོན་ལམ་ཚིགས་བཅད།བསྟན་སྲུང་རྒྱ་མཚོར་མཆོད་གཏོར་འབུལ་ཚུལ།འཕྲིན་བཅོལ།བསངས་ཀྱི་ཆོ་ག་བཅས་གསུང་ཐོར་བུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 340

 

2 རྣམ་ཐར་འོད་དཀར་ཕྲེང་བའི་སྨད་ཆ་ལ། 138

 

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

 

༄༅། །པཎ་ཆེན་བློ་བཟང་ཡེ་ཤེས་ནི་གཙང་ཐོབ་རྒྱལ་བྲུས་ཚང་ཞེས་པར་ཡབ་ཞབས་དྲུང་བསོད་ནམས་དབང་གྲགས་དང༌།ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པ་ཆུ་ཡོས་1663 ལ་འཁྲུངས།དགུང་ལོ་དྲུག་ལ་ཕེབས་སྐབས་བཀྲ་ཤིས་ལྷུན་པོར་གདན་འདྲེན་ཞུས།དགུང་ལོ་བརྒྱད་ལ་དབུས་སུ་ཕེབས་ནས་གོང་ས་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་ཡེ་ཤེས་གསོལ།དགུང་ལོ་བཅུ་གཅིག་ནས་བཟུང་ཟུར་བཞིའི་སློབ་དཔོན་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད།དགུང་ལོ་ཉེར་གཉིས་ཐོག་འདུལ་འཛིན་དཀོན་མཆོག་རྒྱལ་མཚན་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།རིག་བྱེད་པ་རྗེ་དྲུང་བློ་བཟང་ནོར་བུའི་དྲུང་ནས་སྙན་དངགས༌་སོགས་རིག་གནས་སྐོར་གསན་བཞེས་མཛད།དགུང་ལོ་སོ་གསུམ་པར་གོང་ས་སྐུ་ཕྲེང་དྲུག་པར་དགེ་ཚུལ་གྱི་སྡོམ་པ་གནང་ནས་མཚན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོར་གསོལ།དགུང་ལོ་ང་གཅིག་ལོ་མན་ཆིང་གོང་མ་ཁང་ཤིས་ཡིག་རིགས་གསུམ་བརྐོས་སུ་ཡོད་པའི་གསེར་སམ་འཇའ་ས་དང༌།བཀའ་ཡིག་བཀུར་བའི་པཎ་ཆེན་ཨེར་ཏེ་ནིའི་ཐམ་ག་དང༌།ཆོ་ལོ་སྩལ།དགུང་ལོ་ང་ལྔ་ཐོག་གོང་ས་སྐུ་ཕྲེང་བདུན་པར་རབ་བྱུང་དང༌།དགེ་ཚུལ་གྱི་སྡོམ་པ་སྩལ་ནས་མཚན་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ།དགུང་ལོ་རེ་ལྔ་ལ་གོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་སྩལ།དགུང་ལོ་དོན་ལྔ་སྟེ་མེ་སྦྲུལ་1737 ལ་སྐུ་གཤེགས།གསུང་འབུམ་པོད་བཞི་བཞུགས།

 

                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།