པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 19:38:33     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན     ཀློག་ཐེངས།  

536.JPG

པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་གྱི་དཀར་ཆག

པར་པོད།ཤོག་གྲངས།

490 ཀ་1

ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར་སྟོད་ཆ་ལ།375

491 ཀ་2)

རྣམ་ཐར་ཉི་མའི་འོད་ཟེར་གྱི་སྨད་ཆ་ལ། 305

ཟུར་འདེབས་ཤེལ་དཀར་མེ་ལོང་ལ། 78

རྒྱལ་བ་མཆོག་གི་བདག་ཉིད་གང་དེའི་སྐུ་གདུང་རིན་པོ་ཆེ་ཡིད་བཞིན་ནོར་བུ་སྙིང་པོར་བཞུགས་པའི་མཆོད་སྡོང་ཆེན་པོ་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ལ། 42

492 ཁ་

1རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་བརྟན་བཞུགས་དམས་ཆབས་ཅིག་ཏུ་བསྡེབས་པ་ལ། 41

བླ་མ་སྣ་ཚོགས་ཀྱི་གསོལ་འདེབས་བརྟན་བཞུགས་སྨོན་ཚིག་འཁྲུངས་རབས་བྲི་ཐང་འབྲི་ཚུལ་བཅས་ལ། 75

ཉམས་མགུར་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 3

བློ་སྦྱོང་ལམ་རིམ་སྐོར་ལ། 9

བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་གཞན་ཕན་བདུད་རྩིའི་བུམ་པ་ལ། 16

མདོ་སྔགས་ཀྱི་གནད་དམས་ལ་དྲི་བ་ཞུས་པའི་ལན་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 38

འདོད་རྗེ་སྣ་ཚོགས་ཀྱི་བསྟོད་ཚོགས་གསོལ་འདེབས་ལ། 28

བསླབ་བྱ་སྤྱི་དང་དགོན་སྡེ་ཁག་གི་བཅའ་ཡིག་སོགས་ལ། 24

རྟེན་གསར་བཞེངས་ཀྱི་དཀར་ཆག་དང་རྒྱབ་ཡིག་ཞལ་བྱང་སོགས་ལ། 40

10 འདོད་རྗེ་སྣ་ཚོགས་ལ་བརྟེན་པའི་ལྟུང་བ་བཤགས་བསྡམས་བྱ་ཚུལ་ལ། 7

11 ཆབ་ཤོག་སྐོར་ལ། 10

12 གནས་བསྟོད་སྐོར་ལ། 3

13 རྗེ་སྣ་ཚོགས་ཀྱི་སྒྲུབ་ཐབས་ཀྱི་མཇུག་ཏུ་བྱ་བའི་སྨོན་ལམ་ཤིས་བརྗོད་སོགས་སྐོར་ལ། 5

14 རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་མྱོང་ཁྲིད་ལ། 37

15 གྲུབ་ཆེན་དྲིལ་བུ་ཞབས་ལུགས་ཀྱི་ལུས་དཀྱིལ་གྱི་མངོན་རྟོགས་ཀྱི་ངག་འདོན་ལ། 19

16 བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་བདག་མདུན་བུམ་གསུམ་སློབ་མ་སྟ་གོན་དང་བཅས་པ་ལ། 30

17 རྟེན་གསུམ་དམས་ལ་སྙན་ཤལ་སྤྱན་གཟིགས་ན་བཟའ་བཅས་ཕུལ་པའི་འདོད་གསོལ་ལ། 15

དཀར་ཆག་ལ། 2

493 ག་

1པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་སྐུ་གསུང་ཐུགས་ཀྱི་མཛད་པ་མ་ལུས་པ་གསལ་བར་བྱེད་པའི་རྣམ་ཐར་འོད་དཀར་ཅན་གྱི་ཕྲེང་བའི་སྨད་ཆ་ལ། 138

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་ལ། 153

འཕགས་པའི་གནས་བརྟན་བཅུ་དྲུག་གི་རྣམ་ཐར་ལ། 9

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྡོ་རྗེ་འཆང་ཆེན་ཁམས་གསུམ་འགྲོ་བའི་བླ་མ་མཆོག་གི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་སྙིང་པོར་བཞུགས་པའི་རྗེར་བཅས་སྐྱེ་དགུའི་མཆོད་སྡོང་ཆེ་པའི་ཐོག་མཐའ་བར་གསུམ་གྱི་ཆེ་བའི་ཡོན་ཏན་བརྗོད་པར། 79

རྗེ་བཙུན་བླ་མ་དམ་པ་མཉམ་མེད་ཤྰཀྱའི་རྒྱལ་པོའི་རིང་ལུགས་པ་ཆེན་པོ་རྡོ་རྗེ་འཆང་བློ་བཟང་བཟོད་པ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཆ་ཤས་ཙམ་བརྗོད་པའི་གཏམ་ལ། 22

དཀར་ཆག་ལ། 1

494 ང་

1རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་བླ་མའི་རྣལ་འབྱོར་དམས་ཆབས་ཅིག་ཏུ་བསྡེབས་པ་ལ།149

དཔལ་འཁོར་ལོ་སྡོམ་པ་གྲུབ་ཆེན་ལྷུ་ཨི་པའི་ལུགས་ཀྱི་བདག་བསྐྱེད་བསྡུས་པ་ལ། 12

བདེ་མཆོག་དང༌།འཁོར་ཆེན།དགའ་ལྡན་རྗེ་བརྒྱ་མ་བཅས་ཀྱི་བསྙེན་ཡིག་ལ། 11

བླ་མ་སངས་རྒྱས་བྱང་སེམས་སོགས་ལ་བརྟེན་པའི་འཕོ་བའི་སྐོར་ལ། 6

འདོད་རྗེ་སྣ་ཚོགས་ཀྱི་སྐོར་ལ།སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས།དབྱངས་ཅན་མའི་སྒྲུབ་ཐབས།དམ་ཚིག་རྡོ་རྗེའི་བཟླ་ས་སྒོམ།འཇམ་དབྱངས་བྱ་སེང་ལ་བརྟེན་པའི་དཔའ་བོ་གཅིག་པའི་སྒྲུབ་ཐབས།བདེ་མཆོག་སྒྲུབ་ཐབས།བཀའ་གདམས་རྗེ་བཞིའི་སྒྲུབ་ཐབས།རྣམ་རྒྱལ་མའི་ཆོ་ག་ཆ་ལག་དང་བཅས་པ།འཇིགས་བྱེད་སྒྲུབ་ཐབས།བསྐྱེད་རིམ་གནད་ཚང་བ།མཁའ་ལྡིང་ནག་པོའི་ སྒྲུབ་ཐབས་ཀྱི་འགྲེལ་པ།བཅུ་གཅིག་ཞལ་གྱི་སྒྲུབ་

ཐབས།དབྱངས་ཅན་དམར་མོའི་སྒྲུབ་ཐབས།རིགས་གསུམ་མགོན་པོའི་རྗེས་གནང༌།རིག་བྱེད་མའི་སྒྲུབ་ཐབས།ཕྱག་རྡོར་གཏུམ་པོའི་སྒྲུབ་ཐབས།སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་འཕོ་བ་དང་བཅས་པ།སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་བླ་མེད་ལུགས།གདུགས་དཀར་གྱི་བདག་མདུན་མདོར་བསྡུས།རྡོར་སེམས་སྒོམ་བཟླ་ས་བུམ་སྒྲུབ་བྱབས་ཁྲུས་བྱ་ཚུལ།རིགས་གསུམ་མགོན་པོའི་སྒྲུབ་ཐབས།སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ།དུས་འཁོར་རྡུལ་ཚོན་ཆབ་ལ་འདྲེན་ཚུལ།རྗེ་བླ་མ་ལ་བརྟེན་པའི་ས་བཅུད་བུམ་སྒྲུབ།ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས།འཇམ་དབྱངས་དཀར་པོའི་སྒྲུབ་ཐབས།གྲུབ་རྒྱལ་ལུགས་ཀྱི་རིལ་སྒྲུབ།གསང་བདེ་འཇིགས་གསུམ་གྱི་གཏོར་འབུལ།བདེ་མཆོག་བདག་བསྐྱེད་བསྡུས་པ།རྟ་མགྲིན་ཡང་གསང་ཁྲོས་པར་མཆོད་གཏོར་འབུལ་ཚུལ།མདོ་ཐར་ཆེན་བཀླགས་ཚུལ།དུས་འཁོར་སྤྱན་འདྲེན།ཡེ་ཤེས་ཁྱུང་ཁྲ་སྒོམ་ཚུལ།རྡོ་རྗེ་ཕག་མོའི་སྒྲུབ་ཐབས་གནོད་མཛེས་རྒྱལ་པོའི་སྒྲུབ་ཐབས།སྒྲོལ་དཀར་དང་རྗེ་ཆེན་ཚངས་པའི་སྒྲུབ་ཐབས།འཇམ་དཀར་སྒྲུབ་ཐབས།སྒྲོལ་དཀར་སྒྲུབ་ཐབས།ཉི་མ་སྦས་པའི་ལུགས་ཀྱི་སེང་ལྡེང་ནགས་སྒྲོལ་སྒྲུབ་ཐབས།གསང་བའི་བདག་པོ་གཏུམ་ཆེན་སྒྲུབ་ཐབས།འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བཅས་ལ། 106

འཕགས་པ་སྤྱན་རས་གཟིགས་ལ་བརྟེན་པའི་མ་ཎི་རིལ་སྒྲུབ་བྱ་བའི་ཆོ་ག་ལ། 7

བླ་མ་སངས་རྒྱས་བྱང་སེམས་སོགས་ཀྱི་བྲིས་འབུར་གྱི་སྐུ་སོགས་རྟེན་གསུམ་བཞེངས་ཚུལ་སྐོར་ལ། 7

རྗེ་སྣ་ཚོགས་ཀྱི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་ལ། 32

དཔལ་ཡེ་ཤེས་ཀྱི་མགོན་པོ་ཚེ་བདག་ལ་བརྟེན་པའི་ཚེ་དབང་བྱ་ཚུལ་ལ། 16

10 འཆི་བླུའི་སྐོར་དམས་ལ། 8

11 ཡུལ་རྗེ་གཞི་བདག་འཁྲུངས་རྗེ་སོགས་ལ་མཆོད་གཏོར་འབུལ་ཚུལ་གྱི་སྐོར་ལ། 36

12 དཔལ་གསང་བ་འདུས་པའི་ཚོགས་མཆོད་སོགས་ལ། 4

13 ཡི་དམ་ཆོས་སྲུང་དམས་ལ་བརྟེན་པའི་བཀའ་བསྒོ་བྱེད་ཚུལ་དང༌།རྗེ་སྲིན་སྡེ་བརྒྱད་ཀླུ་སོགས་ལ་ཆབ་ཤོག་བཀའ་བསྒོའི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 6

14 རྗེ་སྣ་ཚོགས་ཀྱི་ལས་བཞིའི་སྦྱིན་སྲེག་ཆོ་ག་ལ། 32

དཀར་ཆག་ལ། 3

495 ཅ་

ཆོས་སྐྱོང་སྒྲུབ་སྐོར་ལ་རྗེ་མགོན་ཆོས་རྒྱལ་དམ་ཅན།དཔལ་ལྡན་རྗེ་མོ།དམ་སྲས་དུང་དམར།དུར་བདག་སོགས་ཀྱི་སྒྲུབ་ཐབས་ལ། 95

དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་རྫོགས་སྒྲུབ་པའི་ཐབས་དངོས་གྲུབ་བདུད་རྩིའི་འབྱུང་གནས་ལ།22

བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་རྗེ་དགུའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ལ། 17

དཔའ་གསང་སྔགས་རྒྱུད་པ་གྲྭ་ཚང་གི་གཏོར་བཟོའི་རིམ་པའི་རྣམ་བཤད་མདོར་བསྡུས་ལ། 3

དམིགས་བརྩེ་མའི་ལས་ཚོགས་བཅུ་གཅིག་པོ་ནག་འགྲོས་སུ་བཀོད་པ་ལ།ཀ་པར་ཆར་འབེབས།ཁ་པར་སད་སྲུང༌།ག་པར་མཚོན་སྲུང་བཟའ་ཡིག་ང་པར་མཚོན་སྲུང་འདོགས་པ།ཅ་པར་གྲིབ་སྲུང༌།ཆ་པར་སྲོག་རླུང་བཅོས་ཐབས།ཇ་པར་རྒྱལ་པོ་གྲི་ཐོགས་ཀྱི་བཟའ་ཡིག་ཉ་པར་ཇག་འཆིང༌།ཏ་པར་རྩོ་འདོན།ཐ་པར་མན་ངག་ད་པར་བར་ཆད་སྲུང་ཚུལ་བཅས་ལ་བསྡོམས། 57

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གསོལ་འདེབས་དང༌།དམིགས་བརྩེ་མའི་ལས་ཚོགས་བཅུ་གཅིག་དོན་བཤད་པ་ལ། 23

བླ་མའི་རྣལ་འབྱོར་སྐོར་ལ་རྡོ་རྗེ་འཆང་ལ་བརྟེན་པའི་རྣལ་འབྱོར་སོགས་ལ། 22

འདོད་རྗེ་སྣ་ཚོགས་སྒྲུབ་ཐབས་སྐོར་ལ།ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས།བཅོམ་ལྡན་འདས་གསང་བའི་བདག་པོ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས།བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས།གསང་བའི་བདག་པོ་གོས་སྔོན་ཅན་གྱི་སྒྲུབ་ཐབས།དཔལ་འཁོར་ལོ་ཆེན་པོའི་ས་ཆོག་གི་རིམ་པ།འཕགས་པ་བྱམས་པའི་སྒྲུབ་ཐབས།རྒྱལ་མཚན་འཛུགས་པའི་ཆོ་གའི་རིམ་པ།ཕྱག་རྡོར་གཏུམ་པོའི་སྒྲུབ་ཐབས།རྡོ་རྗེ་མཁའ་ལྡིང་ནག་པོ་ལ་མཆོད་གཏོར་འབུལ་ཞིང་འཕྲིན་བཅོལ་བསྐུལ་བཟློག་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་སྒྲུབ་ཚུལ།སངས་རྒྱས་སྨན་བླའི་མདོ་ཆོག་ཤིན་ཏུ་བསྡུས་པ།དཔལ་དམ་ཅན་ཆོས་ཀྱི་རྒྱལ་པོའི་བརྟེན་འཛུགས་ཕྱག་མཚན་སྒྲུབ་ཚུལ་བཅས་ལ། 55

ཆོས་སྐྱོང་སྒྲུབ་སྐོར་ལ།བསྟན་སྲུང་སྤྱི་ལ་མཆོད་གཏོར་འབུལ་ཚུལ་སོགས་ལ། 21

10 རྗེ་རང་ཉིད་ཀྱི་བརྟན་བཞུགས་ཆབས་ཅིག་ཏུ་བསྡེབས་པ་ལ།11

11 བླ་མ་སྣ་ཚོགས་ཀྱི་བརྟན་བཞུགས་གསོལ་འདེབས་སྨོན་ཚིག་བཅས་ལ། 18

12 བྱང་ཆུབ་ལམ་རིམ་སྐོར་ལ། 3

13 མདོ་སྔགས་ཀྱི་གནད་དམས་དྲི་བ་ཞུས་པའི་ལན་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 18

14 འདོད་རྗེ་སྣ་ཚོགས་ཀྱི་བསྟོད་ཚོགས་གསོལ་འདེབས་ལ། 5

15 སྨོན་ཤིས་ལ། 7

16 རྟེན་བཞེངས་དཀར་ཆག་རྒྱབ་ཡིག་ཞལ་བྱང་སོགས་ལ། 28

དཀར་ཆག་ལ། 4

496 ཆ་

1རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་བརྟན་བཞུགས་ལ། 11

བླ་མའི་རྣལ་འབྱོར་སྐོར་ལ། 41

བླ་མ་སྣ་ཚོགས་ཀྱི་བརྟན་བཞུགས་སྨོན་ཚིག་འཁྲུངས་རབས་བཅས་ལ། 22

འདོད་རྗེ་སྣ་ཚོགས་ཀྱི་སྒྲུབ་ཐབས་སྐོར་ལ། 48

བླ་བརྒྱུད་གསོལ་འདེབས་སྐོར་ལ། 4

དུས་འཁོར་སྒྲུབ་ཐབས་མདོར་བསྡུས་རིན་ཆེན་གཏེར་མཛོད་ལ། 12

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རིམ་གཞན་ཕན་སྙིང་པོ་ལ། 25

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་རིམ་གཞན་ཕན་སྙིང་པོ་ལ། 7

དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བསྡུས་པ་ཉམས་སུ་ལེན་ཚུལ་ལ། 21

10 དཔལ་འཁོར་ལོ་སྡོམ་པའི་དབང་དོན་ཟབ་གསང་གི་གནད་བསྡུས་ལ། 5

11 དཔལ་འཁོར་ལོ་སྡོམ་པ་གྲུབ་ཆེན་དྲིལ་བུ་ཞབས་ལུགས་རྗེ་ལྔའི་སྒྲུབ་ཐབས་བདེ་ཆེན་རྒྱ་མཚོའི་འཇུག་ངོགས་བླ་བརྒྱུད་དང་བཅས་པ་ལ། 17

12 དེ་ཉིད་ཀྱི་བུམ་བསྐྱེད་དང་མདུན་བསྐྱེད་ཀྱི་ཆོ་ག་ལ། 8

13 དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལ། 18

14 རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྦྱིན་སྲེག་སྐོར་

15 གསུང་མགུར་མ༌བསླབ་བྱའི་སྐོར་ལ། 10

16 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་བྱ་ཚུལ་ལ། 5

17 ཆོས་སྐྱོང་སྒྲུབ་སྐོར་ལ། 23

18 རྒྱལ་པོ་ཆེན་པོ་དམ་ཐོས་སྲས་ཡང་གསང་མདུང་དམར་ཅན་གྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ལ། 11

19 རྗེ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་མཉེས་པར་བྱེད་པའི་མདོས་ཀྱི་ཆོ་ག་ལ། 7

20 མ་གཅིག་འདོད་ཁམས་ཀྱི་དབང་མོ་ལ་བརྟེན་པའི་མོ་ཤོ་འདེབས་ཚུལ་ལ། 24

21 ཚོགས་མཆོད་སྐོར་ལ། 4

22 བསྟོད་ཚོགས་གསོལ་འདེབས་སྐོར་ལ། 2

97

23 གནས་བསྟོད་སྐོར་ལ། 3

24 རྟེན་གསུམ་དམས་ལ་སྙན་ཤལ་སྤྱན་གཟིགས་ན་བཟའ་སོགས་ཕུལ་བའི་འདོད་གསོལ་སྐོར་ལ། 4

25 རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་གསུང་ཐོར་བུ་ལ།སྐྱེས་རབས་སོ་བཞིའི་གསུང་བཤད་ཀྱི་སྔོན་འགྲོ་དང༌།རྗེ་འབྲུམ་གྱི་ནད་འགོག་ཐབས་དང༌།ཐོག་བསྲུང༌།སྨྱུང་གནས་ཀྱི་ཕན་ཡོན།བཀའ་སྡོད་རྗེ་སྲུང་དམས་ལ་མཆོད་གཏོར་བཅས་ལ། 14

26 འོད་དཔག་མེད་ལ་བརྟེན་པའི་འཕོ་བ་ལ། 3

27 རྟེན་གསར་བཞེངས་ཀྱི་དཀར་ཆག་རྒྱབ་ཡིག་སྐོར་ལ། 6

28 རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་བརྟེན་ནས་དུག་ཞི་བར་བྱེད་པའི་མན་ངག་ལ། 2

29 འདོད་གསོལ་སྨོན་ལམ་གྱི་སྐོར་ལ། 24

30 ཆབ་ཤོག་སྐོར་ལ། 8

31 བཀའ་ཤོག་སྐོར་ལ། 2

32 གཞི་བདག་མཆོད་འཕྲིན་གྱི་སྐོར་ལ། 14

དཀར་ཆག་ལ། 2

497 ཇ་

རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་བརྟན་བཞུགས་སྨོན་ཚིག་གི་སྐོར་དམས་ཆབས་ཅིག་ཏུ་བཀོད་པ་ལ། 20

བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསྐྱེད་རྫོགས་ཀྱི་ཁྲིད་སྒོམ་ཚུལ་ཟིན་བྲིས་སུ་བཏབ་པ་ལ། 8

ཆོས་གྲྭ་ཆེན་པོ་དགའ་ལྡན་བདེ་ཆེན་རབ་རྒྱས་གླིང་གི་བཅའ་ཡིག་ལ། 9

སྨྱུང་གནས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་མདོར་བསྡུས་ཕན་ཡོན་དང་བཅས་པ་ལ། 54

བློ་སྦྱོང་ལམ་རིམ་སོགས་ཀྱི་སྐོར་ལ། 6

བླ་མ་སྣ་ཚོགས་ཀྱི་བརྟན་བཞུགས་གསོལ་འདེབས་ཀྱི་རིམ་པ་ལ།32

གསུང་ལན་ཆབ་ཤོག་གི་སྐོར་ལ། 14

གྲུབ་པའི་གནས་མཆོག་དབེན་ས་ཆོས་ཀྱི་ཕོ་བྲང་གི་གནས་བསྟོད་ལ། 3

འདོད་གསོལ་གྱི་སྐོར་དམས་ཆབས་ཅིག་ཏུ་བསྡེབས་པ་ལ། 24

10 བླ་མའི་རྣལ་འབྱོར་གྱི་སྐོར་ལ། 25

11 ཉམས་མགུར་གྱི་སྐོར་ལ། 3

12 རྒྱལ་བ་ཀུན་གྱི་བདག་པོ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རིམ་པ་དང་པོའི་མན་ངག་ཚིགས་བཅད་དུ་བསྡེབས་པ་མན་ངག་གནད་ཀྱི་ལྡེ་མིག་ལ། 16

13 འདོད་རྗེ་སྣ་ཚོགས་ཀྱི་སྒྲུབ་ཐབས་སྐོར་ལ། 28

14 རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་ཆོ་ག་ཕན་བདེའི་ཀུན་འབྱུང་གི་བདག་བསྐྱེད་ལ། 18

15 དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལ། 23

16 དེ་ཉིད་ཀྱི་དབང་གི་ཆོ་ག་སྨོན་ལམ་ཤིས་བརྗོད་དང་བཅས་པ་ལ། 17

17 ཆོས་སྐྱོང་དམས་བསྒྲུབ་ཅིང་མཆོད་གཏོར་འབུལ་བའི་རིམ་པ་ལ། 32

18 རྒྱལ་བའི་བསྟན་སྲུང་ཀུན་གྱི་རྗེ་བོ་ལྟ་བུར་གྱུར་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་མཆོད་ཆོག་གི་ལས་རིམ་དངོས་གྲུབ་མྱུར་འགུགས་ལ། 12

19 ཆོས་སྐྱོང་དྲེགས་པ་ལྕམ་དྲལ་གྱི་མདོས་ཆོག་ཡིད་བཞིན་དབང་རྒྱལ་ལ། 14

20 རྟེན་གསར་བཞེངས་ཀྱི་དཀར་ཆག་དང་ཐང་སྐུའི་རྒྱབ་ཡིག་སོགས་ཀྱི་སྐོར་ལ། 14

21 དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་གཤིན་པོ་རྗེས་འཛིན་གྱི་ཆོ་ག་བདེ་ཆེན་མྱུར་ལམ་ལ། 7

22 ཡུལ་རྗེ་གཞི་བདག་དམས་ལ་མཆོད་གཏོར་འབུལ་ཚུལ་གྱི་རིམ་པ་ལ། 24

དཀར་ཆག་ལ། 2

498 ཉ ་

1རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་བླ་མའི་རྣལ་འབྱོར་སྐོར་དམས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 10

བླ་མ་སྣ་ཚོགས་ཀྱི་བརྟན་བཞུགས་སྨོན་ཚིག་འཁྲུངས་རབས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། 19

བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞི་བའི་སྦྱིན་སྲེག་བྱེད་ཚུལ་ལ། 7

མེ་བྱ་ལོ་རྒྱལ་དབང་མཆོག་ལ་པཎ་ཆེན་ཆོས་ཀྱི་རྒྱལ་པོས་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལ།39

རྗེ་ཉིད་ཀྱིས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོར་བྱང་ཆུབ་བདེ་ལམ་གྱི་ཁྲིད་ལུང་ལུང་རིགས་ཀྱི་མཐའ་དཔྱོད་དང་བཅས་ཏེ་རྒྱས་པར་སྩལ་སྐབས་གཞུང་གི་ཚིག་ཟིན་ལ་མི་གསལ་བའི་གསུང་བཤད་ཕལ་མོ་ཆེའི་ཟིན་བྲིས་བདེ་ལམ་ཡང་གསལ་ལ། 22

བཀྲ་ཤིས་ལྷུན་པོར་རྗེ་ཉིད་ཀྱིས་སྡེ་སྣོད་འཛིན་པ་སུམ་སྟོང་ལྷག་ཙམ་ལ་མེ་ཁྱི་ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ནས་ཟླ་བ་བདུན་པའི་ཚེས་བཅུའི་བར་རྣམ་འགྲེལ་གྱི་མན་ངག་རྒྱས་པར་གནང་བ་རྣམས་ཀྱི་སྙིང་པོ་བསྡུས་དོན་ཙམ་ཞིག་རྗེ་ཛྙ་ན་བྷ་ཛས་ཟིན་བྲིས་སུ་བཀོད་པ་ལ། 6

བཀྲ་ཤིས་ལྷུན་པོའི་སྡེ་སྣོད་འཛིན་པ་དམས་ལ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཁྲིད་སྩལ་སྐབས་བྱ་བྲལ་མཻ་ཏྲིའི་མཚན་ཅན་གྱིས་རགས་རིམ་ཞིག་ཟིན་བྲིས་སུ་བཀོད་པ་ལ། 28

པཎ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུས་སྡེ་ཆེན་པོའི་དབུས་སུ་གཏོར་མ་བརྒྱ་རྩའི་དམར་ཁྲིད་རྒྱས་པར་སྩལ་སྐབས་སམ་གྷའི་མིང་ཅན་གྱིས་གསུང་བཤད་ཕལ་མོ་ཆེ་ཟིན་བྲིས་སུ་བཀོད་པ་ལ། 25

དཔལ་འཁོར་ལོ་སྡོམ་པ་རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་པའི་བཞེད་སྲོལ་གྱི་རིམ་ལྔའི་དམར་ཁྲིད་ཟུང་འཇུག་ཐེམ་སྐས་ལ། 11

10 རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་དྲིལ་བུའི་ཞབས་ཀྱི་བཞེད་སྲོལ་འཁོར་ལོ་སྡོམ་པའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་ཇི་ལྟར་བྱ་བའི་རིམ་པ་ལ། 23

11 བསྟན་སྲུང་ཡོངས་ཀྱི་རྗེ་བོ་རྗེ་ཆེན་ཆོས་ཀྱི་རྒྱལ་པོ་ནང་སྒྲུབ་ལ་བརྟེན་པའི་གཏོར་ཆེན་བདུད་དཔུང་རབ་འཇོམས་ལ། 20

12 ཡུལ་རྗེ་གཞི་བདག་དམས་ལ་མཆོད་གཏོར་འབུལ་ཚུལ་ལ། 8

13 ཆབ་ཤོག་སྐོར་དམས་ཆབས་ཅིག་ཏུ་བསྡེབས་པ་ལ། 6

14 གསུང་སྣ་ཚོགས་དམས་ཆབས་ཅིག་ཏུ་བསྡེབས་པ་ལ། 14

15 མདོ་སྔགས་ཀྱི་གནད་དམས་དྲི་བ་ཞུས་པའི་ལན་དམས་ཆབས་ཅིག་ཏུ་བསྡེབས་པ་ལ། 7

16 འདོད་གསོལ་སྨོན་ཚིག་གི་སྐོར་ལ། 12

17 བཅའ་ཡིག་གི་སྐོར་ལ། 17

18 དཔལ་མགོན་ཞལ་བཞི་པར་མཆོད་གཏོར་འབུལ་བའི་རིམ་པ་བདུད་སྡེ་རབ་འཇོམས་ལ། 14

19 རྟེན་གསར་བཞེངས་ཀྱི་དཀར་ཆག་རྒྱབ་ཡིག་གི་སྐོར་དམས་ལ།4

20 མ་གཅིག་གྲུབ་པའི་རྒྱལ་མོ་ལུགས་ཀྱི་ཚེ་མཐའ་ཡས་སྒྲུབ་པ་ལ་བརྟེན་ནས་རང་གཞན་གྱི་ཚེ་སྤེལ་བ་དང༌།དེའི་སླད་དུ་རིལ་སྒྲུབ་ཇི་ལྟར་བྱ་བ་ལ། 10

21 བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས་དངོས་གྲུབ་བདུད་རྩིའི་བུམ་བཟང་ལ། 25

22 གྲུབ་པའི་གནས་ཆེན་ཤམྦྷ་ལའི་རྣམ་བཤད་འཕགས་ཡུལ་གྱི་རྟོགས་བརྗོད་དང་བཅས་པ་ལ། 50

23 ཆོས་སྐྱོང་རྣམས་ཀྱི་སྒྲུབ་སྐོར་བསྐང་བསྐུལ་ལ། 8

100

དཀར་ཆག་ལ། 2

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །པཎ་ཆེན་དཔལ་ལྡན་ཡེ་ཤེས་ནི།གཙང་གི་ས་ཆ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞབས་བཅག་པའི་གནས་ཤངས་བཀྲ་ཤིས་རྩེར་ཡབ་ཚེ་རིང་དཔལ་འབྱོར་དང༌།ཡུམ་མཚོ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་ས་རྟ་1738 ལོར་འཁྲུངས།དགུང་ལོ་གསུམ་པར་སློབ་དཔོན་བསྟེན་ནས་ལྗགས་ཀློག་སློབ་ཚུལ་མཛད།དགུང་ལོ་བཞི་ལ་ཕེབས་སྐབས་བཀྲས་ལྷུན་དགོན་དུ་གསེར་ཁྲིར་མངའ་གསོལ།རྒྱལ་བ་བསྐལ་བཟང་གིས་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་མཚན་གསོལ།དགུང་ལོ་དྲུག་པར་སྔགས་ཆེན་བློ་བཟང་བཟོད་པ་ཡོངས་འཛིན་དུ་བསྐོས་དགུང་ལོ་བདུན་ཐོག་ཡོངས་འཛིན་དེའི་ས་ནས་རབ་བྱུང་གི་སྡོམ་པ་བཞེས།གཞུང་ཆེན་ལ་གསན་བཞེས་མཛད།དགུང་ལོ་བཅུ་གཉིས་ལ་དབུས་སུ་ཕེབས་ནས་གནས་མཇལ་དང༌།གོང་ས་བདུན་པའི་ས་ནས་ལུང་ཁག་གསན།དགུང་ལོ་བཅོ་ལྔར་ཡོངས་འཛིན་བློ་བཟང་བཟོད་པ་སྐུ་གཤེགས་ནས་རྗེ་ཉིད་དབུས་སུ་ཕེབས།དགུང་ལོ་བཅུ་བདུན་ལ་རྣམ་འགྲེལ་གྱི་ཐལ་ཕྲེང་ཐུགས་གཉེར་གནང༌།དགུང་ལོ་ཉི་ཤུ་ལ་ཡོངས་འཛིན་བློ་བཟང་ཆོས་འཕེལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དེའི་ལོར་གོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་གཤེགས།དགུང་ལོ་ཉེར་གཅིག་ལ་གོང་ས་བདུན་པའི་སྐུ་གདུང་རབ་གནས་སུ་དབུས་སུ་ཕེབས་ནས་རྒྱལ་བའི་གསེར་སྡོང་བཀྲ་ཤིས་འོད་འབར་ལ་རབ་གནས་མཛད།དགུང་ལོ་ཉེར་བརྒྱད་ལ་རྒྱལ་བ་འཇམ་དཔལ་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་འབུལ་གནང་མཛད།དགུང་ལོ་ཞེ་གཅིག་ཐོག་མདོ་སྨད་ཁུལ་དུ་ཕེབས་ནས་སྐུ་འབུམ་དང༌།ཧོར་ཁུལ་དགོན་སྡེ་ཁག་ལ་སྐྱེ་བོ་ཁྲི་ཕྲག་དུ་མར་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར།དགུང་ལོ་ཞེ་གཉིས་1779 ལོར་རྒྱ་ནག་ཏུ་ཕེབས་ནས་པེ་ཅིན་དུ་གོང་

མ་ཆན་ལུང་གསེར་ཞལ་མཇལ།གོང་མ་མཆོག་དགུང་ལོ་བདུན་ཅུ་པའི་སྦ་ཡེར་གྱི་མཛད་སྒོར་ཞུགས།དགུང་ལོ་ཞེ་གསུམ་ལྕགས་བྱི་1780 ལོར་པེ་ཅིན་དུ་སྐུ་གཤེགས།གསུང་འབུམ་པོད་བརྒྱད་བཞུགས།

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn    

 

 

 

བརྒྱུད་འགོད།