པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 19:13:51     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 032.JPG

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་གྱི་དཀར་ཆག

པར་བོད།ཤོག་གྲངས།

477 ཀ་

ཆོས་བྱ་བའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྤྱོད་ཚུལ་གསལ་བར་སྟོན་པ་ནོར་བུའི་ཕྲེང་བ་ལ། 225

རྒྱལ་བ་བློ་བཟང་དོན་གྲུབ་ཀྱི་སྐྱེས་རབས་ཕྲེང་བ་ལ། 3

མཁས་གྲུབ་ཆེན་པོ་གསུམ་གྱི་རྟོགས་པ་བརྗོད་པ་ལ། 51

དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ལམ་བརྒྱུད་པའི་རྣམ་ཐར་མདོར་བསྡུས་ལ། 11

འཕགས་པའི་གནས་བརྟན་ཆེན་པོ་རབ་འབྱོར་གྱི་རྟོགས་བརྗོད་ལ། 4

རིགས་ལྡན་གྲགས་པའི་རྟོགས་བརྗོད་ལ། 4

སློབ་དཔོན་ཨ་བྷ་ཡྰཀ་རའི་རྟོགས་བརྗོད་ལ། 5

ས་སྐྱ་པན་ཊི་ཏའི་རྟོགས་བརྗོད་ལ། 7

གཡུང་སྟོན་རི་ཁྲོད་པའི་རྟོགས་བརྗོད་ལ། 6

10 བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་རྗེའི་རྟོགས་བརྗོད་ལ། 18

11 སྐྱེ་དགུའི་བདག་མོའི་རྟོགས་བརྗོད་ལ། 6

12 མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་རྟོགས་བརྗོད་ལ། 7

13ས་གསུམ་མའི་ཊིཀ་ཚིག་དོན་གསལ་བ་ལ། 15

14 གྲུབ་པའི་དབང་ཕྱུག་མིད་ལ་ལ་བརྟེན་པའི་རྣལ་འབྱོར་དང༌།མགུར་འགའ་ཞིག་ལ། 18

15 རྗེ་བཙུན་བླ་མའི་རྣལ་འབྱོར་ནང་གི་ཁོང་སྐྲན་འདོན་པའི་སྒྱུག་སྨན་ལ། 6

16 བླ་མ་མཆོད་པའི་ཆོ་ག་ཐུན་དྲུག་གི་རྣལ་འབྱོར།བླ་མའི་རྣལ་འབྱོར་བསྡུས་པ་རིམ་པ་བཞི།བདེ་བ་ཅན་དུ་བགྲོད་པའི་རྣལ་འབྱོར།བཅོམ་ལྡན་འདས་འོད་དཔག་མེད་ལ་བརྟེན་པའི་འཕོ་བ་བསྡུས་པ།སློབ་དཔོན་པདྨ་འབྱུང་གནས་ལ་བརྟེན་པའི་བླ་མའི་རྣལ་འབྱོར།ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་འཕོ་བ་བསྡུས་པ།རྗེ་བཙུན་བླ་མའི་སྒྲུབ་ཐབས་ཚིགས་བཅད་མ་བཅས་ལ།26

17 རྒྱལ་སྲས་ཤེས་རབ་འཕེལ་གྱི་གསོལ་འདེབས་དང༌།དགེ་སློང་མཁར་སྐྱ་པའི་བཀའ་ལན་ལ། 2

18 པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསུང་ཉེ་བར་མཁོ་བ་འགའ་ཞིག་ལ། 58

དཀར་ཆག་ལ། 2

478 ཁ་

1རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་རིན་ཆེན་དབང་གི་རྒྱལ་པོའི་ཕྲེང་བ་ལ། 65

མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔའི་རྣམ་བཤད་ཟུང་འཇུག་ནོར་བུའི་བང་མཛོད་ལ། 82

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ལ།

དཔལ་གསང་བ་འདུས་པའི་གདམས་ངག་རིམ་ལྔ་གསལ་སྒྲོན་གྱི་གནད་ཀུན་བསྡུས་པ་ཟབ་དོན་གསལ་བའི་ཉི་མ་ལ།

དཔལ་གསང་བ་འདུས་པའི་བླ་མའི་རྣལ་འབྱོར་དང་མངོན་རྟོགས་མདོར་བསྡུས་ལ། 19

བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལྷུ་ཨི་པའི་ལུགས་ཀྱི་བསྐྱེད་རིམ་ལ། 41

ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ། 5

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་དངོས་གྲུབ་སྙེ་མ་ལ།29

གསུང་ཐོར་བུ་རྗེ་བཙུན་འཇམ་དཔལ་དབྱངས་དང༌།རྗེ་ཙོང་ཁ་པ།རྩ་བའི་བླ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་དམ་གསུམ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་དང༌།དཔལ་གདན་བཞིའི་སྒྲུབ་ཐབས།ཤམ་བྷ་ལའི་རྒྱལ་པོར་ཕུལ་བའི་ཞུ་ཡིག བཀྲ་ཤིས་ལྷུན་པོའི་ཕྱི་ནང་གི་རྟེན་གྱི་ནང་བཞུགས་སྟོན་པའི་འཕེལ་གདུང་དང༌།ཚེམས་དུམ་བུ།བུ་སྟོན་ཐམས་ཅད་མཁྱེན་པའི་གདུང་ཐལ།བལ་བཟས་དྲངས་པའི་རྗེ་བཙུན་སྒྲོལ་མའི་སྐུ་རང་བྱོན་སོགས་རྒྱ་བོད་མཁས་གྲུབ་དུ་མའི་གདུང་རུས།འཕེལ་གདུང༌།ཆོས་བྱད།ན་བཟའ་སོགས་བྱིན་ཅན་བཅས་ལ། 12

10 ཤྰཀྱའི་དགེ་སློང་བློ་བཟང་ཆོས་རྒྱན་གྱིས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་ཚུལ་རིམ་པ་གསལ་བྱེད་ནོར་བུའི་མེ་ལོང་ལ། 35

11 དྲུག་ཅུ་པའི་རྩ་ཚིག་ཞྭ་ལུ་བ་ཆེན་པོས་མཛད་པ་ལ། 3

དཀར་ཆག་ལ། 2

479 ག་

1རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཉིད་སྣང་བར་བྱེད་པ་ཡིད་བཞིན་ནོར་བུ་ལ། 184

དཔལ་དུས་ཀྱི་འཁོར་ལོའི་སྨོན་ལམ་ཤིས་བརྗོད་ལ། 3

དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ། 15

དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་མདོར་བསྡུས་འཇམ་དཔལ་དགོངས་རྒྱན་ལ། 14

རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དཀྱིལ་ཆོག་བདུད་དཔུང་འཇོམས་པ་ལ། 4

དཔའ་བོ་གཅིག་པ་རོ་ལངས་བརྒྱད་བསྐོར་ཞེ་དགུ་མ་གསུམ་གྱི་སྒྲུབ་ཐབས་ལ། 12

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོག་དང་བུམ་བསྐྱེད་ཀྱི་ཟུར་འདེབས་ལ། 19

འཇིགས་བྱེད་ཀྱི་དབང་དྲག་གི་སྦྱིན་སྲེག་བྱ་ཚུལ་ལག་ལེན་དུ་དྲིལ་བ་རྣམ་བཤད་དངོས་གྲུབ་རྒྱ་མཚོ་ལ། 7

ཡི་དམ་གྱི་ཚོགས་འཁོར་དང་སྦྱིན་སྲེག་བྱ་ཚུལ་སོགས་ལ། 10

10 ཚེ་ཆོག་འཆི་མེད་འདོད་འཇོ་དབང་རྒྱལ་ལ། 26

11 ཚེ་དབང་བསྐུར་ཚུལ་འཆི་མེད་ཚེའི་རིག་འཛིན་དངོས་སྟེར་གདམས་པ་ལ། 10

12 བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་རྒྱུད་དོན་གསལ་བའི་སྙིང་པོ་བསྡུས་པ་ཡིད་ནོར་ལ། 37

13 ཀུན་རིག་བུམ་བསྐྱེད་བསྡུས་པ་ལ། 3

14 ཀུན་རིག་གི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་ཚུལ་ལ། 10

15 དམ་སྣང་མངོན་བྱང་གི་དཀྱིལ་ཆོག་ངག་འདོན་དུ་བསྒྲིགས་པ་ལ། 21

16 བཅོམ་ལྡན་འདས་རྣམ་པར་རྒྱལ་མའི་སྒྲུབ་དཀྱིལ་འཆི་མེད་དཔལ་སྤྱིན་ལ། 19

17 བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒྲུབ་དཀྱིལ་ཡོངས་སུ་རྫོགས་པའི་ཆོ་ག་མངོན་པར་དགའ་བའི་སྒོ་འབྱེད་ལ། 20

18 བཅོམ་ལྡན་འདས་སྨན་བླའི་མདོ་ཆོག་གི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་ལ། 6

19 འཇམ་དཀར་གྱི་སྒྲུབ་ཐབས་ཤེས་རབ་མཆོག་སྤྱིན་སོགས་འཇམ་དབྱངས་སྒྲུབ་ཐབས་འགའ་ལ། 11

20 འཕགས་པ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་མྱུང་གནས་ཆོ་ག་ནོར་བུའི་ཕྲེང་བ་ལ། 12

21 སྨྱུང་གནས་ཀྱི་ཆོ་ག་དང་འབྲེལ་བ་འཕགས་པ་ཞལ་བཅུ་གཅིག་པའི་དབང་ཆོག་ལ། 6

22 ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་སྟེང་འོག་གི་ནད་ཀྱི་གདུང་སེལ་ཟླ་ཤེལ་ལ། 3

23 རྗེ་བཙུན་སེང་གེ་སྒྲ་དང༌།ཕྱག་རྡོར་ལ་བརྟེན་པའི་གདོན་འགྲོལ་བྱེད་ཚུལ་གདུང་སེལ་ནོར་བུ་ལ། 12

24 ཇོ་བོ་རྗེའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ལས་ཚོགས་དངོས་གྲུབ་རྣམ་གཉིས་ཀྱི་བང་མཛོད་ལ། 10

25 སྒྲོལ་མ་གཡུལ་བཟློག་ཇི་ལྟར་བྱ་བའི་ཆོ་ག་དགྲ་ལས་རྣམ་རྒྱལ་ལ། 7

26 དཔལ་རྡོ་རྗེ་རྣམ་འཇོམས་པའི་ཆོ་ག་ཕན་བདེའི་འབྱུང་གནས་ལ། 9

27 ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་བདུད་རྩིའི་ཆུ་རྒྱུན་ལ། 7

28 ཆོས་རྒྱལ་གྱི་བཤགས་པ་བསྐང་བཟློག་མངའ་གསོལ་ཚེས་གཅིག་གཏོར་མ་བརྟེན་འཛུགས་སོགས་ལ། 8

དཀར་ཆག་ལ། 2

480 ང་

1བསྟན་པ་སྤྱི་དང་རྒྱུད་སྡེ་བཞིའི་རྣམ་གཞག་ཟིན་བྲིས་སུ་བྱས་པ་ལ། 37

དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་ལ། 6

དགེ་ལྡན་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་ལ། 31

བྱང་ཆུབ་ལམ་གྱི་སྒྲོན་མེའི་རྣམ་བཤད་ཕུལ་བྱུང་ལ། 54

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྙིང་པོའི་སྙིང་པོ་གསལ་བཤད་རྒྱ་མཚོ་ལས་སྐབས་དང་པོའི་རྣམ་བཤད་ལ། 41

བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཚིགས་སུ་བཅད་པ་ཁྱེར་བདེ་ལ། 10

བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ལ། 33

དགེ་སློང་གི་བསླབ་བྱ་སོགས་ཉེ་བར་མཁོ་བ་འགའ་ཞིག་ལ། 13

ཚུལ་ཁྲིམས་ཡང་དག་པར་བསྲུང་བའི་མན་ངག་ལ། 21

10 ཐར་པ་དོན་དུ་གཉེར་བའི་རི་ཁྲོད་པ་དམས་ལ་ཁྲིམས་སུ་བཅའ་བ་སྐུ་གསུམ་གཞལ་མེད་ཁང་ལ། 8

11 བློ་སྦྱོང་དམར་ཁྲིད་ཤར་རྩེ་ཆོས་རྗེ་ལ་གནང་བ་ལ། 5

12 སྟོབས་བཞིའི་བཤགས་བསྡམས་བྱ་ཚུལ་ལ། 3

13 སྡིག་མུན་སེལ་བྱེད་ཟླ་བའི་འོད་ཟེར་ལ། 3

14 དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་སྒྲ་ལ། 11

15 སྒྲ་པ་ཤེས་རབ་རིན་ཆེན་པའི་རྩོད་ལན་ལུང་རིགས་སེང་གེའི་ང་རོ་ལ། 45

16 ན་རོ་ཆོས་དྲུག་གི་ཟབ་ཁྲིད་གསེར་གྱི་ལྡེ་མིག་ལ། 8

17 སྙིང་པོ་དོན་གསུམ་གྱི་ཁྲིད་འཕགས་པ་སྤྱན་རས་གཟིགས་ལ་བརྟེན་པ་ཤིན་ཏུ་ལེགས་པ་ལ། 5

18 ནམ་མཁའ་སྒོ་འབྱེད་ཀྱི་དབང་བྱེད་ཚུལ་ལ། 4

19 གཅོད་ཀྱི་གདམས་པ་ཐར་འདོད་ཀྱི་དེད་དཔོན་ལ། 14

20 ཞལ་གཟིགས་དང་རྡོ་རྗེ་གདན་གྱི་རི་ཁྲོད་ཡོལ་དཀར་རྣམས་ཀྱི་གནས་བསྟོད་ལ། 9

21 བདེ་བ་ཅན་གྱི་ཞིང་དུ་ཐོགས་པ་མེད་པར་བགྲོད་པའི་མྱུར་ལམ་ལ། 7

22 བཀྲ་ཤིས་ལྷུན་པོའི་རིན་པོ་ཆེའི་མཆོད་རྟེན་མཐོང་བ་དོན་ལྡན་གྱི་དཀར་ཆག་ལ། 6

23 བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་དང་རྭ་སྒྲེང་དུ་མཆོད་རྟེན་བཞེངས་པའི་དཀར་ཆག་ལ། 5

24 རྒྱལ་བ་བྱམས་པ་ལ་བརྟེན་པའི་འཕོ་བ་ལ། 4

25 ཁྲོ་མོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་བཀྲུ་བྱ་བ་བསྲུང་གསུམ་བྱ་ཚུལ་བཅས་ལ། 5

26 དཔལ་མགོན་ཏྲཀྴད་ལ་མཆོད་གཏོར་མདོར་བསྡུས་འབུལ་ཚུལ་ལ། 5

27 ཇོ་བོ་ཕྱིང་དཀར་བའི་བསངས་མཆོད་ལ། 3

28 གཟུངས་གཞུག་གནོད་སྤྱིན་འཁོར་ལོ་ཇི་ལྟར་བྱ་བའི་ཚུལ་གསལ་བྱེད་ནོར་བུའི་མེ་ལོང་ལ། 7

29 རབ་གནས་ཆོ་ག་ལག་ལེན་དུ་དྲིལ་བ་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ལ། 31

30 གཙུག་ཏོར་བཟློག་ཆེན་གྱི་ལག་ལེན་སྙིང་པོར་དྲིལ་བའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་པར་ཆད་ཀུན་སེལ་ལ།10

31 ཁ་འབར་གཏོར་ཆེན་གྱི་ཆོ་ག་ངག་འདོན་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། 7

32 བརྒྱ་བཞིའི་ཆོ་ག་བྱ་ཚུལ་ཕན་བདེའི་འབྱུང་གནས་ལ། 4

33 གཏོར་མ་བརྒྱ་རྩ་ཆ་ལག་ཚང་བ་ཐམས་ཅད་མཁྱེན་པ་དབེན་ས་པས་མཛད་པ་ལ། 6

34 གཏོར་མ་བརྒྱ་རྩ་ཤིན་ཏུ་བསྡུས་པ་ལ། 3

35 བྲུལ་གཏོར་དཀོར་སྒྲིབ་དག་བྱེད་ཟླ་ཤེལ་ཆུ་རྒྱུན་ལ། 4

36 གཏོར་མ་ཆ་བཞི་དང་ཚ་བསུར་བསྡུས་པ་བཅས་ལ། 3

37 ངག་ཐོར་བུ་བ་ལས་ཀླུ་གཏོར་གྱི་རིམ་པ་ལ། 4

38 གསུང་ཐོར་བུ་བ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་ཚ་བསུར་ཡིད་ལ་འདོད་འཇོ་ལ། 3

39 འབྱུང་བཞི་གཏོར་མ་དང་ཆབ་གཏོར་ཤྰཀ་ཐུབ་མ་སུ་ཏྰུ་པ་བཅས་ལ། 6

དཀར་ཆག་ལ། 3

481 ཅ་

1རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས་པ་དད་པའི་ལྗོན་ཤིང་རྒྱས་པའི་མེ་ཏོག་ལ། 2

རྗེ་བླ་མ་སངས་རྒྱས་ཡེ་ཤེས་ལ་བསྟོད་པ་དངོས་གྲུབ་ཀྱི་འབྱུང་གནས་ལ། 1

རྒྱལ་བ་ཡོན་ཏན་རྒྱ་མཚོ་ལ་བསྟོད་པ་བྱིན་རླབས་ཀྱི་འདོད་འཇོ་ལ། 2

མཁས་གྲུབ་དམ་པ་བཀྲ་ཤིས་རིན་ཆེན་ལ་བསྟོད་པ་དང་གསོལ་འདེབས་བརྟན་བཞུགས་སངས་རྒྱས་བསྟན་དཔལ་མ་ལ། 1

སེམས་པ་ཆེན་པོ་ལ་བསྟོད་པ་བརྟན་བཞུགས་དང་བདེ་མཆོག་ལྰུ་ཨི་པའི་ལུགས་ཀྱི་བརྒྱུད་རིམ་གསོལ་འདེབས་ལ།1

དྲིལ་བུ་དམར་ཁྲིད་ཀྱི་བརྒྱུད་པའི་གསོལ་འདེབས་ལ། 2

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བརྒྱུད་རིམ་གསོལ་འདེབས་ལ། 2

8དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་ཉེ་བརྒྱུད་གསོལ་འདེབས་དང་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་སམ་བཞི་བཅུའི་བརྒྱུད་རིམ་གསོལ་འདེབས་ལ། 1

སྡོམ་གསུམ་ཕར་ཕྱིན་བརྒྱུད་པ་རྣམས་ཀྱི་གསོལ་འདེབས་ལ། 1

10 བླ་མ་རྣམས་ཀྱི་བསྟོད་པ་གུར་གུམ་མདངས་མཛེས་མ་ལ། 1

11 ཚེ་དབང་བརྒྱུད་པའི་གསོལ་འདེབས་ལ། 1

12 ཚེམ་བུ་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་བརྒྱུད་པའི་གསོལ་འདེབས་ལ། 1

13 གསོལ་འདེབས་རྡོ་རྗེ་ཅན་ཞབས་མ་དང་བླ་མའི་བཀའ་དྲིན་དྲན་ནས་གསོལ་བ་འདེབས་ཤིང་ཐུགས་རྗེ་བསྐུལ་བ་གྲུབ་པའི་སྤྲིན་སྒྲ་ལ། 4

14 རང་གི་རྩ་བའི་བླ་མའི་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ལ། 1

15 ཕ་བླ་མ་དྲན་དུ་གླུ་ལེན་མ་ལ། 1

16 སྨོན་ཚིག་བློ་གྲོས་པདྨོ་མ་དང་བློ་སྦྱོང་གི་བླ་བརྒྱུད་གསོལ་འདེབས་ལ། 1

17བསྟན་པའི་གཏད་རབས་བདུན་གྱི་བསྟོད་པ་དང་དབུ་མ་རྩ་བ།བཞི་བརྒྱ་པ་དབུ་མ་འཇུག་པ་སྤྱོད་འཇུག་བཅས་ཁ་ཏོན་ཏུ་བྱེད་པའི་སྔོན་དུ་གདོན་ཕྱིར་གསོལ་འདེབས་ཤོ་ལོ་ཀ་རེ་ལ། 1

18 བླ་མ་འཁོར་ལོ་སྡོམ་པ་དབྱེར་མེད་དུ་གསོལ་བ་འདེབས་ཚུལ་དང་འདོད་གསོལ་ཐུགས་རྗེ་ཉིན་བྱེད་ལ། 1

19 གསོལ་འདེབས་ཤོ་ལོ་ཀ་གཅིག་དང༌།བླ་མ་རྒྱང་འབོད་བླ་མའི་ཐུགས་རྗེ་བསྐུལ་ཞིང་བྱིན་རླབས་འགུགས་པའི་ལྕགས་ཀྱུ་ལ། 2

20 བླ་མའི་ཐུགས་རྗེ་བསྐུལ་ཞིང་གསོལ་བ་འདེབས་པ་སྡུག་བསྔལ་དང་ལེན་ལ། 2

21 བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ལ། 1

22 རྒྱལ་བ་ཐམས་ཅད་མཁྱེན་པའི་སྐྱེས་རབས་གསོལ་འདེབས་ལ། 1

23 ཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་ལ། 1

24 བརྟན་བཞུགས་ཤོ་ལོ་ཀ་གཅིག་དང་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐྱེས་རབས་གསོལ་འདེབས་ལ། 1

25 སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐྱེས་རབས་གསོལ་འདེབས་ལ། 1

26 འདོད་གསོལ་རབ་འབྱམས་རྒྱལ་ཀུན་མ་དང་སྟོན་པའི་མཛད་པ་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལ། 2

27 སྟོན་པའི་ཆོ་འཕྲུལ་གྱི་མཛད་པ་ལ་བསྟོད་པ་ལ། 1

28 རྗེ་རྫས་ངོས་ལ་སྟོན་པའི་བྲིས་སྐུའི་འདོད་གསོལ་ལ། 3

29 སྐྱེས་རབས་སོ་བཞི་པའི་ཡང་སྙིང་མཁས་མཆོག་དཔའ་བོའི་མགུལ་རྒྱན་ལ། 3

30 རྒྱལ་བ་བྱམས་པའི་གསོལ་འདེབས་སྨོན་ཚིག་ལ། 2

31 བྱམས་པ་མགོན་པོ་ལ་བསྟོད་པ་ལ། 1

32 རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ་ཤེས་རབ་གསལ་བྱེད་དང་རྗེ་བཙུན་འཇམ་དབྱངས་དཀར་པོ་ལ་བསྟོད་པ་བློ་གྲོས་མིག་འབྱེད་ཀྱི་ཐུར་མ་ལ། 3

33 འདོད་གསོལ་སྨོན་ཚིག་བློ་རྒྱལ་མ་དང༌།ཡབ་སྲས་གཉིས་ཀྱི་གསོལ་འདེབས་བློ་བཟང་མ།འདོད་གསོལ་སྨོན་ཚིག་ཕུན་ཚོགས་ཡོན་ཏན་མ་ལ། 1

34 སྨོན་ཚིག་འདིས་མཚོན་མ་དང་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 1

35 འཁོར་ལོ་སྡོམ་པ་ལ་བརྟེན་པའི་རྣལ་འབྱོར་ལ། 6

36 བདེ་མཆོག་རྗེ་ལྔའི་སྒྲུབ་ཐབས་སྙིང་པོ་བསྡུས་པ་བདེ་ཆེན་འབྱུང་གནས་ལ། 4

37 བདེ་མཆོག་དཀར་པོའི་སྒོ་ནས་ཚེ་སྒྲུབ་ལ། 1

38 རྗེ་བཙུན་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་སྙིང་པོ་སྒོམ་ཚུལ་ལ། 2

39 ཕག་དཀར་ཤེས་རབ་གསལ་བྱེད་སྒྲུབ་ཐབས་ལ། 1

40 གསང་བདག་འཁོར་ཆེན་སྒྲུབ་ཐབས་ལ། 2

41 སློབ་དཔོན་པདྨ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 1

42 རྟ་མགྲིན་ཤྭ་ན་བཞིས་སྐོར་སྒྲུབ་ཐབས་ལ། 2

43 རྟ་མགྲིན་ཡང་གསང་སྒྲུབ་ཐབས་ལ། 3

44 རྟ་མགྲིན་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ལ། 1

45 བླ་མ་རྗེ་རྟ་མགྲིན་གྱི་རྣལ་འབྱོར་གྱི་སྒོ་ནས་རྣལ་འབྱོར་ལ་སྙིང་པོ་ལེན་ཚུལ་ལ། 3

46 བསྔོ་བའི་ཚིགས་བཅད་དང་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་ལ། 3

47 འབྲུམ་ནད་བསྲུང་བའི་མཆོག་ཏུ་གྱུར་པ་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་ལ། 1

48 བླ་མ་དང་འཁོར་ལོ་སྡོམ་པ་དབྱེར་མེད་ཀྱི་རྣལ་འབྱོར་ལ། 1

49 འཇིགས་བྱེད་ལ་བརྟེན་པའི་འཕོ་བའི་རྣལ་འབྱོར་ལ། 1

50 བྱམས་པ་ལ་བརྟེན་པའི་འཕོ་བ་ལ། 1

51 འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ལ། 5

52 འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་འཕྲིན་བཅོལ་ལ། 3

53 རྒྱུན་དུ་ཡི་དམ།མགོན་པོ་བར་ཆད་ཀུན་སེལ།ཆོས་རྒྱལ།རྗེ་མོ་དམས་ལ་མཆོད་གཏོར་འབུལ་ཚུལ་ལ། 2

54 དེའི་གཏོར་འབུལ་ཁྱེར་བདེ་སོགས་ལ། 1

55 མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལ། 3

56 ཐུབ་པའི་བསྟན་སྲུང་གཙོ་བོ་དམས་བརྟེན་ཅིང་མཆོད་གཏོར་འབུལ་ཚུལ་སྒྲུབ་ཐབས་སྙིང་པོར་དྲིལ་བ་གསེར་གྱི་ཡང་ཞུན་ལ། 3

57 མགོན་པོ་བྱ་རོག་མཚན་ཅན་ལ་བསྟོད་པ་ལ། 1

58 མགོན་པོ་གུར་ལ་མཆོད་གཏོར་འབུལ་ཚུལ་ལ། 1

59 མགོན་པོ་བེང་སྒྲུབ་ཐབས་ལ། 3

60 བེང་ལྕམ་དྲལ་འཁོར་བཅས་ལ་མཆོད་བསྟོད་དང་བསྟན་སྐྱོང་སྒྲོལ་མ་བཅུ་གཉིས་ལ་མཆོད་གཏོར་འབུལ་ཚུལ་ལ།3

61 རྡོ་རྗེ་རབ་བརྟན་མའི་བསྐང་གསོ་མདོར་བསྡུས་ལ། 2

62 རྗེ་མོའི་གཏོར་འབུལ་རབ་འབྱམས་རྒྱལ་བ་མ་ལས་ཅུང་ཟད་རྒྱས་ཙམ་བྱ་ཚུལ་ལ། 2

63 མགོན་པོ་ཞལ་བཞི་པར་གཏོར་འབུལ་མདོར་བསྡུས་ལ། 1

64 དཔལ་མགོན་སྟག་ཞོན་ལ་མཆོད་གཏོར་འབུལ་ཚུལ་དང་རལ་གཅིག་རྗེ་མོར་མཆོད་གཏོར་འབུལ་ཚུལ་ལ། 1

65 ཆོས་སྐྱོང་ལྕམ་སྲིང་ལ་མཆོད་གཏོར་མདོར་བསྡུས་འབུལ་ཚུལ་ལ། 1

66 དཔལ་གྱི་རྗེ་མོ་ལ་མཆོད་འཕྲིན་ཚིག་བྱུང་དོན་རྒྱས་ལ། 1

67 ལྕམ་སྲིང་ལ་མཆོད་འཕྲིན་གཉེར་གཏད་དང་གནོད་སྤྱིན་རྡོ་རྗེ་བདུད་འདུལ་གྱི་བསྐང་གསོ་ལ། 4

68 ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་དང་བཅས་པ་ལ་མཆོད་གཏོར་འབུལ་ཚུལ་ལ། 3

69 དྲང་སྲོང་ཆེན་པོ་སྡེ་བརྒྱད་ལ་མཆོད་འཕྲིན་དང༌།ཐུབ་པ་དམ་ཚིག་གསུམ་བཀོད་རྒྱལ་བོའི་སྒྲུབ་ཐབས་ལ། 4

70 སྨན་པའི་རྒྱལ་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་དེའི་གཟུངས་ཀྱི་དབྱེ་བ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཇ་མཆོད།སྨན་ཟ་བའི་ཚེ་གཟུངས་བཟླ་ས་ནས་སྨོན་ཚིག་བྱ་ཚུལ་བཅས་ལ། 2

71 སྟོབས་བཞི་ཚང་བ་སངས་རྒྱས་སོ་ལྔའི་ཆོ་ག་བྱ་ཚུལ་ལ། 2

72 བློ་སྦྱོང་ཡང་སྙིང་བརྒྱ་བྱིན་སྤྱི་ནོར་ལ། 1

73 འཁྱེར་སོ་གསུམ་གྱི་གདམས་ངག་གི་སྙིང་པོ་ལ། 1

74 སྟོབས་བཞིའི་བཤགས་བསྡམས་བྱེད་ཚུལ་མདོར་བསྡུས་ལ། 1

75 ཐིག་ལེ་བཅུ་དྲུག་གི་ཟབ་ཁྲིད་ལ། 4

76 ཚེ་ཡི་སྒྲུབ་ཐབས་ལ། 2

77 ཡང་ཚེ་ཡི་རིག་འཛིན་སྒྲུབ་ཐབས་དང་བླ་མའི་རྣལ་འབྱོར་ལ། 1

78 བཅོམ་ལྡན་འདས་མི་གཡོ་མགོན་པོའི་སྒྲུབ་ཐབས་ནོར་བུའི་འཕྲེང་མཛེས་ལ། 2

79 སྨྱུང་གནས་ཀྱི་ཆོ་ག་མདོར་བསྡུས་བྱ་ཚུལ་ལ། 2

80 རྗེ་བཙུན་བྱམས་པའི་སྒྲུབ་ཐབས་ལ། 1

81 ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས་དང་ཕྱག་རྡོར་ཨུ་ཙྰ་རྱའི་སྒྲུབ་ཐབས་བཅས་ལ། 1

82 ཕྱག་རྡོར་གཏུམ་པོའི་སྒྲུབ་ཐབས་ལ། 1

83 ཕྱག་རྡོར་གཏུམ་ཆེན་སྒྲུབ་ཐབས་ལ། 4

84 གསང་བདག་ཕྱག་རྡོར་ལ་བརྟེན་ནས་རང་གཞན་གྱི་བར་ཆད་སེལ་ཞིང་མཆོག་མཐུན་དངོས་གྲུབ་བསྒྲུབ་ཚུལ།ཕྱག་རྡོར་གྱི་མངོན་རྟོགས་སྤྱན་འདྲེན་བཤགས་པ་བསྐང་བསྐུལ་བཟློག་པ་བཟླ་ས་གཏོར་བསྟོད་པ་དང་བཅས་ལ། 8

85 རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་འཁྱེར་བདེ་ལ། 3

86 གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་རྒྱས་པ་ལ། 10

87 རྣམ་རྒྱལ་མའི་སྒྲུབ་ཐབས་འབྲིང་པོ་ལ། 2

88 རྣམ་རྒྱལ་མའི་སྒྲུབ་ཐབས་མདོར་བསྡུས་དང་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བཅས་ལ། 2

89 རྗེ་བཙུན་མ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ལ། 2

90 རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་འདོད་དགུའི་མཆོག་སྤྱིན་དབང་གི་རྒྱལ་པོ་ལ། 3

91 ཡང་སྒྲོལ་མའི་སྒྲུབ་ཐབས་ལ། 2

92 ངག་དབང་ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ལ། 4

93 སོ་སོར་འཔྲང་མའི་སྒྲུབ་ཐབས་མན་ཊར་ཡི་ཕྲེང་མཛེས། 1

94 བླ་མ་དང་སྨན་གྱི་བླ་དབྱེར་མེད་གཡུ་ཐོག་སྙིང་ཐིག་རིགས་བསྡུས་ཀྱི་སྒྲུབ་ཐབས་བདུད་རྩིའི་སྙིང་པོ་ལ། 1

95 རྡོ་རྗེ་མཁའ་ལྡིང་ནག་པོའི་སྒྲུབ་ཐབས་ལ། 2

96 ཚོགས་བདག་དམར་པོ་ལ་གཏོར་མ་འབུལ་ཚུལ་དང༌།ཡི་དམ་སངས་རྒྱས་བྱང་སེམས་མང་པོ་ལ་སྦྱར་ཆོག་པའི་རྗེས་གནས་ཇི་ལྟར་བྱ་བའི་ཚུལ་ལ། 4

97 དུས་མཚན་འོད་ཆེན་འབར་མའི་རྗེས་གནང་བྱ་ཚུལ་ལ། 3

98 ཚེ་དབང་མདོར་བསྡུས་བྱ་ཚུལ་ལ། 3

99 ཡང་ཚེ་དབང་བསྐུར་ཚུལ་མདོར་བསྡུས་ལ། 2

100 ལོ་མ་གྱོན་མའི་རྗེས་གནང་བྱ་ཚུལ་ལ། 1

101 སྨན་བླ་བྲིས་བསྒྲུབ་རིགས་བསྡུས་དབང་ཀུན་འདུས་པའི་སྒྲོན་མེ་ལ། 2

102 ཞི་གནས་བསྒོམ་ཚུལ་ལ། 2

103 ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་ལ། 5

104 ཟབ་ལམ་དབུ་མའི་ལྟ་བ་བསྒོམ་ཚུལ་ལྟ་ཁྲིད་སྙིང་པོར་དྲིལ་བ་ལ། 1

105 དྲན་པ་བཞི་ལྡན་གྱི་སྙིང་པོ་ཉམས་སུ་ལེན་ཚུལ་ལ། 5

106 ཟབ་མོའི་ལྟ་ཁྲིད་མདོར་བསྡུས་ལ། 6

107 བྱང་ཆུབ་ལམ་རིམ་གྱི་སྙིང་པོའི་ཡང་སྙིང་ལ། 2

108 གཞི་ལམ་འབྲས་གསུམ་གྱི་ཕྱག་རྒྱ་ཆེན་པོའི་ངོ་བོ་ངོས་འཛིན་ལས་བརྩམས་པའི་ཤེས་རབ་བདག་འཛིན་གཉིས་ཀྱི་གཤགས་འདེབས་ལ། 35

109 སྔོན་ཆད་ཀྱི་སྐྱོན་མཚང་འབྱིན་པར་བྱེད་ཅིང་ཕྱིན་ཆད་གཉེན་པོའི་ལུས་ཟུངས་བསྐྱེད་པའི་བདུད་རྩི་ཞེས་བྱ་བ་ལ།4

110 རང་གཞན་གྱི་སྤྱོད་པ་ངན་པའི་གཟུགས་ཆོས་ཀྱི་མེ་ལོང་ནང་དུ་ཤར་བ་ཡིད་ལ་གདུང་བའི་ཚིགས་བཅད་རང་བཞིན་སྣང་ཚུལ་སྟོན་པའི་གླུ་ཆུང་ལ། 1

111 ཀ་ལྰི་སུམ་ཅུ་ལས་བརྩམས་པའི་དབེན་པར་དགའ་བའི་གཏམ་ལ།1

112 བསླབ་བྱ་ནོར་བུའི་མགུལ་རྒྱན་ལ། 2

113 ཅོ་ནེ་ཆོས་རྗེ་རྒྱང་རིང་འབྱོན་ཁར་གནང་བའི་ཞལ་གདམས་དང་ཆ་པ་འོད་ཟེར་སྤྲུལ་སྐུར་གནང་བའི་ཞལ་གདམས་བཅས་ལ། 1

114 མདོ་སྔགས་ལམ་རིམ་ལས་བརྩམས་ཏེ་བློ་གྲོས་རིན་ཆེན་ལ་གནང་བའི་ཞལ་གདམས་ལ། 2

115 རི་ཁྲོད་འཛིན་པའི་དཀའ་བཅུ་རབ་འབྱམས་གཉིས་ལ་གདམས་པ་ལ། 1

116 རི་ཁྲོད་འཛིན་པའི་སྟོན་སྒོམ་ལ་གདམས་པ་གང་བརྟེན་བསླུ་མེད་མ་ལ། 1

117 རི་ཁྲོད་པ་འགའ་ལ་ཞལ་གདམས་སུ་གནང་བ་དང་མངོན་མཐོ་ངེས་ལེགས་ཕུན་ཚོགས་སྒྲུབ་ཐབས་མདོ་རྒྱུད་མན་ངག་སྙིང་དྲིལ་ལ། 1

118 གྲུབ་ཆེན་དཔལ་འབྱོར་ཉི་མར་གདམས་པ་དང་ཞལ་གདམས་དལ་རྟེན་ཡིད་བཞིན་མ་དང་འདི་ཕྱིའི་འགལ་རྐྱེན་མ་གཉིས་ལ། 1

119 ཀླུ་ཡི་རྒྱལ་མཚན་ལ་གནང་བའི་ཞལ་གདམས་དང་སློབ་མ་འགའ་ལ་གདམས་པ་རྗེའི་རྔ་བོ་ཆེའི་སྒྲ་དབྱངས་ལ། 2

120 དོན་གཉེར་ཅན་འགའ་ཞིག་ལ་དགེ་བསྐུལ་དུ་གནང་བ་ལ། 1

121 ཐུབ་པའི་གསུང་རབ་ལས་བྱུང་བ་ལེགས་བཤད་རིན་ཆེན་ཕྲེང་བ་ལ། 2

122 ཞལ་གདམས་ཉེས་ཚོགས་ཀུན་སྤངས་མ་དང་བླང་དོར་གསལ་བྱེད་གསེར་གྱི་སྒྲོན་མེ་ལ། 2

123 དཔོན་ས་བསམ་གྲུབ་བུ་ཁྲིད་ལ་གདམས་པ་སྐྱོན་བྲལ་ཡོན་ཏན་མ་ལ། 1

123 དཔོན་ས་བསམ་གྲུབ་བུ་ཁྲིད་ལ་གདམས་པ་སྐྱོན་བྲལ་ཡོན་ཏན་མ་ལ། 1

124 རྒྱལ་བའི་བཀའ་འགྱུར་མཐིང་ཤོག་ངོས་ལ་གསེར་སྤྱངས་ཀྱིས་བསྐྲུན་པའི་དགེ་བསྔོའི་སྨོན་ཚིག་པོད་སོ་སོར་ཤོ་ལོ་ཀ་རེ་ལ། 8

125 ཡིད་ལ་སྨོན་པའི་དོན་ཚིགས་སུ་བཅད་པ་ལྷག་བསམ་རྣམ་པར་དཀར་པའི་སྤྲིན་གྱི་སྒྲ་དབྱངས་ལ། 2

126 རང་གི་ཡིད་ལ་རེ་བའི་དོན་སུག་བྲིས་སུ་མཛད་པ་མཁྱེན་བརྩེ་འཕྲིན་ལས་མ་ལ། 3

127 འདོད་དོན་སྨོན་ལམ་དུ་བྱ་བ་བསླུ་མེད་བླ་མ་ལ། 1

128 གསང་འདུས་ཡེ་ཤེས་ཞབས་ལུགས་ལས་བརྩམས་པའི་སྨོན་ལམ་ལ།1

129 བདེ་མཆོག་དཀར་པོའི་སྨོན་ལམ་ཤིས་བརྗོད་མདོར་བསྡུས་ལ། 1

130 བདེ་མཆོག་ཚེས་བཅུ་པའི་དད་ལྡན་དམས་ལ་གནང་པའི་ཟག་མེད་བདེ་ཆེན་མ་ལ། 1

131 སྨན་བླའི་ཆོ་གའི་མཇུག་ཏུ་བྱ་བའི་ཤིས་བརྗོད་ལ། 1

132 བཅོམ་ལྡན་འདས་མི་འཁྲུགས་རྒྱལ་པོའི་སྨོན་ལམ་དང་ཤིས་བརྗོད་གཉིས་ལ། 1

133 འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྨྱུང་གནས་ཆོ་གའི་མཇུག་ཏུ་བྱ་བའི་ཤིས་བརྗོད་ལ། 1

134 མཆོད་རྫས་ཕུལ་ནས་རང་གི་ཡིད་ལ་རེ་བའི་དོན་སྨོན་པའི་ཚིགས་སུ་བཅད་པ་ལ། 2

135 ཡང་སྨོན་པའི་དོན་ཚིགས་བཅད་དུ་བསྡེབས་པ་ལེགས་ལྡན་རྒྱ་མཚོ་མ་ལ། 1

136 ཇོ་བོ་རིན་པོ་ཆེ་ཤྰཀྱའི་རྒྱལ་པོའི་ཞབས་དྲུང་དུ་མཆོད་པའི་དམ་གྲངས་འགའ་ཞིག་ཕུལ་བའི་ཁ་བྱང་ལ། 3

137 བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་སོགས་མང་པོར་ན་བཟའ་མགུལ་རྒྱན།སྙན་ཤལ།སྤྱན་གཟིགས་སོགས་ཕུལ་པའི་དགེ་བསྔོའི་སྨོན་ཚིག་དང་འཕྲིན་བཅོལ།ཆོས་སྡེ་དུ་མར་འཕན་བླ་པྲེ་མཆོད་རྫས་སོགས་ཕུལ་བའི་ཞལ་བྱང་སྨོན་ཚིག་དང༌།སྐུ་གསུང་ཐུགས་རྟེན་གསར་བཞེངས་དུ་མའི་རྒྱབ་ཡིག་དང་ཞལ་བྱང་དུ་གནང་བའི་སྨོན་ཚིག་མཆོག་དམན་དུ་མར་གནང་བའི་ཞལ་གདམས་དང་གསུང་འཕྲིན་ཆབ་ཤོག་གི་རིམ་པ་སྣ་ཚོགས།མདོ་སྔགས་ཀྱི་དཀའ་གནད་ལས་བརྩམས་པའི་དྲི་བ་ཞུས་པའི་བཀའ་ལན་དུ་མ།གཞན་ཡང་འདོད་རྗེ་འགའི་བསྟོད་ཚོགས་གསོལ་འདེབས།ལས་དང་འབྲས་བུའི་རྣམ་གཞག་སྟོན་པའི་ཚིགས་བཅད།རྗེ་ཇི་ལྟར་རིགས་པའི་རྗེས་གནང༌།འདི་ཕྱིར་དགེ་བའི་གསོལ་འདེབས་སྨོན་ཚིག་གི་རིམ་པ་དུ་མ་དང༌།ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པའི་དམ་དབྱེ་གསལ་བར་བཤད་པ་སོགས་གསུང་ཐོར་བུ་བ་ཕྱོགས་གཅིག་ཏུ་བསྡེབས་པ་བཅས་ལ། 92

138 བཀྲ་ཤིས་རྩེ་པ་ནང་སོ་བློ་བཟང་དབང་རྒྱལ་ལ་གདམས་པ་དམས་ཆབས་ཅིག་ཏུ་བསྒྲིགས་པ་ལ། 17

139 བསངས་ཀྱི་ཆོ་ག་དངོས་གྲུབ་ཀྱི་གཟི་འོད་འབར་བ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་རྒྱས་པ་ལ། 16

140 བསངས་ཀྱི་ཆོ་ག་དངོས་གྲུབ་ཀྱི་གཟི་འོད་འབར་བ་ངོ་མཚར་རིན་པོ་ཆེའི་ཕྲེང་པ་འབྲིང་པོ་ལ། 10

141 བསངས་ཆོག་བཀྲ་ཤིས་ཆར་འབེབས་མཆོད་སྤྲིན་རྒྱ་མཚོ་ལ། 4

དཀར་ཆག་ལ། 7

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །པཎ་ཆེན་བློ་བཟང་ཆོས་རྒྱན་ནི་གཙང་རོང་མཚམས་ལྷན་དྲུག་རུས་ནི་སྦའི་རིགས་ཡབ་དཔོན་ཚང་ཀུན་དགའ་དཔལ་འབྱོར།ཡུམ་མཚོ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་ཡོས་སྤྱི་ལོ་1567 ལོ་ལ་འཁྲུངས།དགུང་ལོ་ལྔ་ནས་ཀློག་བསླབ་པ་དང་འཛིན་སྐྱོར་སོགས་གནང༌།དགུང་ལོ་བཅུ་གསུམ་ཐོག་དབེན་དགོན་གྱི་ཆོས་གྲྭར་བཞུགས།གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད།མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་དྲུང་དུ་རབ་བྱུང་སྡོམ་པ་བཞེས།མཚན་བློ་བཟང་ཆོས་རྒྱན་དུ་གསོལ།དགུང་ལོ་བཅུ་བཞི་ལ་སློབ་གཉེར་ཆེད་བཀྲས་ལྷུན་དུ་ཕེབས།དགུང་ལོ་ཉེར་གཉིས་ཐོག་པཎ་ཆེན་དམ་ཆོས་ཡར་འཕེལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་བདུན་ལ་ཆོས་གྲྭ་གངས་ཅན་ཆོས་འཕེལ་གྱི་ཁྲིར་བཞུགས།དགུང་ལོ་སུམ་ཅུའི་སྐབས་བཀྲས་ལྷུན་དགོན་གྱི་ཁྲིར་ཕེབས་ནས་དགོན་དེར་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་རྒྱུའི་སྲོལ་གཏོད།སྔགས་གྲའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས།དགུང་ལོ་སོ་བཞི་ལ་འབྲས་སྤུངས་སུ་བྱོན་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་གནང༌།དགུང་ལོ་བཞི་བཅུ་ལོར་བཀྲས་ལྷུན་རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད།དགུང་ལོ་ཞེ་གཅིག་ཐོག་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི་གཙུག་ཕུད་བཞེས།དགུང་ལོ་ཞེ་བརྒྱད་ལ་ཕེབས་སྐབས་སེ་འབྲས་གཉིས་ཀྱི་སེང་ཁྲིར་འཁོད་ནས་རྗེ་ས་སྨོན་ལམ་གྱི་གྲལ་དབུ་ཡུན་རིང་མཛད།དགུང་ལོ་ང་བརྒྱད་ལོ་སོག་དམག་དཔུང་ཆེན་བྱང་རྒྱབ་ཏུ་འབྱོར་བས་རིན་སྤུངས་ཆོས་རྒྱལ་ནས་རྗེ་ཉིད་ཆིངས་རྒྱག་པར་འགྲོ་དགོས་བཀའ་ནན་ཕེབས་པ་ལྟར་རོང་པོ་འདམ་གྱི་བར་ཕེབས་ཀྱང་དོན་འབྲས་མ་བྱུང་བར་རེ་ཞིག་འབྲས་སྤུངས་སུ་སྐུ་མཚམས་ལ་བཞུགས།དེའི་སྐབས་སོག་དམག་གློ་བུར་དུ་རྒྱུགས་ནས་མི་བརྒྱ་ཕྲག་བསད་པ་གསན་ནས་སྐུ་མཚམས་ཧར་འདོན་གནང་སྟེ་དན་འབག་བར་ཕེབས་ནས་སོག་པོའི་དཔོན་པོ་རྗེ་བཙུན་ལ་རྒྱུ་དངོས་ཕངས་མེད་ཀྱི་གསོལ་རས་ཐོག་ཞུ་ནན་གནང་ནས་དམག་མི་འབུམ་དུ་ཉེ་བར་སྲོག་ལས་སྐྱབས།དགུང་ལོ་དོན་གཉིས་ལོ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་དུ་འབྱོར་ནས་དེའི་ཕྱི་ལོ་གཙང་པ་རྒྱལ་པོ་ཕམ་པར་བྱས།དགུང་ལོ་དོན་ལྔ་ལོར་དབེན་དགོན་གཙུག་ལག་ཁང་ཀ་ཆེན་ཉི་ཤུ་རྩ་ལྔའི་རྒྱ་ཁྱོན་གསར་བཞེངས་ཟླ་བ་བདུན་ནང་ལེགས་པར་གྲུབ།ཁོང་གིས་བཀྲས་ལྷུན་དགེ་འདུན་རེར་ལོ་རེ་ནས་འབྲུ་ཁལ་བརྒྱད་རེའི་ཕོགས་ཐོབ་སྩལ།དུས་འཁོར་དང་གཞན་ཡང་རིས་མེད་ཀྱི་དགོན་སྡེ་ཁག་དང༌།མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་མཐར་དགུང་ལོ་གོ་དྲུག་ཆུ་སྟག་སྤྱི་ལོ་1662ལ་སྐུ་གཤེགས།འདིར་གསུང་འབུམ་པོད་ལྔ་བཞུགས།

                                                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས།
 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།