རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ། དཀར་ཆག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 18:16:14     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 

 723.JPG

རྒྱལ་བ་ཐུབ་བསྟན་རྒྱ་མཚའི་གསུང་འབུམ། དཀར་ཆག

 

པར་པོད།ཤོག་གྲངས།

465 དང་པོ།

73

ཀ མཁན་ཆེན་ཡོངས་འཛན་རྡོརྗེ་འཆང་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚ་དཔལ་བཟང་པོའི་རྣམ་ཐར་མཁས་མང་མཛས་པར་བྱེད་པའི་དོན་བཟང་མེ་ཏོག་གི་མགུལ་རྒྱན་གསར་པ་ཞེས་བྱ་བ་ལ། 157

ཁ།མཁན་ཆེན་ཡོངས་འཛན་ཕུར་ལྕོག་རྡོརྗེ་འཆང་ཆེན་པོའི་སྐུ་གདུང་ཟ་མ་ཏོག་སྙིང་པོར་བཞུགས་པའི་གདུང་རྟེན་ལེ་ལག་དང་བཅས་པའི་དཀར་ཆག་རྗེའི་རྫིང་བཟང་ཞེས་བྱ་བ་ལ། 51

ག རིགས་དང་དཀྱིལ་འཁོར་རྒྱ་མཚའི་མངའ་བདག་རྗེ་ཞྭ་དམར་པ་དགེ་འདུན་བསྟན་འཛན་རྒྱ་མཚ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་མཛད་བཟང་རིན་ཆེན་ཁམས་ཚགས་ལེགས་སྤྱང་ཉམས་འགྱུར་གཟི་བྱིན་འབར་བའི་སྔོན་མེད་རྣམ་ཐར་ནོར་བུའི་ཕྲེང་བ་ལ། 191

དཀར་ཆག་ལ། 2

466 གཉིས་པ།

་།མདོ་སྨད་སྐུ་འབུམ་བྱམས་པ་གླིང་དང༌།རྗེལྡན་སྨོན་ལམ་ཆེན་པོར་ཚགས་མགོན་དུ་ཕེབས་སྐབས་སོགས་ཀྱི་གསུང་བཤད་ལྗགས་བསྒྲིགས་ལ། 158

ཅ།བཀའ་གདམས་ཐིག་ལེ་བཅུདྲུག་གི་སྒྲུབ་དཀྱིལ་ཆ་ལག་ཀུན་ཚང་ལེགས་བཤད་གསལ་སྒྲོན་དང༌།རྡུལ་ཚན་ཀླུ་ལ་གཏོད་པའི་ཆོ་ག་འཇོག་པོའི་གཙུག་ནོར་བཅས་ལ། 40

ཆ།བཀའ་གདམས་ཐིག་ལེ་བཅུདྲུག་གི་ཞི་བའི་སྦྱིན་སྲེག་རབ་དཀར་ཟླ་བ་གསར་པའི་ཐིག་ཞུན་ལ། 17

ཇ།འཇམ་མགོན་ཙང་ཁ་པ་ཆེན་པོ་ལ་སྟོང་མཆོད་འབུལ་ཚུལ་དངོས་གྲུབ་ཡོངས་འདུའི་སྙེ་མ་ལ། 7

ཉ།རྗེ་བཙུན་མ་ཀུརུཀུལླེའི་སྒྲུབ་ཐབས་སྲིད་གསུམ་དགེ་མཚན་འགུགས་པའི་ལྕགས་ཀྱུ་དང༌།ཚགས་མཆོད་ཀུན་བཟང་སྒྱུ་མའི་རྩེ་དགའ།སྦྱིན་སྲེག་དགོས་འདོད་བུམ་བཟང་བཅས་ལ། 14

ཏ།ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་མཁའ་འགྲོ་ལྔསྐོར་གྱི་རྗེས་གནང་གི་ཆོ་ག་བཀླགས་ཆོག་བྱིན་རླབས་འདོད་རྒུའི་གཏེར་མཛད་ལ། 12

ཐ།ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྒྲུབ་ཐབས་བསྐང་བཤགས།བསྟོད་བཟློག་བཅས་བྱད་མ་འཇོམས་པའི་སྤུགྲི་ལ། 6

ད།རྗེ་བཙུན་སྒྲོལ་མ་ལ་བརྟེན་པའི་ཚསྒྲུབ་དང༌།ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བཅས་ལ། 5

ན།དཔལ་དུས་ཀྱི་འཁོར་ལོའི་རྗེ་མཚན་འགོད་ཚུལ་ཡོངས་འདུའི་དགའ་ཚལ་ལ། 6

པ།རྡོརྗེ་འཆང་དགེ་འདུན་བསྟན་འཛན་རྒྱ་མཚའི་ཞལ་སྔ་ནས་དཔལ་རྡོརྗེ་འཇིགས་བྱེད་རྗེ་བཅུ་གསུམ་མའི་རིམ་གཉིས་ཟབ་ཁྲིད་གནང་སྐབས་བསྐྱེད་རིམ་གྱི་ཟིན་བྲིས་བསྙེལ་བྱང་ལ། 26

ཕ།དཔལ་རྡོརྗེ་འཇིགས་བྱེད་ཀྱི་ཕྲེང་སྔགས་དང༌།བསྟོད་པའི་དོན་འགྲེལ་རིན་ཆེན་སྒྲོན་མེ་ལ། 12

བ།དག་སྣང་གསང་བ་རྒྱ་ཅན་ལས་སྐུ་གསུམ་རིགས་འདུས་ཀྱི་དབང་དང༌།རྟ་མགྲིན་པདྨ་ཡང་གསང་གི་སྨན་སྒྲུབ་དང་འབྲེལ་བའི་སྨན་དབང་བྱཚུལ་རྒྱལ་ཀུན་འཛུམ་ཞལ་འཆར་བའི་བཻ་ཌྰུརྱའི་ཨ་དརྴ་ལ། 10

མ།དག་སྣང་གསང་བ་རྒྱ་ཅན་ལས་དཔལ་ཆེན་ཁམས་གསུམ་ཟིལ་གནོན་གྱི་བསྙེན་སྒྲུབ་ཁ་སྐོང་ཞི་རྒྱས་སྦྱིན་སྲེགབྱཚུལ་འཕྲིན་ལས་མྱུར་གུགས་ལྕགས་ཀྱུ་ལ། 10

ཙ།ཕུར་ལ་ཡང་གསང་སྤུགྲིའི་སྒྲུབ་ཆེན་གྱི་ཆོ་ག་དོན་གཉིས་འདོད་རྒུའི་བང་མཛད་ལ། 42

ཚ།དཔལ་ལྡན་དམག་ཟོར་རྒྱལ་མོ་དང༌།རྒྱལ་ཆེན་སྐུལྔརྡོརྗེ་དྲག་ལྡན་བཅས་ཀྱི་བསྐང་གསོལ་མདོར་བསྡུས་ཏིང་འཛན་རྗེ་ཡི་རོལ་གར་དངོས་གྲུབ་གཏེར་གྱུར་ལ། 8

ཛ།སྲིད་པ་ཕོ་བྲང་གླིང་དགུའི་མདོས་ལ་བརྟེན་ནས་ཀླུརྒྱལ་ཝ་རུ་ཎའི་མཆོད་ཆོག་ཁྱེར་བདེ་བདག་བློའི་ཀུན་ད་འབྱེད་པའི་བསིལ་ཟེར་འོད་ཀྱི་ཕྲེང་བ་ལ། 12

ཝ།ཀླུརྒྱལ་མལ་དྲོ་གཟི་ཅན་ལ་མཆོད་གཏོར་འབུལ་ཚུལ་འདོད་རྒུའི་བང་མཛད་ལ། 10

དཀར་ཆག་ལ། 2

467 སུམ་པ།

ཞ དབྱངས་ཅན་ཞལ་ལུང་ལས་སྙན་ངག་ལེའུ་གསུམ་གྱི་དཔེར་བརྗོད་བཻ་ཌྰུརྱ་དཀར་པོའི་ཕྲེང་བ་ལ། 40

ཟ།རྗེ་དཔའ་རི་བ་ཆེན་པོའི་ཞལ་སྔ་ནས་སྙན་ངག་གི་ཁྲིད་གསན་སྐབས་ལེའུ་བར་པའི་དཀའ་གནད་བརྗོད་བྱང་གནང་བ་ལ། 23

འ།ཀུན་བཟང་འཁོར་ལོའི་རིམ་པ་ཕྱོགས་བཀོད་པ་ལ། 9

ཡ།བླ་མ་དང་ཇོ་འབྲོམ་རྔོག་གསུམ་དབྱེར་མེད་དུ་བསྒོམ་ཚུལ་གྱི་བླ་མའི་རྣལ་འབྱོརབྱིན་རླབས་ཆུརྒྱུན་འབབ་པའི་རྗེའི་རྫིང་བུ་སོགས་བླ་མའི་རྣལ་འབྱོརགྱི་རིམ་པ་ཕྱོགས་བཀོད་པ་ལ། 30

ར།སྐྱེས་རབས་སོ་བཞིའི་གསུང་བཤད་སྐབས་ཀྱི་བརྒྱུད་འདེབས།བསྔོ་བ།མཛད་སྒོའི་རིམ་པ་བཅས་ལ། 6

ལ།བྱང་ཆུབ་ལམ་རིམ་ཆེན་མོའི་གསོལ་འདེབས་སྨོན་ལམ་གྱི་རིམ་པ་ཕྱོགས་བསྒྲིགས་ལ། 30

ཤ བརྟན་བཞུགས་སྨོན་ཚག་འཆི་མེད་འདོད་རྒུའི་དཔལ་སྟེར་སོགས་ཞབས་བརྟན་གྱི་རིམ་པ་ཕྱོགས་བཀོད་ལ། 31

ས།མྱུར་བྱོན་སྨོན་ཚག་ཐུགས་རྗེ་གཏིང་ནས་བསྐུལ་བའི་རྗེའི་རྔསྒྲ་སོགས་མྱུར་བྱོན་གྱི་རིམ་པ་ཕྱོགས་བསྒྲིགས་ལ།

ཧ།འཇམ་དབྱངས་རིགས་ལྔ་ལ་བསྟོད་པ་ཀུན་བཟང་མཆོད་སྤྲིན།རི་བོ་རྩེལྔའི་གནས་ཀྱི་བསྟོད་པ།དབང་ཕྱོགས་ས་དབང་གོང་མ་ལ་བསྟོད་པ།མ་ཎི་རྗེ་ཁང་གི་གནས་བསྟོད་བཅས་ལ། 8

ཨ།ཡོངས་འཛན་ཕུར་ལྕོག་རྡོརྗེ་འཆང་གི་ཞལ་སྔ་ནས་སྒྲུབ་ཐབས་རྡོརྗེ་ཕྲེང་བ་དང༌།མི་ཏྲ་བརྒྱརྩ་བཅས་དབང་ཆེན་གསན་སྐབས་ཀྱི་ཟིན་བྲིས་ཐོར་བུཕྱོགས་བཀོད་ལ། 93

ཀི།ཡི་དམ་རྒྱུད་སྡེ་རྒྱ་མཚའི་སྒྲུབ་ཐབས་རིན་འབྱུང་གི་ལྷན་ཐབས་དོན་གསལ་བཞིན་དམ་པའི་ཕྱག་བཞེས་རྗེས་གནང་གི་བཅའ་བསྒྲིགས་པད་མའི་ཁྲུས་རྫིང་ལ།

ཁི།ཡོངས་འཛན་དམ་པ་རྣམས་ཀྱི་ཞལ་སྔ་ནས་གསུང་ཚགས་གསན་སྐབས་མན་ངག་བསྙེལ་བྱང་ཐོར་བུཕྱོགས་བཀོད་ལ། 26

གི།སྐུ་འབུམ་དཀའ་བཅུ་དཀོན་མཆོག་དཔལ་བཟང་དང༌།རྒྱ་གར་ནས་ནང་ཆོས་ཀྱི་དྲིས་ལན་བཅས་ལ། 6

ངི།དགེ་སྡིག་བླང་དོར་གསལ་སྟོན་གྱི་བསླབ་བྱ་རང་སྐྱོན་འཚང་འབྲུབྱེད་པའི་ཨྰ་དརྴ་སོགས་བསླབ་བྱའི་རིམ་པ་ཕྱོགས་བཀོད་ལ། 8

ཅི།གནོད་སྤྱིན་རྒྱལ་པོ་སྐུལྔ་ལ་བརྟེན་པའི་གཡང་འགུགས་དང༌།མདོ་སྨད་ཐོར་གོད་ཀྱི་གནས་བདག་སོགས་གཞི་བདག་རྣམས་ཀྱི་གསོལ་མཆོད་ཕྱོགས་གཅིག་ཏུ་བཀོད་པ་ལ། 21

དཀར་ཆག་ལ། 2

468 བཞི་པ།

ཆི།མདོ་སྨད་ལུམྦུའི་དགའ་ཚལ་གཉིས་པ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བཅའ་ཡིག་སོགས་བོད་དང་བོད་ཆེན་པོའི་ཆོས་སྡེ་ཁག་ལ་སྩལ་བའི་བཅའ་ཡིག་གི་རིམ་པ་ཕྱོགས་བཀོད་འདུལ་བ་འབུམ་སྡེའི་དགོངས་དོན་རྣམ་པར་བཀྲ་བའི་དྭངས་ཤེལ་མེ་ལོང་ལ།134

ཇི།བོད་དང་བོད་ཆེན་པོའི་ལྗོངས་སུ་འཁོད་པའི་སྐྱེ་འགྲོ་མས་ལ་ལུགས་གཉིས་ཀྱི་བླང་དོར་བསླབ་བྱའི་རྩ་ཚིག་གི་རིམ་པ་ཕྱོགས་བཀོད་རྗེ་ཡི་རྔ་དབྱངས་ལ། 69

ཉི།པར་བྱང་དང༌།ཐང་སྐུའི་རྒྱབ་ཡིག་མཆོད་རྫས་ཕུལ་བའི་བསྔོ་སྨོན་འདོད་གསོལ་གྱི་རིམ་པ་ཕྱོགས་བསྒྲིགས་ལ། 67

ཏི།མཚན་གཟིམ་རྗེ་མོ་གསུང་བྱོན་མར་གནམ་ལོ་གསར་འཆར་གྱི་རྟེན་འབྱུང་སྙན་ཤལ་དང༌།རྟེན་གཙ་ཁག་ལ་ཐམ་ཕུད་སྙན་ཤལ་སྨོན་ཚག་གི་རིམ་པ་ཕྱོགས་བསྒྲིགས་སྙན་ཚག་དོན་བཟང་པདྨརྰ་གའི་རྒྱན་ཕྲེང་ལ། 68

ཐི།རྟེན་གསུམ་མཆོད་རྫས་སོགས་ཀྱི་དཀར་ཆག་དང༌།མཆོད་རྩོ་ཐེབས་སྦྱོར་སོགས་དེབ་ཐེར་འགོ་རྒྱན་གྱི་རིམ་པ་ཕྱོགས་བཀོད་ཨུཏྤལ་མེ་ཏོག་ཕྲེང་མཛས་ལ། 38

དི།ཕོ་བྲང་ཡར་མར་གྱི་ལྡེབས་བྲིས་དང༌།གཟིམ་སྒོའི་མཚན་བྱང༌།སྤྲུལ་སྐུའི་མཚན་གསོལ་བཅས་ལ། 18

དཀར་ཆག་ལ། 1

469 ལྔ་པ།

ནི།ཡོངས་འཛན་དམ་པ་དུ་མའི་ཞལ་སྔ་ནས་དབང་ཁྲིད་ལུང་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་བགོ་སྐལ་ཇི་སྙེད་ནོས་པའི་བརྒྱུད་རིམ་བཅས་མ་འདྲེས་གསལ་བར་བཀོད་པ་རྒྱལ་བསྟན་པད་ཚལ་བཞད་པའི་ཉི་འོད་ལ། 212

པི།ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང༌།གཞན་ཡང་མཆོག་དམན་བར་པ་མས་ལ་གནང་བའི་ཆབ་ཤོག་གི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ལ། 89

ཕི།རྟེན་གསུམ་རབ་གནས།མན་ཊལ་བཅས་ཀྱི་བཤད་པ་དང༌།འདུས་སྡེ་ཁག་ལ་བསྙེན་བཀུར་གནང་བའི་འགྱེད་ཁྲ་བཅས་ཕྱོགས་བཀོད་པ་ལ། 27

བི།རྗེལྡན་སྤྲུལ་པའི་གན་དྷོལ་ཆེན་པོར་ཉམས་གསོ་མཛད་པའི་དཀར་ཆག་སྨོན་ཚག་དང་འབྲེལ་བ་ཕན་བདེའི་བཀོད་པ་ཚར་དུ་དངར་བ་དད་སྣང་འབུམ་ཕྲག་འཆར་བའི་འོ་མཚའི་རྫིང་བུ་ལ།12

མི།རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་པར་ཉམས་གསོ་མཛད་པའི་དཀར་ཆག་མུ་ཏིག་དོ་ཤལ་གསར་པའི་འཛད་མེད་ཕན་བདེའི་རྒྱན་གྱུར་ལ། 9

།གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཐམས་ཅད་མཁྱེན་པ་བུསྟོན་རིན་ཆེན་གྲུབ་ཡབ་སྲས་ཀྱི་བཀའ་འབུམ་པར་དུསྤེལ་བའི་འདོད་དོན་སྨོན་ཚག་ཕན་བདེའི་ལང་ཚ་གསར་འཆར་ཐར་འདོད་འཇུག་པའི་རྗེའི་ཁྲུས་རྫིང་དང༌།བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན་ཉམས་གསོ་མཛད་པའི་དཀར་ཆག་ངོ་མཚར་དད་པའི་སྒོ་འབྱེད་བཅས་ལ། 12

རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་གི་ལྡེབས་བྲིས་སྐྱེས་རབས་སོ་བཞི་པའི་ཞལ་བྱང་ཟུར་བཀོལ་མཐོང་བ་དོན་ལྡན་ལ། 25

།བསྟན་པའི་ནང་མཛད་འདུལ་བ་ལུང་སྡེ་བཞི།མདོ་རྩོ་མཆན་འགྲེལ།མཚིཀ་སོགས་ལས་བྱུང་བའི་ཉེར་མཁོའི་དབྱིབས་ཚད་ཕྱག་ལེན་མཐོང་རྒྱུན་ལྟར་དཔེ་རིས་སུ་བཀོད་པ་ཉེས་ལྟུང་མུན་པ་འཇོམས་པའི་ཟླ་འོད་ལ། 9

དཀར་ཆག་ལ། 2

470 རྣམ་ཐར

1 རྗེར་བཅས་སྲིད་ཞིའི་གཙུག་རྒྱན་གོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་མཚལྟབུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གླེགས་བམ་སྟོད་ཆ་ལ། 420

471 རྣམ་ཐར

1 གོང་ས་སྐུཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གླེགས་བམ་སྨད་ཆ་ལ། 328

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

                 ༄༅། །རྒྱལ་བ་ཐུབ་བསྟན་རྒྱ་མཚ་ནི་དྭགས་སྨད་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང༌།ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི་སྤྱི་ལོ་1876 ལ་འཁྲུངས།དགུང་ལོ་གཉིས་ཐོག་ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་དྲུང་དུ་གཙུག་ཕུད་ཕུལ།དགུང་ལོ་གསུམ་ཐོག་གསེར་ཁྲིར་མངའ་གསོལ།དགུང་ལོ་བདུན་ལ་རྟ་ཚག་ངག་དབང་དཔལ་ལྡན་དྲུང་དུ་རབ་བྱུང་སྡོམ་པ་བཞེས།དགུང་ལོ་དགུ་ལ་གཟིམ་དཔོན་མཁན་པོ་བར་ཞི་བ་ངག་དབང་དངོས་གྲུབ་བསྟེན་ནས་ཕྱག་བྲིས་སྦྱོང་མཐར་མཛད།དགུང་ལོ་བཅུ་གསུམ་ལ་སེ་འབྲས་དགའ་གསུམ་དུ་ཆོས་ཞུགས་མཛད་ནས་གཟུང་ཆེན་ལ་སློབ་གཉེར་མཛད།དགུང་ལོ་ཉི་ཤུ་ཐམ་པར་ཕུར་ལྕོག་ཡོངས་འཛན་བྱམས་པ་རྒྱ་མཚའི་དྲུང་དུ་བསྙེན་རྫོགས་བསྒྲུབས།དེའི་ལོར་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས།དགུང་ལོ་ཉེར་གསུམ་ལ་སེ་འབྲས་དགའ་གསུམ་དུགྲྭ་སྐོར་མཛད།དགུང་ལོ་ཉེར་བཞི་ལ་རྗེལྡན་སྨོན་ལམ་ཆེན་མོར་དགེ་བཤེས་རྗེ་རམས་པའི་མཚན་རྟགས་མཛད།དགུང་ལོ་ཉེར་དགུ་ལོར་རྒྱ་ནག་ཏུ་གོང་མ་ཡུམ་སྲས་མཇལ་འཕྲད་དུ་ཕེབས།དགུང་ལོ་སོ་བདུན་ལོར་རྒྱ་གར་ནས་བོད་དུཕྱིར་ཕེབས།དགུང་ལོ་ཞེ་གསུམ་ལོར་རྒྱ་གར་དུ་ཕེབས།དགུང་ལོ་སོ་བདུན་ལོར་རྒྱ་གར་ནས་བོད་དུཕྱིར་ཕེབས།དགུང་ལོ་ཞེ་གསུམ་ས་རྟ་ལོར་བུསྟོན་རྗེའི་གསུང་འབུམ་ཞ་ལུབྲིས་མའི་སྟེང་ནས་པར་གཞི་གསར་བརྐོ་གནས།དགུང་ལོ་ཞེ་ལྔལྕགས་སྦྲེལ་ལོར་ཞོལ་བཀའ་འགྱུར་པར་གཞི་གསར་བརྐོ་གནང་བ་དང་རྗེལྡན་གཙུག་ལག་ཁང་དང༌།ར་མོ་ཆེ་གཉིས་ཉམས་གསོ་མཛད།དགུང་ལོ་ཞེ་བརྒྱད་ལོར་རྩེར་རྒྱ་ཕིབས་དང༌།ལྡེབས་བྲིས།ཤར་བརྒྱུད་གཟིམ་ཆུང་བཅས་ཉམས་གསོ་གནང༌།རྗེ་སའི་བར་བསྐོར་ནང་སྟེང་ཤོད་སོགས་སུ་ས་འོག་ཆུཡུར་བཟོ་བསྐྲུན་མཛད།དགུང་ལོ་ཞེ་དགུ་ལོར་ཞོལ་པར་ཁང་གསར་བསྐྲུན་མཛད།དགུང་ལོ་ལྔ་བཅུ་ལོར་ནོར་གླིང་སྤྱན་བསལ་ཕོ་བྲང་གསར་བསྐྲུན་མཛད།དགུང་ལོ་ང་བརྒྱད་ཆུབྱསྤྱི་ལོ་1933ལོ་ལ་གཤེགས།གསུང་འབུམ་བོད་བདུན་བཞུགས།

 

                                              རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

 

བརྒྱུད་འགོད།