རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་འབུམ་གྱི་དཀར་ཆག

    སྤེལ་དུས།  2015-12-07 16:25:53     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

 97598974.jpg                    88053530.jpg

ཀ་
1ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་དད་པའི་འཇུག་ངོགས་ལ།71
2 ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་ལ། 11
3གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལ། 16
4གསང་བའི་རྣམ་ཐར་གསོལ་འདེབས་ལ། 4
5གསང་བའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གཏམ་ལ། 2
6 ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ་ཚུལ་ལ། 4
7 བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བ་ལ། 3
8 རྗེ་རིན་པོ་ཆེ་ནས་བ་སོ་ཆོས་རྗེ་ལ་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་ལ། 3
9གསན་ཡིག་ལ། 27
10 ཞུ་ལན་སྨན་མཆོག་བདུད་རྩི་ཕྲེང་བ་ལ། 13
11བཤེས་གཉེན་དམ་པ་བླ་མ་ལྔ་བཅུ་པའི་རྣམ་བཤད་ལ། 29
12གསང་སྔགས་ཀྱི་ཚུལ་ཁྲིམས་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལ། 70
13 བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་ལ། 108
14འདུལ་བའི་བསླབ་བྱ་ཆེན་མོ་རྗེའི་གསུང་བཞིན་རྒྱལ་ཚབ་རིན་པོ་ཆེས་ཟིན་བྲིས་སུ་མཛད་པ་གནམ་རྩེ་ལྡེང་མར་གྲགས་པ་ལ། 74
15དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མ་ལ། 7
དཀར་ཆག་ལ། 2
ཁ་
1འདུལ་བ་མདོ་རྩ་བའི་དཀའ་གནད་ཀྱི་ཟིན་བྲིས་རྗེ་ཉིད་ཀྱི་ཕྱག་བྲིས་སུ་མཛད་པ་ལ། 98
གསུང་ཐོར་བུ་ལས།1ལམ་རིམ་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ལ་གསོལ་བ་འདེབས་པ།2ཟབ་མོ་ལྟ་བརྒྱུད་ལ་གསོལ་བ་འདེབས་པ། 3 བྱིན་རླབས་ཉེ་བརྒྱུད་གསོལ་འདེབས། 4 རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས། 5 བླ་མ་ཀུ་མྰ་ར་མ་ཏིའི་ཡོན་ཏན་བརྗོད་པ། 6 རྗེ་རེད་མདའ་བ་ལ་བསྟོད་པ།7དཔལ་ལྡན་བླ་མ་གཞོན་ནུ་བློ་གྲོས་ལ་བསྟོད་པ། 8བྱང་ཆུབ་དཔལ་བཟང་པོ་ལ་བསྟོད་པ། 9 བྱང་ཆུབ་བཟང་པོ་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། 10ས་སྐྱ་པར་བསྟོད་པ།11ས་སྐྱ་ཆོས་རྗེར་བསྟོད་པ། 12ཐང་སྐུའི་རྒྱབ་ཡིག 13 ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས་པ། 14སློབ་མ་དུ་མས་བསྐུལ་བའི་ངོར་རྗེ་རང་ཉིད་ལ་གསོལ་བ་འདེབས་པ། 15 བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ། 16མཉམ་མེད་ཐུབ་པའི་དབང་པོར་བསྟོད་པ། 17 ཤྰཀྱ་སེང་གེ་ལ་བསྟོད་པ། 18མགོན་པོ་འོད་དཔག་མེད་ལ་བསྟོད་པ་ཞིང་མཆོག་སྒོ་འབྱེད་མ། 19རྒྱལ་བ་འོད་དཔག་མེད་ལ་བསྟོད་པ། 20 རྒྱལ་བ་ཚེ་མཐའ་ཡས་ལ་བསྟོད་པ། 21 ཐུབ་དབང་རྨད་བྱུང་མ། 22ཤེར་ཕྱིན་གྱི་མདོའི་ཆེ་བརྗོད། 23འབུམ་བཞེངས་པའི་བཀྲ་ཤིས་པའི་ཡན་ལག་ཏུ་མཛད་པ། 24ཤེར་ཕྱིན་གྱི་འབུམ་བཞེངས་དུས་ཀྱི་སྨོན་ལམ་དུ་མཛད་པ།25བསྔོ་བ་མཛད་པ། 26ཚེ་འདས་རྗེས་འཛིན་གྱི་བསྔོ་བ། 27དགེ་འདུན་གྱི་ཁྲིམས་སུ་བཅའ་བའི་བཅའ་ཡིག 28 སྟོན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པ་རྣམས་ཀྱི་ཁྲིམས་སུ་བཅའ་བ་ཆུང་བ་དང་པོར་མཛད་པ། 29 རྗེ་བླ་མས་རྗེ་བཙུན་རེད་མདའ་བའི་ཞུ་ཡིག་གི་ལན་རྗེ་བཙུན་འཇམ་དབྱངས་ལ་ཞུས་ནས་ཉམས་ལེན་གྱི་གནད་དམས་ཐུགས་ཉམས་སུ་ཕུལ་བ། 30 བླ་མའི་རྣལ་འབྱོར་ཆུང་ངུ།31 རྗེ་རེད་མདའ་བས་སྙན་པའི་མེ་ཏོག་གི་འཆད་ཉན་ཨེ་ཚུགས་གཟིགས་གསུང་བའི་ཞུ་ལན། 32ས་སྐྱ་པ་ངག་དབང་གྲགས་པའི་ཞུ་ལན་དུ་གནང་བ། 33 བྱ་དཀའི་སྙན་ངག་ཨེའི་དབྱངས་ངེས།34བསྔོ་བ་གོང་འོག་བསྟུན་ནས་མཛད་པ། 35འཇམ་མགོན་ཙོང་ཁ་པ་ཆེན་པོས་གོང་མ་ཏ་མིན་རྒྱལ་པོར་སྩལ་བའི་ཆབ་ཤོག36རང་ལ་བསྐུལ་བའི་ཚིགས་སུ་བཅད་པ་ཁོ་བས་སྐྱོ་བའི་གཏམ་ཞེས་བྱ་བ་བཅས་ལ། 273
2 རྡོ་རྗེ་རྩེ་མོའི་ཟིན་བྲིས་ལ། 16
3ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་འཕོ་བ་བཀའ་བསྒོ་བཅས་ལ། 4
སྒྲ་མི་སྙན་གྱི་ཚེ་སྒྲུབ་ལ། 4
4 སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས་བྱེད་ཚུལ་རྗེའི་ཕྱག་ལེན་བཞིན་བཀོད་པ་ལ། 5
5གཏོར་མ་བརྒྱ་རྩའི་རིམ་པ་མཚུངས་མེད་ཆོས་ཀྱི་རྗེ་བློ་བཟང་གྲགས་པའི་ཕྱག་ལེན་ལ། 9
དཀར་ཆག་ལ། 1
ག་
1 རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལ། 441
དཀར་ཆག་ལ། 1
 
ང་
1 རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་
འབྱེད་པའི་མཆན་གྱི་ཡང་འགྲེལ་ལ། 476
དཀར་ཆག་ལ། 1
372ཅ་
1 སྒྲོན་གསལ་རྒྱ་ཆེར་བཤད་པའི་ས་བཅད་བསྡུས་དོན་ལ། 27
2 རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་དཀའ་བའི་གནད་ཀྱི་མཐའ་གཅོད་
རིན་ཆེན་མྱུ་གུ་ལ། 138
3འདུས་པའི་བཤད་རྒྱུད་རྗེ་མོ་བཞི་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བ་ལ། 47
4དཔལ་གསང་བ་འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊིཀ་ལ། 60
5དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་དེ་ཉིད་རབ་ཏུ་གསལ་བ་ལ། 66
6འབའ་སེར་དཀའ་བཅུ་པས་རྗེ་ལ་གསན་པའི་གསང་འདུས་བསྐྱེད་རིམ་ཟིན་བྲིས་ལ། 39
7གསང་འདུས་དཀའ་གནད་ཟིན་བྲིས་ལ། 23
དཀར་ཆག་ལ། 2
373ཆ་
1 རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་དོན་གསལ་བ་ལ། 81
2བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་ལ། 6
3 རྡོ་རྗེ་བཟླ་ས་པའི་ཟིན་བྲིས་ལ། 84
4དགོངས་པ་བླ་ན་མེད་པའི་ཟིན་བྲིས་ལ། 27
5མན་ངག་མཐར་ཐུག་གི་བདག་བྱིན་རླབས་ལ། 10
6མན་ངག་མཐར་ཐུག་གི་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ་ལ། 13
7རིམ་ལྔ་བསྡུས་པའི་ཟིན་བྲིས་ལ། 23
8 རྣལ་འབྱོར་བཞི་རིམ་ལ། 14
9 རྣལ་འབྱོར་བཞི་རིམ་ཊིཀ་ལ། 4
10འདུས་པའི་དཀའ་གནད་ཟིན་བྲིས་ལ། 2
11 རྒྱལ་བས་བྱིན་གྱིས་མཛད་པའི་གསང་འདུས་ལེའུ་དང་པོའི་འགྲེལ་པའི་ཟིན་བྲིས་ལ། 7
12 ཁྲོ་བཅུའི་ཟིན་བྲིས་ལ། 4
13 ལྷག་པ་ཡི་ནི་རྗེ་གཅིག་ལ། 2
14དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་ལྷན་ཐབས་ལ། 17
15དཔལ་གསང་བ་འདུས་པའི་མན་ངག་ཡིག་ཆུང་ཉེར་གཅིག་ལ། 80
དཀར་ཆག་ལ། 2
374ཇ་
1དཔལ་གསང་འདུས་མན་ངག་རིམ་ལྔ་གསལ་སྒྲོན་ལ། 312
2གསང་འདུས་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ་ལ། 29
3བསམ་གཏན་ཕྱི་མ་དང་གསང་བ་ཁྱད་བཞི་གྲུབ་ཆེན་བརྒྱད་བཞུགས་ཚུལ་གསུམ་ལ། 2
4གསང་བ་འདུས་པའི་བསྐྱེད་རིམ་རྗེའི་གསུང་ཟིན་བྲིས་བློ་གསལ་བུང་བའི་རེ་སྐོང་ལ། 27
5བཞི་བརྒྱ་ལྔ་བཅུ་པའི་སྐོར་གྱི་ཟིན་བྲིས་ལ། 6
6 རྡོ་ཕྲེང་ལས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབས་པའི་ཆོ་ག་ནམ་མཁའ་དཔལ་བཟང་པོའི་ཟིན་བྲིས་ལ། 12
དཀར་ཆག་ལ། 1
375ཉ་
1 རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ་ལ། 19
2ཞལ་ཤེས་གནད་ཀྱི་ཐེམ་ཡིག་ལ། 24
3གསང་འདུས་རྡོར་སེམས་བརྙེས་པའི་ངག་འདོན་གྱི་རིམ་པ་ལ། 12
4འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་འཇམ་དབྱངས་དགོངས་གསལ་ལ།21
5ཆོ་ག་ཉི་ཤུའི་ཁུངས་འགོད་པ་ལ། 9
6 རྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སྰ་ཏྱ་བྷ་དྲའི་ཟིན་བྲིས་ལ། 14
7གསང་འདུས་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ལ།58
8གསང་འདུས་ཀྱི་སྒོ་ནས་རབ་གནས་བྱ་ཚུལ་ལ། 31
9འཁོར་ལོ་སྡོམ་པ་བདེ་མཆོག་བསྡུས་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་དོན་ཀུན་གསལ་ལ། 238
དཀར་ཆག་ལ། 1
376ཏ་
1ཟབ་ལམ་ན་རོའི་ཆོས་དྲུག་གི་ཁྲིད་རིམ་ཡིད་ཆེས་གསུམ་ལྡན་ལ།60
2 ན་རོ་ཆོས་དྲུག་གི་དམིགས་སྐོར་མདོར་བསྡུས་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ཀུན་བཟང་པས་བཀོད་པ་ལ།20
3བདེ་མཆོག་ལྰུ་ཨི་པའི་མངོན་རྟོགས་ངག་འདོན་གྱི་ཆོ་གའི་རིམ་པ་ལ། 14
4དཔལ་འཁོར་ལོ་བདེ་མཆོག་གི་མངོན་རྟོགས་རྒྱ་ཆེར་བཤད་པ་ལ།184
5དཔལ་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ་ལ། 7
6མཁའ་འགྲོ་རྒྱ་མཚོ་སྐོར་གྱི་ཟིན་བྲིས་ལ། 10
7 ལྰུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདེ་ཆེན་གསལ་བ་ལ། 37
8 དྲིལ་བུ་ལུས་དཀྱིལ་ལྷན་ཐབས་ལ། 12
9 ལྰུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ་ལ། 62
དཀར་ཆག་ལ། 2
377ཐ་
1 རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་གྱི་མངོན་རྟོགས་དགོངས་པ་རབ་གསལ་ལ། 26
2 དྲིལ་བུ་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་དབང་ཆོག་རིན་པོ་ཆེའི་བང་མཛོད་ལ། 25
3བདེ་མཆོག་རིམ་ལྔའི་བཤད་པ་སྦས་དོན་ལྟ་བའི་མིག་རྣམ་པར་འབྱེད་པ་ལ། 33
4 དྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ལྕེ་སྟོན་ཀུན་དགའ་བཟང་པོས་མཛད་པ་ལ། 11
5མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་ལ། 2
6 རྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་ལ། 3
7 རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོགས་པའི་ཆོ་ག་དྰ་རི་ཀ་པས་མཛད་པའི་ཟིན་བྲིས་ལ། 2
8མན་ངག་སྙེ་མའི་ཟིན་བྲིས་ལ། 20
9ངན་སོང་སྤྱོང་རྒྱུད་མཆན་དང་བཅས་པ་ལ། 92ན་
10 ཀུན་རིག་ཆོ་གའི་ཟིན་བྲིས་ལ།
11 རྡོ་རྗེ་འཇིགས་བྱེད་རྗེ་བཅུ་གསུམ་མའི་སྒྲུབ་ཐབས་ཟ་མ་ཏོག་བཀོད་པ་ལ། 17
12 རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ལ། 15
13གཤིན་རྗེ་གཤེད་ནག་སྒྲུབ་ཐབས་རིན་ཆེན་འབར་བ་ལ། 16
14གཤིན་རྗེ་གཤེད་རྗེ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་ཆེན་ཕྲེང་བ་ལ།47
15 རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་ལ། 18
16 རྫོགས་རིམ་སྤྱི་དོན་དཔྱིད་ཐིག་ལ། 38
17 རྫོགས་རིམ་དཔྱིད་ཐིག་གི་ཟིན་བྲིས་ལ། 19
18བདེ་མཆོག་རྫོགས་རིམ་ཟིན་བྲིས་ལས་ལ། 12
དཀར་ཆག་ལ། 2
378ད་
1ཞེ་དགུ་མའི་ཟིན་བྲིས་ལ། 5
2འཇམ་དཔལ་ཞི་དྲག་གི་བསྲུང་བ་ལ། 3
3འཇིགས་བྱེད་ཀྱི་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས་ལ། 9
4འཇིགས་བྱེད་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལ། 28
5 དུས་ཀྱི་འཁོར་ལོའི་ནང་ལེའི་ནང་ལེའི་རྣམ་པར་དག་པ་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ་འཕྲོ་ཅན་ལ། 64
6ཨ་ཙ་མ་གརྦྷས་དོན་ཚན་བདུན་བྱེད་པ་ལ། 2
7 རྒྱུད་བརྟག་གཉིས་ཀྱི་ཟིན་བྲིས་ལ། 82
8 སྦྱོར་དྲུག་རྡོ་རྗེའི་ཚིགས་བཅད།དེའི་བཤད་པ།དུས་འཁོར་གྱི་ཟིན་བྲིས།དུས་འཁོར་མངོན་རྟོགས་དང་དབང་གི་ཟིན་བྲིས།སྦྱོར་དྲུག་ཉེར་མཁོའི་ཟིན་བྲིས།འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་པ་དཔྱད་པ་རྣམས་ལ། 22
9 སྦྱོར་དྲུག་གི་རྫོགས་རིམ་གྱི་གནད་བསྡུས་རྗེའི་གསུང་བཞིན་རྒྱལ་སྟེང་པས་མཛད་པ་ལ། 21
10མཁས་པ་གཞོན་ནུ་བློ་ལྡན་གྱི་གཟུགས་ཀྱི་ཆུང་མཐའ་དང་དུས་ཀྱི་ཐུང་མཐའ་སོགས་ལས་བརྩམས་པའི་དྲི་ལན་ལ། 3
11དཔལ་མཆོག་གི་ཟིན་བྲིས་ལ། 19
12 ཀྱེ་རྡོར་རྒྱུད་ཀྱི་ཟིན་བྲིས་དང༌།དེ་ཉིད་ཀྱི་ཟིན་བྲིས་ལ། 7
13 རྗེ་བཙུན་བདག་མེད་མའི་དཀྱིལ་འཁོར་སྒྲུབ་ཐབས་ཟིན་བྲིས་ལ།5
14སངས་རྒྱས་ཐོད་པའི་འཇིགས་མེད་གཞུང་འགྲེལ་སོགས་ཀྱི་ཟིན་བྲིས་ལ། 7
15འཕོ་ཁྲིད་ཀྱི་རྩ་ཚིག་བརྟག་པ་བརྒྱད་པའི་རབ་བྱེད་གསུམ་པ་ལ། 3
16 དམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད་ལ། 28
17འཁོར་ལོ་ཆེན་པོའི་མངོན་རྟོགས་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ་ལ། 10
18 སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབས་ལ། 3
19 སྤྲིན་བྲལ་མན་ངག་རྟ་མགྲིན་ཤ་ན་བཞི་སྐོར་ལ། 3
20རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་ལ། 2
21 ལྷ་མོ་དབྱངས་ཅན་གྱི་སྒྲུབ་ཐབས་དང་དབྱངས་ཅན་མའི་སྒྲུབ་ཐབས་ལ། 4
22 སྨེ་བརྩེགས་ཀྱི་སྒྲུབ་ཐབས་ལ། 2
23སངས་རྒྱས་སོ་ལྔའི་སྐུ་མདོག་ཕྱག་མཚན་བསྟན་པ་གནས་བརྟན་བཟང་སྐྱོང་པས་བཀོད་པ་དང་རྗེ་སྐུའི་ཕྱག་ཚད་གཟུགས་བརྙན་ལེགས་པར་བལྟ་བའི་མེ་ལོང་ལ། 22
24དེ་ཉིད་བསྡུས་པའི་ཟིན་བྲིས་ལ། 3
25 རྡོ་རྗེ་དབྱིངས་ཀྱི་ས་ཆོག་གི་ཟིན་བྲིས་ལ། 3
26འཁོར་ལོ་བསྒྱུར་གྱི་བསྙེན་པའི་རིམ་པ་ལ། 12
27འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ་ལ། 3
28 རྗེ་རིན་པོ་ཆེས་འཇམ་དཔལ་གསང་ལྡན་གྱི་ཟིན་བྲིས་སུ་མཛད་པ་ལ། 4
29 བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཟབ་པ་ལ། 8
30ཡི་གེ་བཞི་པའི་སྲུང་བའི་མན་ངག་སོགས་ལ། 5
31 རྡོ་རྗེ་འཇིགས་བྱེད་སེར་པོའི་ཤིན་ཏུ་ཟབ་པའི་མན་ངག་ལ། 2
32 སྦྱོར་དྲུག་དམིགས་རིམ་ཟབ་མོ་ལ། 7
33 རྗེའི་གསུང་སྦྱོར་དྲུག་ཟིན་བྲིས་ལ། 5
དཀར་ཆག་ལ། 2
379ན་
1 རྗེ་བཙུན་འཇམ་དབྱངས་ཀྱི་གསུང་རྗེ་ཙོང་ཁ་པས་ཕྱག་བྲིས་སུ་མཛད་པ་ལ། 7
2གསང་འདུས་སྒྲུབ་ཐབས་ཀྱི་ལྷན་ཐབས་ལ། 15
3གསང་འདུས་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབས་ལ། 15
4གསང་འདུས་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབས་ལ། 12
5དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་འཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ་ལ། 7
6 སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་རྗེ་ལ་གསན་པ་ལ། 103
7དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ་ལ། 14
8འཇིགས་བྱེད་དག་སྦྱོར་ལ། 4
9 རྗེའི་གསུང་བཞིན་དུ་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ཟད་བཀོད་པ་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་མཛད་པ་ལ། 34
10དཔལ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ངན་སོང་ཐམས་ཅད་ཡོངས་སུ་སྤྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱུད་དོན་གསལ་བ་ལ། 63
11 བྱ་སྤྱོད་སྤྱིའི་ཆོ་གའི་རྣམ་གཞག་རིགས་གསུམ་ལ་སྦྱོར་ཚུལ་རྗེའི་ཕྱག་བཞེས་འདུལ་འཛིན་པས་ཡི་གེར་བཀོད་པ་ལ། 27
12འོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་ཡི་གེར་བཀོད་པ་ལ། 3
13 དུས་འཁོར་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་པུཎའི་མིང་ཅན་གྱིས་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ་ལ། 22
14གསང་འདུས་མན་ངག་ཡིག་ཆུང་སྐོར་དམས་ལ། 60
15 རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལ། 11
16 སྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་རྒྱལ་ཚབ་རྗེས་ཟིན་བྲིས་སུ་བཀོད་པ་ལ། 10
དཀར་ཆག་ལ། 2
380པ་
1ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་ལ། 481
དཀར་ཆག་ལ། 1
381ཕ་
1བྱང་ཆུབ་ལམ་གྱི་རིམ་པ་ཆུང་བ་ལ། 201
2 བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཀྱི་ས་བཅད་ལ། 14
3ཞི་ལྷག་གཉིས་ཀྱི་དཀའ་གནད་རྒྱལ་བའི་དགོངས་པ་བཞིན་བཤད་པ་ལ། 4
4 དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་ལ། 114
5 རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་ཙོང་ཁ་པ་ལ་གདམས་པ་ལས་ལྟ་བའི་གནད་འགག་མདོར་བསྡུས་ནས་རྗེ་རེད་མདའ་བར་ཤོག་དྲིལ་དུ་ཕུལ་བ་ལ། 6
6 རྗེ་ཙོང་ཁ་པ་ཆེན་པོས་བསླབ་བཏུས་རྒྱས་པར་གསུངས་དུས་བསྡུས་དོན་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་སུ་མཛད་པ་ལ། 19
7 རྒྱལ་ཚབ་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས་ལ། 44
8ཚད་མའི་བརྗེད་བྱང་ཆེན་མོ་ལ། 44
དཀར་ཆག་ལ། 2
382བ་
1དབུ་མ་རྩ་བའི་ཚིག་ལེའུར་བྱས་པའི་རྣམ་བཤད་རིག་པའི་རྒྱ་མཚོ་ལ། 282
2དཀའ་གནད་བརྒྱད་ཀྱི་ཟིན་བྲིས་རྗེའི་གསུང་བཞིན་བརྗེད་བྱང་དུ་བཀོད་པ་ལ། 16
3རིགས་པ་དྲུག་ཅུ་པའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ་ལ། 12
4 རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་ལ། 52
5དབུ་མ་ལྟ་བའི་ཁྲིད་ཡིག་ལ། 24
6 སྙན་ངག་སྒྲ་རྒྱན་ལ། 3
7 རྗེ་ཉིད་ཀྱིས་མཛད་པའི་དབུ་མ་རྒྱན་གྱི་བརྗེད་བྱང་ལ། 16
དཀར་ཆག་ལ། 1
383མ་
1དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལ། 267
2 རྒྱལ་ཚབ་ཆོས་རྗེས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་ལ། 11
3མངོན་སུམ་ལེའུའི་ཊིཀ་རྗེའི་གསུང་བཞིན་མཛད་པ་ལ། 93
4 སྤྱོད་འཇུག་ཤེས་རབ་ལེའུའི་ཊིཀའི་ཟིན་བྲིས་ལ། 32
དཀར་ཆག་ལ། 1
384ཙ་
1ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པ་རྒྱ་ཆེར་བཤད་པའི་ལེགས་བཤད་གསེར་གྱི་ཕྲེང་བ་སྐབས་དང་པོ་ནས་གསུམ་པའི་བར་ལ། 405
དཀར་ཆག་ལ། 1
385ཚ་
1ལེགས་བཤད་གསེར་ཕྲེང་སྐབས་བཞི་པ་མན་ལ། 267
2བཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་གཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས་ལ། 42
3ཡིད་དང་ཀུན་གཞིའི་དཀའ་གནད་རྒྱ་ཆེར་འགྲེལ་བ་ལེགས་བཤད་རྒྱ་མཚོ་ལ། 57
4གཞི་ནས་འབྱུང་བའི་བསླབ་ཡ་ཟིན་བྲིས་ལ། 8
5 སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལ། 23
6བསམ་གཏན་གཟུགས་མེད་ཀྱི་བསྟན་བཅོས་ལ། 10
7དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད་རྗེ་ཡབ་སྲས་ཀྱི་དགོངས་པ་བཞིན་མཁས་གྲུབ་རིན་པོ་ཆེས་ཟིན་བྲིས་སུ་མཛད་པ་ལ། 7
8དབུ་མའི་ལྟ་ཁྲིད་བསྡུས་པ་ལ། 6
9དགེ་འདུན་ཉི་ཤུ་བསྡུས་པ་རྗེས་གནང་བ་དང༌།བཞུགས་གནས་སྐྱེས་བུ་ཆེན་པོའི་དཀའ་གནད་ལ། 7
དཀར་ཆག་ལ། 2
 
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
 
 
༄༅། །རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་མདོ་སྨད་ཙོང་ཁ་ཡུལ་གྱི་གདུང་རུས་མལ་གྱི་རྒྱུད།ཡབ་དར་ར་ཁ་ཕྱེ་ཀླུ་འབུམ་དགེ་དང༌།ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ་1357ལོར་འཁྲུངས།དགོངས་ལོ་གསུམ་ཐོག་ཀརྨ་པ་རོལ་པའི་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་པོ་གསོལ།དགེ་རྒྱན་ཡོན་ཏན་རྒྱ་མཚོ་ནས་ཀློག་བསླབ།ཆོས་རྗེ་དོན་གྲུབ་རིན་ཆེན་པས་དགུང་ལོ་གསུམ་ནས་གཅེས་པར་བཟུང་ནས་དཀྱིལ་འཁོར་གྱི་དབང་སྩལ།དགུང་ལོ་བདུན་ཐོག་ཆོས་རྗེ་དེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་གྲགས་པའི་དཔལ་ཞེས་གསོལ།དགུང་ལོ་བཅོ་ལྔ་བར་མདོ་སྡེ་རྒྱན་སོགས་ཐུགས་སུ་ཆུད།དགུང་ལོ་བཅུ་བདུན་ཐོག་དབུས་སུ་བྱོན་ཏེ་འབྲི་གུང་རྒྱུད་ཚལ་གུང་ཐང་དུ་ཕེབས་རྗེས་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་སྨན་དཔྱད་ཡན་ལག་བརྒྱད་པའི་གཞུང་ལ་སྤྱངས་པ་མཛད།
དགུང་ལོ་བཅུ་དགུའི་སྐབས་གསང་ཕུའི་གླིང་སྟོད་ཆོས་གྲྭར་བཞུགས་ནས་ཕར་ཕྱིན་གྱི་གྲྭ་སྐོར་མཛད།དགུང་ལོ་ཉི་ཤུ་རྩ་གཅིག་ཐོག་གཙང་ཕྱོགས་སུ་ཕེབས་ནས་མྱང་དབོན་ཀུན་དགའ་དཔལ་བཟང་དང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས།རྗེ་བཙུན་ཆོས་ཀྱི་དཔལ་བ།ས་སྐྱ་བསོད་ནམས་རྒྱལ་མཚན།སྣར་ཐང་ལོ་ཙྰ་བ་དོན་བཟང་སོགས་མཁས་གྲུབ་དུ་མ་ནས་གཞུང་དབུ་ཕར་འདུལ་མངོན་ཚན་མ་སོགས་དཔྱིད་ཕྱིན་གསན་སྤྱོང་མཛད་པས་མཁས་པའི་གྲགས་པ་ཐོབ།བོ་དོང་དང༌།གནས་རྙིང་སོགས་ལ་གྲྭ་སྐོར་མཛད།དགུང་ལོ་ཉེར་ལྔའི་ཐོག་བླ་མ་དབུ་མ་པ་དང་ལྷན་དུ་དབུས་སུ་ཕེབས་ནས་དགའ་གདོང་དང་སྐྱོར་མོ་ལུང་སོགས་སུ་འཆད་ཉན་སྒོམ་སྒྲུབ་མཛད་ཐོག་ཕར་ཕྱིན་གྱི་ཊིཀ་མཛད།
དགུང་ལོ་ཉི་ཤུ་རྩེ་བདུན་ཐོག་ཡར་ལུང་དུ་ཕེབས།མཁན་ཆེན་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།རྩེད་ཐང་གི་ཆོས་གྲྭར་བཞུགས་ཏེ་དཀའ་ཆེན་བཞིའི་གྲྭ་སྐོར་མཛད།སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་དྲུང་དུ་ཆོས་བཀའ་གསན་ནས་ལྷོ་བྲག་ཏུ་བཞུགས།དགུང་ལོ་ཉེར་དགུ་ལོར་རྗེ་སར་ཕེབས།ཚལ་གུང་ཐང་དུ་བཀའ་འགྱུར་ཞིབ་གཟིགས་མཛད།དེ་ནས་སྐྱོར་ལུང་དང༌།སྟོད་ལུང་མཚོ་སྨད།ངང་དཀར་སོགས་སུ་དུས་འཁོར་ཐུགས་སྤྱོང་མཛད་དེ་བློ་གསལ་མང་པོར་སྡེ་སྣོད་མང་དུ་གསུངས།དགུང་ལོ་སོ་དྲུག་ཐོག་སྐུ་འཁོར་དང་བཅས་བྱ་བྲལ་དུ་འོལ་དགའ་ཆོས་ལུང་དུ་ཕེབས་ནས་བསགས་སྤྱངས་དཀའ་བའི་བརྩོན་པ་དྲག་པོ་གཙོ་བོ་མཛད།རྫིང་ཕྱི་བྱམས་པའི་སྐུ་བརྙན་སོགས་ཞིག་གསོ་མཛད།དྭགས་པོ་རྒྱ་སོག རྗེ་སྡིངས་བཅས་སུ་ཡུན་རིང་བཞུགས།
དགུང་ལོ་སུམ་ཅུ་སོ་དགུ་ལ་རྗེ་ཉིད་ལྷོ་བྲག་གྲུབ་ཆེན་གྱི་བཀའ་བཞིན་ལྷོ་བྲག་ཏུ་ཕེབས་ཏེ་མཁན་ཆེན་ཕྱག་རྡོར་བ་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་ལམ་རིམ་ཟབ་ཁྲིད་སོགས་གསན།དེའི་ལོར་གཉལ་སྨད་གསལ་རྗེ་དང༌།གཉལ་སྟོད་རབ་གྲོང་དུ་དཀའ་བཅུའི་དགྲྭ་སྐོར་མཛད།མཁན་ཆེན་ཆོས་སྐྱབས་བཟང་པོའི་དྲུང་ནས་ཆོས་གསན།རྗེའི་སྐུ་འཁོར་དམས་ཙ་རིར་ཕེབས།གཉལ་སྟོད་སྨད་དུ་བསྟན་པ་ཇེ་རྒྱས་སུ་སྤེལ་བར་མཛད།དགུང་ལོ་ཞེ་བཞིར་རྗེར་སར་བྱོན་ནས་དགའ་གདོང་དུ་སྣོད་ལྡན་རྒྱ་མཚོ་ལྟ་བུར་ཆོས་གསུངས།དགུང་ལོ་ཞེ་དྲུག་ཐོར་ར་སྒྲང་དུ་ཕེབས་ནས་བྱང་ཆུབ་ལམ་རིམ་ཆེན་མོ་མཛད།
དགུང་ལོ་ཞེ་བརྒྱད་ཐོག་རྗེ་སར་ཕེབས།དགོན་གསར་དུ་བཞུགས་ནས་སྡེ་སྣོད་འཛིན་པ་དུ་མར་རྣམ་འགྲེལ་སོགས་ཀྱི་ལུང་གནང༌།དགུང་ལོ་ཞེ་དགུར་བདེ་ཆེན་གསང་སྔགས་མཁར་ཟླ་ཤས་བཞུགས་ནས་འོལ་དགའ་བྱམས་གླིང་དུ་ཕེབས་ཏེ་དོན་གཉེར་ཅན་མང་པོར་ལམ་རིམ་གྱི་ཆོས་གསུངས།སློབ་དཔོན་ཀླུ་བྱང་གི་རྣམ་གཞག་གི་ཊིཀ་དང༌།སྔགས་རིམ་ཆེན་མོ་བརྩམས་པར་མཛད།སྟག་ཚང་ལོ་ཙྰ་བས་བསྔགས་བརྗོད་མཛད།དགུང་ལོ་ང་གཅིག་ཐོག་རྗེ་སར་ཕེབས།སེར་ར་ཆོས་སྡིངས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་མཇལ།དགུང་ལོ་ལྔ་གསུམ་ཐོག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་གཏོད།འཔྲོག་རི་བོ་དགའ་ལྡན་ཕྱག་བཏབ།
དགུང་ལོ་ང་བཞི་ནས་ལོ་གསུམ་རིང་སྐུ་བགེགས་བཟློག་ཆེད་སྐུ་འཁོར་དང་བཅས་སྐུ་མཚམས་རྣམ་པར་བཞུགས།དགུང་ལོ་ང་བདུན་ཐོག་སྐུ་ཁམས་བསྙུན་ཚུལ་གྱིས་སྒྲུབ་གྲོགས་དང་མཉམ་དུ་སྐུ་མཚམས་སུ་བཞུགས།དགུང་ལོ་ང་བརྒྱད་སྐབས་དབྱར་གནས་སུ་ཕེབས།དེའི་ལོར་འོན་བཀྲ་ཤིས་རྡོ་ཁར་གདན་འདྲེན་ལྟར་ཕེབས།སྡེ་སྣོད་འཛིན་པ་མང་པོར་ལམ་རིམ་དང་དབུ་ཚད་སོགས་ཟབ་རྒྱས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།རྗེ་ཉིད་ཀྱི་དབུ་སྐྲ་ཉིན་གཅིག་ལ་ལན་བདུན་བསིལ་བའི་སྐུ་བརྙན་བྱིན་ཅན་དེ་དུས་བྱུང་བ་ཡིན།དགུང་ལོ་ང་དགུ་ལོར་དགའ་ལྡན་ཡངས་པ་ཅན་རྨང་བཏིངས།འགྲེལ་བ་བཞི་སྦྲགས་མཛད།
དགུང་ལོ་རེ་གཅིག་ཐོག་དགའ་ལྡན་ཡངས་པ་ཅན་རྟེན་དང་བརྟེན་པར་བཅས་པ་གྲུབ་པའི་རབ་གནས་མཛད།ཆོ་འཕྲུལ་སྨོན་ལམ་དང༌།དགའ་ལྡན་སྒྲུབ་མཆོད་ཆེན་མོ།གཉལ་གྱི་ལུང་ར་ཆེན་མོ།རྫིང་ཕྱིའི་ཞིག་གསོས་ཆེན་མོ་སྟེ་མཛད་ཆེན་བཞིར་གྲགས།དགུང་ལོ་རེ་གསུམ་པ་སྟེ་ས་ཕག 1419ལོ་ལ་ཞི་བར་གཤེགས།འདིར་གསུང་འབུམ་པོད་བཅོ་བརྒྱད་བཞུགས།
ཞྭ་སེར་བསྟན་པའི་སྒྲོན་མེ་རྗེ་ཙོང་ཁ་པ་ཆེན་པོས་གཙོས་སྐྱེས་ཆེན་དམ་པ་རིམ་བྱུང་གི་གསུང་འབུམ་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་ལས་བཤུས།
  གསལ་འདེབས། 
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
   རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
  
བརྒྱུད་འགོད།