རྒྱལ་བ་འཇམ་དཔལ་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   གསུང་འབུམ་དཀར་ཆག་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་།     སྤེལ་དུས།  2016-01-21 20:37:06     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།     ཀློག་ཐེངས།  

 照片 093.JPG 

པར་པོད།ཤོག་གྲངས།
464ཀ་
བླ་མའི་རྣལ་འབྱོརགྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་དབྱར་སྐྱེས་སྤྲིན་གྱི་སྒྲ་དབྱངས་ལ། 15
ཁ།འཇམ་ལུགས་རྗེལྔའི་ཚ་དབང་བྱཚུལ་འཆི་མེད་བདུད་རྩིའི་བུམ་བཟང་ལ། 8
ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་བདུད་རྩི་འབྱུང་བ་ལ། 8
ང་།  མཁའ་འགྲོ་མ་སྒྱུ་མ་ཆེན་མོ་རྗེལྔའི་དཀྱིལ་ཆོག་བདེ་ཆེན་འཇུག་ངོགས་ལ། 40
ཅ།དཔལ་མ་་མ་ཡ་རྗེལྔའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རྒྱ་མཚའི་ཕྲ་ཚམ་ལ། 15
ཆ།བཅོམ་ལྡན་འདས་མ་་མ་ཡའི་ཚགས་མཆོད་བདེ་ཆེན་ཕུན་ཚགས་ལ། 4
ཇ།པཎ་ཆེན་ཐམས་ཅད་མཁྱེན་གཟིགས་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་གདུང་སྙིང་པོར་བཞུགས་པའི་མཆོད་སྡོང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ལ། 39
ཉ།སྐྱབས་མགོན་རྒྱལ་དབང་འཇམ་དཔལ་རྒྱ་མཚ་ཉིད་ཀྱི་ཞབས་བརྟན་སྨོན་ཚག་དང་རྗེས་འཛན་གསོལ་འདེབས་སོགས་ཀྱི་རིམ་པ་ལ། 18
ཏ།ཁལ་ཁ་རྗེ་བཙུན་དམ་པ་ནས་ཉམས་བཞེས་སྐོར་འགའ་ཞིག་ལ་བཀའ་འདྲི་མཛད་པའི་དྲིས་ལན་ལ། 15
ཐ།རིས་མེད་བསྟན་འཛན་དུ་མའི་ཞབས་བརྟན་དང་ཡང་སྲིད་མྱུར་གསལ་གསོལ་འདེབས་སོགས་ཕྱོགས་གཅིག་ཏུ་བསྡེབས་པ་དགེ་མཚན་ཉིན་བྱེད་འོད་སྣང་ལ། 45
ད།སྨོན་ཚག་དང་སྙན་ཤལ་འདོད་གསོལ་སོགས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་ཆེན་བུམ་བཟང་ལ། 34
ན།སེར་སྨད་ཐོས་བསམ་ནོར་བུའི་གླིང་གི་བཅའ་ཡིག་ཐར་ལམ་གསལ་བྱེད་ལ། 12
པ།ཉེར་མཁོ་ཐོར་བུའི་གྲས།ཁལ་ཁ་རྗེ་བཙུན་དམ་པ་དང༌།རྒྱལ་བ་འཇམ་དཔལ་གྱི་གསུང་བླ་མའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་དང་སྤྱན་རས་གཟིགས་ཕྱག་བཞི་པ།རིགས་གསུམ་མགོན་པོ།རྟ་མགྲིན་སོགས་ཀྱི་སྒྲུབ་ཐབས་ལམ་རིམ་གྱི་བླ་བརྒྱུད།སྲུང་མའི་འཕྲིན་བཅོལ།བསྔོ་སྨོན།བསངས་མཆོད་བཅས་ལ། 25
དཀར་ཆག་ལ། 3
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
71
༄༅། །རྒྱལ་བ་འཇམ་དཔལ་རྒྱ་མཚ་ནི་གཙང་ཐོབ་རྒྱལ་དུ་ཡབ་བསོད་ནམས་དར་རྒྱས་དང༌།ཡུམ་ཕུན་ཚགས་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་སྟག་སྟེ་སྤྱི་ལོ་1758ལོ་ལ་སྐུ་འཁྲུངས།སྐུཆུང་ངུའི་སྐབས་རྒྱལ་ཚབ་དེ་མོའི་སྐུ་ཚབ་དང༌།གདན་ས་གསུམ་གྱི་སྐུ་ཚབ་པཎ་ཆེན་དཔལ་ལྡན་ཡེ་ཤེས་བཅས་ནས་ངོས་འཛན་མཛད།
གུང་ལོ་གསུམ་གྱི་ཐོག་བཀྲས་ལྷུན་ཏུ་གདན་འདྲེན་གྱིས་པཎ་ཆེན་རིན་པོ་ཆེ་ནས་བྱད་འགྲོལ་གནང༌།དགུང་ལོ་བཞི་ལ་ཕེབས་སྐབས་པཎ་ཆེན་མཆོག་ནས་རྟེན་གཞི་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ།མཚན་ལ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚ་དཔལ་བཟང་པོ་ཞེས་གསོལ།
དེའི་ལོར་གཙང་ནས་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་པོ་་ལའི་གསེར་ཁྲིར་མངའ་གསོལ།པཎ་ཆེན་མཆོག་ནས་འཇིགས་བྱེད་རྗེ་བཅུ་གསུམ་དང༌།དཔའ་གཅིག་སོ་སོའི་དབང་ཆེན་གྱི་སྟ་གོན།མགོན་པོ་བར་ཆད་ཀུན་སེལ།འཇམ་དཀར་ཚརྟཟུང་འབྲེལ་སོགས་བཀའ་ཆོས་ཟབ་ཁྱད་ཅན་འབུལ་བར་མཛད།ཡོངས་འཛན་ཕུར་ལྕོག་ངག་དབང་བྱམས་པ་དང༌།བྱང་རྩེ་ཆོས་རྗེ་ངག་དབང་ཆོས་གྲྭགས་གསར་བསྐོ་གནང༌།དགུང་ལོ་བརྒྱད་པའི་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མ་དག་བཞེས།
སྡུས་ར་ནས་བརྩོམ་སྟེ་གཞུང་ཆེན་ལ་གསན་བསམ་མཛད།སྐུའི་ན་ཚད་ཆེས་ཕྲ་ཡང་རྒྱ་བོད་ཀྱི་སྐྱེ་བོ་ཁྲི་ཕྲག་ཚགས་པའི་དབུས་སུ་ཟབ་ལམ་བླ་མའི་རྣལ་འབྱོར་སོགས་ཀྱི་བཤད་ལུང་སྩལ།
གུང་ལོ་བཅུ་གསུམ་ཐོག་པཎ་ཆེན་མཆོག་རྩེ་ཕོ་བྲང་དུ་མཇལ་འཛམས་ཀྱི་ཉིན་ལྔའི་རིང་འཇམ་དབྱངས་ཆོས་སྐོར་གསན།དགུང་ལོ་བཅུ་བཞིའི་ཐོག་སྙན་ངག་གསན་སྦྱོང་དང༌།མཚན་ཉིད་ཀྱི་བརྩི་བཞག་གསན་ནས་རྩོད་གྲྭ་གནང་བཞིན་དགོངས་པའི་ཀློང་མངོན་དུགྱུར།དེ་མོ་རྒྱལ་ཚབ་ལ་རྒྱལ་དབང་མཆོག་ནས་བཀའ་མངགས་མཛད་དོན་བསམ་ཡས་གཙུག་ལག་ཁང་ཞིག་གསོ་གསར་སྐྲུན་དང༌།མཆོད་རྫས།དཀར་མེ་སོགས་ཉམས་པ་སོར་ཆུད་ཕྱག་བཞེས་བསྟར།དགུང་ལོ་བཅུ་བདུན་ཐོག་ཡོངས་འཛན་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་བྱང་ཆུབ་ལམ་རིམ་གྱི་རྣམ་བཤད་གསན།
གུང་ལོ་ཉི་ཤུའི་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་མདུན་ནས་བསྙེན་རྫོགས་དགེ་སློང་གི་སྡོམ་པ་མ་དག་བཞེས་ཐོག་ཁྱུང་ནག་གི་རྗེས་གནང་སོགས་ཆོས་བཀའ་མང་པོ་གསན།དགུང་ལོ་ཉི་ཤུརྩ་གཅིག་ཐོག་དགའ་ལྡན་དུ་ཆིབས་བསྐྱོད་ཀྱིས་འདུས་ཚགས་དབུས་སུ་ལེགས་བཤད་དྲང་ངེས་མ་འབྱེད་ཀྱི་དཀའ་བའི་གནད་ལ་བགྲོ་གླེང་ཡུན་རིང་མཛད།དེ་ནས་ཆོས་འཁོར་རྒྱལ་དང༌།འོལ་དགའ།ཁྲ་འབྲུག་བསམ་ཡས།གོང་དཀར་སོགས་སུ་གནས་གཟིགས་ཀྱི་ས་གནས་སོ་སོའི་གདུལ་བྱམས་ནས་ཞལ་མཇལ་གསུང་ཐོས་ཀྱིས་སྨིན་པར་མཛད།
གུང་ལོ་ཉི་ཤུརྩ་གཉིས་ཐོག་ཚགས་མཆོད་ཆེན་མོའི་སེར་སྦྲེང་གི་ན་བཟའ།མཆོད་རྫས་ལོ་རྒྱུན་མང་སོང་གི་བགྲེས་ཟད་ཆེ་བས་རྒྱལ་ཚབ་དེ་མོ་ནོ་མོན་ཧན་ལ་གསར་བཟོའི་བཀའ་འདོམས་གནང༌།པཎ་ཆེན་མཆོག་རྒྱ་ཕེབས་མཛད་རྒྱུར་ཡངས་ཅན་དུ་མཇལ་ཞུར་ཕེབས་ནས་བཀའ་གདམས་བུ་ཆོས་ཀྱི་ལྗགསལུང་གསན།ར་སྒྲེང་དུ་གནས་གཟིགས་སུ་ཕེབས་ནས་ཆོས་རའི་བཞུགས་ཁྲིར་ཞབས་འཁོད་ཀྱི་འདུས་ཚགས་སུ་ཆོས་འབྲེལ་སྩལ།དགུང་ལོ་ཉི་ཤུརྩོ་གསུམ་ཐོག་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས།ཚགས་མཆོད་ཀྱི་མཆོད་རྫས་གསར་བཟོ་ཟིན་པར་རབ་གནས་མཛད།
གུང་ལོ་ཉི་ཤུརྩ་ལྔའི་ཐོག་དགུང་སྐེག་འཁེལ་བས་རྒྱཁྱབ་ཁག་གི་རྫོང་གཞིས་སུ་ནག་ཅན་དོང་བཅུག་དང༌།མཐའ་འབུད་གཏོང་བའི་ཉེས་ཅན་མཐའ ་དག་མི་འཇིགས་སྲོག་གི་སྦྱིན་པསྩལ།དགུང་ལོ་ཉི་ཤུརྩེ་བདུན་ལ་བཀྲས་ལྷུན་དུསྤྱན་འདྲེན་གྱིས་པཎ་ཆེན་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་རིན་པོ་ཆེ་མངའ་གསོལ་དང༌།དགེ་བསྙེན་གྱི་སྡོམ་པ་བཞེས།
གུང་ལོ་ཉི་ཤུརྩ་བརྒྱད་ཐོག་བལ་བོད་སྡེ་གཟར་ཆིངས་དོན་ལ་བཀའ་བློན་གཡུ་ཐོག་གཏོང་གནང་མཛད་པའི་འབྱོར་མཇལ་འཚམས་འདྲི་གནང༌།པཎ་ཆེན་མཆོག་སྤྲུལ་ལ་རབ་བྱུང་གི་སྡོམ་པ་སྩལ།
གུང་ལོ་སུམ་ཅུ་སོ་གཉིས་ཐོག་གྲིབ་ཚ་མཆོག་གླིང་ཕྱག་འདེབས་པར་སྐྱབས་མགོན་གང་གི་ལྗགས་བཀོད་ལྟར་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ།དགུང་ལོ་སུམ་ཅུ་སོ་བཞིའི་ཐོག་ས་སྐྱཁྲི་ཆེན་རིན་པོ་ཆེ་ནས་གོང་ས་ཆེན་པོ་སྨོན་ལམ་ཆེན་མོའི་ཚགས་མགོན་དུསྤྱན་འདྲེན་གྱིས་བརྟན་བཞུགས་འབུལ་བར་མཛད།འཕགས་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒོ་ནས་བོད་འབངས་སེར་སྐྱ་ཡོངས་ལ་དབང་ཆེན་བཀའ་དྲིན་སྩལ།
གུང་ལོ་སུམ་ཅུ་སོ་དྲུག་ཐོག་ཡོངས་འཛན་ཡེ་ཤེས་རྒྱལ་མཚན་དགུང་ལོ་མཐོ་བས་རེ་ཞིག་དགོངས་ཞུ་མཛད།དགུང་ལོ་སུམ་ཅུ་སོ་བདུན་ཐོག་གོར་བོད་སྡེ་གཟར་སྐབས་སྐྱིད་གྲོང་འཕགས་པ་རིན་པོ་ཆེ་འདི་ག་ཕོ་བྲང་དུ་གདན་འདྲེན་མཛད་པ་ད་ཆ་བདེ་ཞོད་འཇགས་པས་ས་མཚམས་ཀྱི་རྟེན་སྐལ་སྐྱིད་གྲོང་དུསྩལ་བའི་སྐུ་ཚབ་གསར་བཞེངས་མཛད།
གུང་ལོ་སུམ་ཅུ་སོ་དགུའི་ལོར་རྩེ་ཕོ་བྲང་དུ་བཞུགས་པའི་སྐུ་འདྲ་ཆེ་ཆུང་བཞི་སྟོང་ལ་ཉེ་བར་དོ་དམ་བསྐོ་སྩལ་གྱིས་ཞལ་གསེར་སྤྱན་འབྱེད་ཀྱི་སྲི་ཞུ་མཛད།
གུང་ལོ་བཞི་ཅུ་ཞེ་གཉིས་ཐོག་མཆོད་དཔོན་ལྡུམ་ར་ཁང་གསར་ཡེ་ཤེས་འབྱུང་གནས་ནས་སྨོན་ལམ་ཆེན་མོའི་ཚགས་དབུས་སུསྤྱན་དྲངས།ཀུན་གཟིགས་ལྔ་པ་ཆེན་པོའི་སྐུ་བརྙན་ང་འདྲ་གསར་བསྐྲུན་གྱིས་རབ་གནས་མཛད།ཡོངས་འཛན་ཡེ་ཤེས་རྒྱལ་མཚན་གྱི་མཆོག་སྤྲུལ་ངོས་འཛན་མཛད།
གུང་ལོ་ཞེ་གསུམ་ཐོག་པཎ་ཆེན་བསྟན་པའི་ཉི་མའི་བསྙེན་རྫོགས་ཀྱི་སྡོམ་པ་སྩལ།དགའ་ལྡན་འཁྱིལ་པ་ཞེས་ད་ལྟའི་བྱམས་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད།ཐོག་མཐའ་བར་གསུམ་དུ་དགེ་བའི་བཤེས་གཉེན་ཡོངས་འཛན་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌།ཕུར་ལྕོག་ངག་དབང་བྱམས་པ།བྱང་རྩེ་ངག་དབང་ཆོས་གྲྭགས།ཡོངས་འཛན་ཡེ་ཤེས་རྒྱལ་མཚན་སོགས་གུས་སྦྱོརགྱིས་ཚུལ་བཞིན་བསྟེན་མཁས་ཀྱི་ཐུགས་རུས་ཆེན་པོས་གསན་བསམ་མཐར་ཕྱིན་མཛད།བསྟན་པའི་བྱ་བ་རླབས་ཆེན་གྱིས་རིས་མེད་སྡེ་དང༌།གདུལ་བྱམས་དགེ་བའི་ལམ་ཡངས་པོར་བཀོད།ཡོངས་འཛན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་བརྩམས།
གུང་ལོ་ཞེ་བདུན་ཏེ་ཤིང་བྱི་སྤྱི་ལོ་1804ལོར་སྐུ་གཤེགས་སོ། །གསུང་འབུམ་པོད་གཅིག་བཞུགས།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།