རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   གསུང་འབུམ་དཀར་ཆག་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་།     སྤེལ་དུས།  2016-01-16 20:27:51     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན།    ཀློག་ཐེངས།  

                                                               u=348595099,1132914004&fm=21&gp=0.jpg

456ཀ་
1མཁས་གྲུབ་ཆེན་པོ་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་རྒྱལ་དབང་མཆོག་གི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་
མའི་སྟོད་ཆ་ལ། 424
དཀར་ཆག་ལ། 1
457ཁ་
1 རྒྱལ་དབང་མཆོག་གི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་སྨའི་སྨད་ཆ་ལ། 186
2དགའ་ལྡན་རྗེ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་ལ།17
3 རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལ། 9
60
4འཇིགས་བྱེད་བཅུ་གསུམ་མའི་དབང་གི་བརྒྱུད་འདེབས་དང༌།བསྐྱེད་རྫོགས་དམར་ཁྲིད་ཀྱི་བརྒྱུད་འདེབས་བཅས་ལ།
4
5འཇིགས་བྱེད་ཀྱི་དབང་བཤད་ཆེན་མོར། 111
6དེའི་བསྐྱེད་རིམ་གྱི་ཁྲིད་ཡིག་ལ། 57
7དེའི་ཚོགས་མཆོད་ལ། 3
8འཇིགས་བྱེད་དཔའ་བོ་གཅིག་པའི་དཀྱིལ་ཆོག་ལ། 38
དཀར་ཆག་ལ། 1
458ག་
1དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་དོན་དེ་ཉིད་རབ་གསལ་གྱི་རྣམ་པར་བཤད་པ་དབང་དོན་དེ་ཉིད་ཡང་གསལ་སྣང་བ་རྡོ་རྗེ་སེམས་དཔའི་ཞལ་ལུང་ལ། 426
དཀར་ཆག་ལ། 1
459ང་
1 བླ་མའི་རྣལ་འབྱོར་གྱི་རིམ་པ་མང་པོ་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་བདུད་རྩིའི་ཆར་འབེབས་ལས་ཐུགས་རྗེ་ཆེན་པོ་ལ་བརྟེན་པ་ལ། 5
2 སྤྱན་རས་གཟིགས་དང་སྒྲོལ་མ་ལ་བརྟེན་པ་ལ། 2
3 སྤྱན་རས་གཟིགས་ཕྱག་བཞི་པ་ལ་བརྟེན་པ་ལ། 1
4རིགས་གསུམ་མགོན་པོ་དང་རྗེ་རིན་པོ་ཆེ་དབྱེར་མེད་ཀྱི་རྣལ་འབྱོར་ལ། 5
5 རྗེ་རིན་པོ་ཆེ་ལ་བརྟེན་པ་ལ། 1
6 རྒྱལ་བ་ཉིད་ལ་བརྟེན་པ་ལ། 5
7 བླ་མ་མཆོད་པའི་ཆོ་ག་ལ། 3
8 རྒྱལ་བ་ཉིད་ལ་བརྟེན་པ་ལ། 6
9 སྒྲོལ་ལྠང་ལ་བརྟེན་པ་ལ། 3
10 སྤྱན་རས་གཟིགས་ལ་བརྟེན་པ་ལ། 2
11 རྡོར་སེམས་ལ་བརྟེན་པ་ལ། 2
12 སྤྱན་རས་གཟིགས་ཕྱག་བཞི་པར་བརྟེན་པ་ལ། 3
61
13ཛ་ཡ་པཎ་ཊི་ཏར་བརྟེན་པའི་སེམས་དཔའ་གསུམ་བརྩེགས་ལ། 1
14 རྗེ་མི་ལར་བརྟེན་པའི་ཐུན་དྲུག་གི་ཉམས་ལེན་དང་འབྲེལ་བ་ལ། 7
15 རྒྱལ་བ་ཉིད་ལ་བརྟེན་པ་ལ། 1
16 སྤྱན་རས་གཟིགས་ཕྱག་བཞི་པར་བརྟེན་པ་ལ། 4
17མཁར་རྡོ་བླ་མ་ལ་བརྟེན་པ་ལ། 1
18 རྗེ་རིན་པོ་ཆེ་དང་རྒྱལ་བ་ཉིད་དབྱེར་མེད་ཀྱི་རྣལ་འབྱོར་ལ། 1
19 རྒྱལ་བ་ཉིད་ལ་བརྟེན་པ་ལ། 1
20དམིགས་བརྩེ་མ་ལ་བརྟེན་པ་ལ། 9
21 རྒྱལ་བ་ཉིད་ལ་བརྟེན་པ་ལ། 1
22 རྗེ་རིན་པོ་ཆེ་དང་རྒྱལ་བ་ཉིད་དབྱེར་མེད་ཀྱི་རྣལ་འབྱོར་ལ། 3
23རྒྱལ་བ་ཉིད་ལ་བརྟེན་པའི་སེམས་དཔའ་གསུམ་བརྩེགས་ཀྱི་རྣལ་འབྱོར་ལ། 4
24དེ་བཞིན་གཤེགས་པ་དཔལ་བརྩེགས་རྒྱལ་པོ་ལ་བརྟེན་པ་ལ། 3
25 རྒྱལ་བ་ཉིད་ལ་བརྟེན་པ་ལ། 2
26འཇམ་དབྱངས་ལ་བརྟེན་པ་ལ། 2
27ཚེ་དཔག་མེད་ལ་བརྟེན་པ་ལ། 3
28 རྡོ་རྗེ་འཇིགས་བྱེད་ལ་བརྟེན་པ་ལ། 3
29དབང་རྗེས་གནང་སོགས་ཀྱི་སྔོན་འགྲོའི་ཆོས་བཤད་བྱ་ཚུལ་ལ། 18
30 དྲིལ་བུ་ལུགས་བདེ་མཆོག་དབང་གི་བརྒྱུད་འདེབས་དང༌།སྨོན་ཤིས་ལྰུ་ཨི་པ་དང་མི་ཏྲ་ནས་བརྒྱུད་པའི་བདེ་མཆོག་དབང་གི་བརྒྱུད་འདེབས་བཅས་ལ། 8
31 དྲིལ་བུ་ལུགས་བདེ་མཆོག་རྗེ་ལྔའི་སྒྲུབ་ཐབས་ལ། 34
32 ལྰུ་ཨི་པའི་བདེ་མཆོག་ཚོགས་མཆོད་ལ། 17
33དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་ལ། 3
34དེའི་དབང་མཆོག་གོང་མ་གསུམ་བསྐུར་ཚུལ་ལ། 45
35དེའི་སྐུ་གསུངས་ཐུགས་ཡོངས་སུ་རྫོགས་པའི་སྒྲུབ་ཐབས་ལ།77
36དེའི་ཐུགས་དཀྱིལ་གྱི་སྒྲུབ་ཐབས་ལ། 58
37དེའི་ཚོགས་མཆོད་ལ། 9
38 སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ལ། 14
62
39 རྒྱུད་སྡེ་ནས་གསུངས་པའི་རྗེ་ཚོགས་དུ་མའི་སྒྲུབ་ཐབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ཕན་བདེའི་འདོད་དགུ་སྟེར་བ་ཡོངས་འདུའི་འཁྲི་ཤིང་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ལ། 5
40 རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་ལ། 2
41 སྤྱན་རས་གཟིགས་ཕྱག་བཞི་པའི་སྒྲུབ་ཐབས་ལ། 1
32འཇིགས་བྱེད་དཔའ་གཅིག་གི་སྒྲུབ་ཐབས་ལ། 11
43ཚེ་སྒྲུབ་ལ། 2
44བདེ་མཆོག་གི་བསྲུང་འཁོར་རྒྱས་པ་བསྒོམ་ཚུལ་ལ། 5
45འཇམ་དབྱངས་ལ་བརྟེན་པའི་རིལ་སྒྲུབ་ལ། 6
46གདུགས་དཀར་གྱི་སྒྲུབ་ཐབས་ལ། 2
47ཚེ་དཔག་མེད་ལ་བརྟེན་ནས་བརྟན་བཞུགས་འབུལ་ཚུལ་ལ། 7
48འཁོར་ལོ་སྡོམ་པ་ཞལ་གཅིག་ཕྱག་གཉིས་པ་རྗེ་ལྔའི་སྒྲུབ་ཐབས་ལ། 9
49ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ལ། 3
50 སྒྲོལ་ལྠང་གི་སྒྲུབ་ཐབས་ལ། 1
51 རྡོ་རྗེ་སེམས་དཔའི་བསྒོམ་བཟླ་ས་ལ། 1
52སེང་གདོང་མའི་སྒྲུབ་ཐབས་དང་བཟློག་པ་བྱ་ཚུལ་ལ། 4
53འཕགས་པ་འཇིག་རྟེན་དབང་ཕྱུག་རྗེ་དགུའི་སྒྲུབ་ཐབས་ལ། 4
54 སྤྱན་མ་ལ་བརྟེན་པའི་བུམ་སྒྲུབ་ལ། 3
55 ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ལ། 2
56 ཐུགས་རྗེ་ཆེན་པོའི་མཆོད་ཕྲེང་ལ། 3
དཀར་ཆག་ལ། 1
460ཅ་
1 རྡོར་སེམས་རྗེ་བཅུ་བདུན་མའི་དབང་གི་བརྒྱུད་འདེབས་དང་སྨོན་ཤིས་བཅས་ལ། 4
2དེའི་སྒྲུབ་ཐབས་ལ། 12
3དེའི་དཀྱིལ་ཆོག་ལ། 38
4 སྤྱན་རས་གཟིགས་ཁ་སར་པྰ་ཎིའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་ལས་ཚོགས་ཀྱི་རིམ་པ་བཅས་ལ། 30
5འཇམ་དཔལ་དབྱངས་ཨ་ར་པ་ཙ་ན་རྗེ་ལྔའི་དབང་བརྒྱུད་ལ། 4
63
6དེའི་སྒྲུབ་ཐབས་ལ། 16
7དེའི་དཀྱིལ་ཆོག་ལ། 37
8 ཕྱག་རྡོར་འཁོར་ཆེན་ཀྱི་ལས་བཞིའི་སྦྱིན་སྲེག་ལ། 18
9 ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་གི་བརྒྱུད་འདེབས་ལ། 2
10དེའི་དབང་ཆོག་ལ། 24
11 སྨྱུང་གནས་ཀྱི་ཆོ་ག་ལ། 21
12 དྭགས་པོ་དགེ་བཤེས་ཀྱིས་མཛད་པའི་འཇིགས་བྱེད་ཀྱི་དབང་ཆོག་ལ་དག་མཆན་གནང་བར། 35
13 རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་ལ། 13
14 དྲུག་ཅུ་པའི་དྲག་གཏོར་གྱི་ཆོ་ག་ལ། 15
15མགོན་པོ་སྙིང་ཞུགས་ཀྱི་གདམས་པ་ཐུན་མིན་རྒྱུན་ཁྱེར་ཉམས་ལེན་ལ། 5
16དགེ་འདུན་འདུ་འཁོར་སྒྲུབ་ཚུལ་ལ། 9
17 བློ་སྤྱོང་དང་འབྲེལ་བའི་གདམས་པ་དང་སྙན་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ལ། 53
18 ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མའི་རྣམ་ཐར་ལ། 52
19 སྒོ་དྲུག་པའི་གཟུངས་ཀྱི་རྣམ་བཤད་ལ། 29
20བསངས་མཆོད་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ལ། 17
དཀར་ཆག་ལ། 2
461ཆ་
1བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་ལ། 51
2འདའ་ཀ་ཡེ་ཤེས་ཀྱི་མདོ་འགྲེལ་ལ། 33
3 རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ།རྗེ་བཙུན་འཇམ་པའི་དབྱངས།དབྱངས་ཅན་མ་བཅས་ལ་གསོལ་འདེབས་དང༌།གནས་བརྟན་ཕྱག་མཆོད།རྒྱལ་བ་ཉིད་ཀྱི་བརྟན་བཞུགས་ཀྱི་རིམ་པ་མང་པོ་ཚར་དུ་དངར་བ།གཞན་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་སྔ་ཕྱི་དང༌།ཁྲི་ཆེན་ནོ་མོན་ཧན།ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་སོགས་དམ་པ་དུ་མའི་བརྟན་བཞུགས་ཀྱི་རིམ་པ།འཕགས་པ་ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཕན་བདེའི་ཆར་འབེབས་སོགས་བླ་མ་དང་སངས་རྒྱས་བྱང་སེམས་དམས་ལ་བསྟོད་ཅིང་གསོལ་བ་འདེབས་པ་དང༌།དེ་དང་འབྲེལ་བའི་བརྟན་བཞུགས་ཀྱི་རིམ་པ་བཅས་ཕྱོགས་གཅིག་ཏུ་བསྒྲིགས་པ་དགེ་ལེགས་ཉིན་མོར་བྱེད་པའི་སྣང་བ་བཅས་ལ། 201
64
4གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་ཆེན་པོ་དང༌།པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་མཆོག་
སྤྲུལ་མྱུར་ཕེབས་ཀྱི་གསོལ་འདེབས་སོགས་སྐྱེས་ཆེན་ཁག་ལ་བརྟན་བཞུགས་དང༌།གསོལ་འདེབས་ཀྱི་རིམ་པ་མང་པོ་
དང༌།ཚོགས་དབུས་སུ་དགེ་ཚོགས་བྱང་ཆེན་དུ་བསྔོ་བའི་གཏམ།འཁོར་ལོ་ཆེན་པོའི་སྨོན་ཤིས་བཅས་ཕྱོགས་གཅིག་ཏུ་
བཀོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་བཅས་ལ། 84
5 རྒྱ་ཧོར་བོད་ཀྱི་མཆོག་དམན་བར་པ་ལ་སྩལ་བའི་ཆབ་ཤོག་གི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དཔྱོད་ལྡན་ཡིད་ཀྱི་
ཤིང་རྟ་ལ། 81
དཀར་ཆག་ལ། 2
462ཇ་
1 སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ལམ།འདོད་གསོལ།དཀར་ཆག དེབ་ཐེར་དབུ་བརྗོད་བཅས་
སྩལ་བ་ཕྱོགས་བསྡེབས་སུ་བཀོད་པ་ལེགས་ཚོགས་དཔལ་གྱི་བང་མཛོད་ཀྱི་སྐུ་འབུམ་ཆོས་སྡེ་ཆེན་པོའི་འདུ་ཁང་
གསར་བཞེངས་ཀྱི་དཀར་ཆག་སོགས་ལ། 21
2 རྒྱལ་བའི་ཡབ་རྗེ་མཆོག་ནས་བསམ་ཡས་ཀྱི་མདའ་ཡབ་བཞེངས་སྐབས་སྐུ་བརྙན་གསར་བཞེངས་ཀྱི་རྒྱབ་བྱང་སྨོན་
ལམ་ལ། 2
3 རྒྱལ་ཡུམ་ཞིང་གཤེགས་ཀྱི་འཁྲུངས་བརྟག་བྲིས་ཐང་རྒྱབ་ཡིག་ལ། 1
4 ཐུབ་དབང་སོགས་བྲིས་ཐང་ཁ་ཤས་ཀྱི་རྒྱབ་ཡིག་ལ། 7
5 རྗེ་རིན་པོ་ཆེའི་ཕྱི་ནང་གི་རྣམ་ཐར་དང༌།མཁས་གྲུབ་རིན་པོ་ཆེའི་གསང་དམ་བཅས་ཀྱི་རས་བྲིས་རྒྱབ་ཡིག་ལ། 16
6མཚོ་ཊིཀ་ཆེན་མོའི་པར་བྱང་སོགས་ལེ་ཚན་མང་བ་ལ། 47
7བསམ་ཡས་ཀྱི་མདའ་ཡབ་གོང་མ་གསར་བཞེངས་ཀྱི་དཀར་ཆག་ལ།35
8 རྒྱལ་བ་ཉིད་ཀྱི་གཟིགས་དཔེ་ཕྱི་ནང་གི་དེབ་ཀྱི་དབུ་བརྗོད་ལ། 3
9 བྱིན་རྟེན་དཀར་ཆག་དབུ་བརྗོད་ལ། 1
10བསམ་ཡས་ཀྱི་གོས་སྐུའི་དཀར་ཆག་ལ། 8
11གནས་བཅུ་དང༌།ལམ་རིམ་རྗེ་ཁང་གསར་བཞེངས་དེབ་ཀྱི་དབུ་བརྗོད་ལ། 1
12 རྗེ་ལྡན་དཀྱིལ་འཁོར་སྡིངས་སུ་བཞུགས་པ་བྱམས་སྐུའི་དཀར་ཆག་ལ། 15
13བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་ཀྱི་དཀར་ཆག་ལ། 2
14བསྟན་འགྱུར་དཀར་ཆག་ལ། 7
15རི་བོ་བདེ་ཆེན་གྱི་ཆོས་སྡེ་ཆེན་པོར་མི་ཕམ་མགོན་པོའི་སྣང་བརྙན་སོགས་གསར་བཞེངས་ཀྱི་དཀར་ཆག་ལ། 34
65
16 རྒྱལ་བའི་ཡབ་རྗེ་མཆོག་ནས་གསར་བཞེངས་བྱམས་གླིང་གོས་སྐུའི་དཀར་ཆག་ལ། 1
17བསྟན་འགྱུར་དཀར་ཆག་ལ། 10
18བཀའ་འགྱུར་དཀར་ཆག་ལ། 27
19པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གི་སྐུ་གདུང་རིན་པོ་ཆེ་བཞུགས་པའི་མཆོད་སྡོང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཆེད་དུ་བརྗོད་པ་ལེགས་བྱས་ཉི་མའི་དཀྱིལ་འཁོར་ལ། 13
20 བྱ་ཁྱུང་ཆོས་སྡེའི་རྒྱ་ཕིབས་གསར་བཞེངས་ཀྱི་དཀར་ཆག་ལ། 13
21 སྐུ་འབུམ་ཆོས་སྡེར་གོས་སྐུ་གསར་བཞེངས་ཀྱི་སྨོན་ཚིག་སོགས་མཆོག་དམན་དུ་མས་ཞུས་ངོར་འདོད་གསོལ།སྨོན་ཚིག་རྒྱབ་ཡིག་གི་རིགས་ལེ་ཚན་ཤིན་ཏུ་མང་བ་བཅས་ལ། 54
22གསང་བདག་དྲག་པོ་སུམ་སྒྲིལ་གྱི་སྒྲུབ་ཐབས་ལ། 5
23མཐུ་སྟོབས་ཐོགས་པ་མེད་པའི་དམ་ཅན་ཆོས་སྲུང་དུ་མ་ལ་མཆོད་གཏོར་འབུལ་བ་དང༌།བསྐང་བཤགས་བསྟོད་
བསྐུལ་སོགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་འཕྲིན་ལས་དམ་བཞིའི་འདོད་འཇོ་ལ། 1
24བོད་ཡུལ་དུ་བདེ་སྐྱིད་འཕེལ་བའི་འདོད་གསོལ་དང༌།གཙུག་ལག་ཁང་ཆོས་སྲུང་སྤྱིར་འདོད་གསོལ་ལ། 2
25འདོད་གསོལ་རྔ་ཡབ་མ་དང༌།གུར་ཞལ་རྗེ་མོ་གསུམ་ལ་འདོད་གསོལ་ལ། 1
26 སྲིད་གསུམ་བདག་མོ།རྒྱལ་ཆེན་རིག་འཛིན།ཁྲ་འབྲུག་ཆོས་སྐྱོང་བཅས་ལ་གཏོར་འབུལ་དང་བསྟན་སྐྱོང་རྡོ་རྗེ་དྲག་
རྒྱལ་མའི་གཏོར་འབུལ་ལ། 2
27མངའ་རིས་དོ་ག་རིན་ཆེན་གྱི་ཡུལ་རྗེར་འཕྲིན་བཅོལ་ལ། 1
28དཔལ་རྗེར་འདོད་གསོལ་དང་ཐ་འོག་ཆོས་རྒྱལ་གྱི་གཏོར་འབུལ་ལ། 2
29ཐང་ཆེན་རྒྱལ་པོའི་བསྟོད་བསྐུལ་དང༌།རྡོ་རྗེ་གྲགས་ལྡན་ལ་འཕྲིན་བཅོལ།རྒྱལ་ཆེན་སྐུ་ལྔའི་གཏོར་འབུལ་ལ། 1
30ཆོས་འཁོར་རྒྱལ་གྱི་མགོན་ཁང་སོགས་སུ་བསྐང་བའི་མཇུག་ཏུ་འཐུད་རྒྱུའི་འདོད་གསོལ་དང་ལི་ཐང་གཞི་བདག་
འབུམ་རིའི་གསོལ་མཆོད་ལ།2
31 ཁྲ་འབྲུག་སྲུང་མ་དགེ་བསྙེན་དུང་ཐོད་ཅན་གྱི་གསོལ་མཆོད་ལ། 2
32 སྐུ་ལྔ་སོགས་ཀྱི་བསྐང་བསྟོད་ལ། 2
33 རྒྱལ་ཐང་རི་ཁྲོད་གཞི་བདག་གི་གསོལ་མཆོད་དང་ཆ་འཕྲིན་དགོན་གྱི་སྲུང་མའི་གསོལ་མཆོད་ལ། 2
34གནས་ཆུང་ཆོས་རྒྱལ་ཆེན་པོའི་འཕྲིན་བཅོལ་དང་སུམ་རྩེན་གླིང་གཞི་བདག་གི་གསོལ་མཆོད་ལ། 1
35མི་ཉག་སྒང་གཞི་བདག་གི་གསོལ་མཆོད་ལ། 3
36གནས་ཆུང་དགྲ་རྗེ་སྐྱེས་གཅིག་དང་དགའ་གདོང་གནས་སྲུང་ཆེན་པོ་གཉིས་ཀྱི་གསོལ་མཆོད་ལ། 2
37ཙེའུ་དམར་བའི་གསོལ་མཆོད་ལ། 1
66
38ཡི་དམ་ཆོས་སྲུང་ལ་མཆོད་གཏོར་འབུལ་ཚུལ་ལ། 2
39འཕྲིན་ལས་རྒྱལ་པོའི་གསོལ་མཆོད་དང༌།ཏྲེ་བོ་མ་ཟུར་གྱི་གནས་རིའི་གསོལ་མཆོད་ལ། 1
40མགར་ཐར་ཆུ་ཚན་ཁའི་གཞི་བདག་གི་གསོལ་མཆོད་དང་རོང་རྗེ་རྒྱལ་མཚན་དང་བཙན་རྒྱོད་བྲག་དམར་བའི་གསོལ་མཆོད་ལ།1
41རོང་རྗེ་རྒྱལ་མཚན་པའི་འདོད་གསོལ་དང་ཕྱག་དྲུག་པ་དང་ཆོས་རྒྱལ་ལ་མཆོད་གཏོར་འབུལ་ཚུལ་ལ། 1
42ཆོས་སྲུང་གི་བསྐང་བའི་གཤམ་དུ་འཐུད་རྒྱུའི་འཕྲིན་བཅོལ་ལ། 1
43 སྐུ་ལྔ་སྤྱི་དང་གནས་ཆུང་གི་གསོལ་མཆོད་ལ། 1
44ཆོས་སྲུང་སྤྱི་བྱེ་བྲག་གི་འཕྲིན་བཅོལ་ལ། 1
45 སྐྱེས་རྗེ་འཔྲོང་བཙན་དང་མཚོ་སྨན་བཅས་པའི་གསོལ་མཆོད་ལ། 1
46གནས་ཆུང་ཆོས་སྐྱོང་གི་གསོལ་མཆོད་ལ། 2
47འདོད་ཁམས་དབང་མོར་མཆོད་གཏོར་འབུལ་ཚུལ་ལ། 1
48 རྒྱལ་ཐང་གི་གཞི་བདག་པདྨ་མགོ་དཀྲིས་ཀྱི་གསོལ་མཆོད་ལ།2
49 50འཇིགས་བྱེད།ཕྱག་དྲུག་པ།དམ་ཅན་ཆོས་རྒྱལ།དཔལ་རྗེ་མོ།དམ་སྲས།སྐུ་ལྔ་རྡོ་རྗེ་གྲགས་རྒྱལ་མ་སོགས་ལ་མཆོད་གཏོར་འབུལ་ཚུལ་ལ། 1
51ཆ་འཕྲིན་བདེ་ལྡན་དགེ་འཕེལ་གྱི་གཞི་བདག་གསོལ་མཆོད་ལ།1
52མི་ཉག་སྒང་གཞི་བདག་གི་གསོལ་མཆོད་ལ། 1
53 བླ་མ་ཡི་དམ་ཆོས་སྲུང་དམས་ལ་མཆོད་གཏོར་འབུལ་ཚུལ་བྱུང་བསྡུས་ལ། 1
54 རྡོ་རྗེ་ལེགས་པའི་གསོལ་མཆོད་དང༌།སྤྲུལ་པའི་ཆོས་རྒྱལ་ཆེན་པོར་མདོས་བསྔོ་ཚུལ་བཅས་ལ། 2
55 སྡེ་བརྒྱད་ཀྱི་གསེར་སྐྱེམས་ལ། 1
56དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་ལ། 1
57མགོན་པོ་ཆེ་ཆུང་གི་གཏོར་འབུལ་ལ། 1
58 རྒྱལ་བཙན་གྱི་གསོལ་མཆོད་དང་བསྟན་སྲུང་དབང་པོ་དམས་ལ་མཆོད་གཏོར་འབུལ་ཚུལ་ལ། 2
59 གྲོམ་པ་རྒྱང་གི་གནས་བདག་ལ་མཆོད་གཏོར་འབུལ་ཚུལ་ལ། 1
60མདོ་སྨད་ཕྱག་བཞི་དགོན་གཞི་བདག་གི་གསོལ་མཆོད་ལ། 1
61བསྟན་མ་དང་ཆུ་བཟང་རྒྱལ་པོའི་གསོལ་མཆོད་ལ། 1
62 ཆུ་རྒྱུད་ཀརྨ་འཕྲིན་ལས་ཀྱི་གསོལ་མཆོད་ལ། 1
63འཇའ་བྱ་མོ་དགོན་གྱི་གནས་བདག་རྡོར་ལེགས་སེང་ཆིབས་ཀྱི་གསོལ་མཆོད་ལ། 1
67
64འཕྱོངས་རྒྱས་རྩེ་སྨན་གྱི་གསོལ་མཆོད་ལ། 1
65སོག་དགའ་ལྡན་འཕེལ་རྒྱས་གླིང་དགོན་གནས་ཀྱི་སྲུང་མའི་གསོལ་མཆོད་ལ།4
66ཀོང་པོ་འབྲུ་ཆོས་གནས་སྲུང་རྡོ་རྗེ་བྲག་བཙན་གྱི་གསོལ་མཆོད་ལ། 1
67བསེ་སྐུ་བའི་གསོལ་མཆོད་ལ། 2
68ཇོ་མོ་ཚེ་རིང་མའི་གཏོར་འབུལ་ལ། 2
69དཔལ་ལྡན་རྗེ་མོའི་གསེར་སྐྱེམས་ལ། 1
70 སྤོམ་རྩེ་རག་གཞི་བདག་གནོད་སྤྱིན་རི་སྙིང་གི་གསོལ་མཆོད་ལ། 1
71ར་མོ་ཆེའི་གཙུག་ལག་ཁང་གི་སྲུང་མ་བེང་དམར་དང་གཡུ་སྒྲོན་མའི་གསོལ་མཆོད་ལ། 3
72གདོང་ཐུག་དྲག་པོ་ཞི་བའི་འདོད་གསོལ་དང་གུང་ཐང་རྗེ་མོའི་མངོན་རྟོགས་བསྐང་བ་བསྟོད་བསྐུལ་ལ། 8
73མགོན་པོ་ཕྱག་དྲུག་པའི་གསེར་སྐྱེམས་ལ། 1
74 རྗེ་མོ་དང་ལྕམ་སྲིང་གི་འཕྲིན་བཅོལ་དང༌།དཔལ་ལྡན་རྗེ་མོའི་གསོལ་མཆོད་མདོར་བསྡུས།གནས་ཆུང་ཆོས་སྐྱོང་ཁོག་ཞུགས་གསལ་བའི་འདོད་གསོལ་ལ། 1
75ཨོ་རོད་ཇུན་གར་གྱི་གངས་རི་བོག་ཐོའམ་ཨ་ཙོ་ཐོའ་ཧོན་དུ་གྲགས་པའི་གཞི་བདག་གི་གསོལ་མཆོད་ལ། 2
76 རྒྱལ་བའི་བསྟན་སྲུང་དམས་ལ་མཆོད་གཏོར་འབུལ་ཚུལ་ལ། 1
77མགོན་པོ་ཕྱག་དྲུག་པར་མཆོད་གཏོར་འབུལ་ཚུལ་དང༌།འབྲུམ་ནད་ཞི་བའི་འདོད་གསོལ་ལེ་ཚན་གཉིས་ལ། 1
78དཔལ་ལྡན་སྲིད་གསུམ་དབང་མོ་དབུ་འཕང་བསྟོད་ཅིང་མངའ་གསོལ་བའི་བདེན་ཚིག་ལ། 1
79དཔལ་མགོན་བེང་ཆེན་ནག་པོའི་མངོན་རྟོགས་བསྐང་བཤགས་བསྟོད་བསྐུལ་ལ། 7
80སད་སེར་བཙའ་ཐན་ཞི་བའི་གསེར་སྐྱེམས་ལ། 1
81 རྡོ་རྗེ་གྲགས་ལྡན་ཁོག་བརླམས་ཐོག་ཞུས་རྩལ་གྱི་འདོད་གསོལ་ལ། 1
82བསེའི་ཁྲབ་ཅན་གྱི་འཕྲིན་བཅོལ་དང༌།ཞོ་ཁ་བླ་མའི་གསོལ་མཆོད་ལ། 1
83མགོན་ཆོས་རྗེ་མོ་གསུམ་ལ་འཕྲིན་བཅོལ་ལ། 1
84བསྟན་སྲུང་བསེ་ཁྲབ་ཅན་གྱི་གཏོར་འབུལ་ཉུང་ངུ་ལ། 1
85 སྡེ་བརྒྱད་གསེར་སྐྱེམས་འབུལ་ཚིག་དང༌།བསེ་ཁྲབ་ཅན་ལ་གསེར་སྐྱེམས་འབུལ་ཚིག་རྗེ་མོ་ནམ་མཁའི་གོས་ཅན་མའི་མངའ་གསོལ་ལ། 1
86 སྲིད་གསུམ་བདག་མོའི་མངའ་གསོལ་དང༌།བཀྲ་ཤིས་ཚེ་རིང་མའི་འཕྲིན་བཅོལ་ལ། 1
87 རྡོ་རྗེ་གྲགས་ལྡན་གྱི་མངའ་གསོལ་དང་ཨོ་ག་ཙ་རིའི་མི་སྣས་ཞུས་པའི་གཞི་བདག་གསོལ་མཆོད་སོགས་ལ། 1
88 རྡོ་རྗེ་གྲགས་ལྡན་ལ་ཁོག་ཕེབས་ཀྱི་འཕྲིན་བཅོལ་དང༌།མྱུར་མཛད་ཡེ་ཤེས་མགོན་པོའི་གཏོར་འབུལ་ཉུང་ངུ་ལ། 1
68
89ཆོས་སྲུང་རྣམས་ཀྱི་བསྐང་བ་འཕྲིན་བཅོལ་གྱི་གཤམ་དུ་འཐུད་རྒྱུའི་སྨོན་ཚིག་དང༌།གནས་ཆུང་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་འཁྲུལ་མེད་ཁོག་ཏུ་བརླམས་པ་སོགས་ཀྱི་འདོད་གསོལ་བཅས་ལ། 1
90དཔལ་ལྡན་རྗེ་མོའི་མངའ་གསོལ་ལ། 3
དཀར་ཆག་ལ། 4
463ཉ་
1བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་སོགས་ཀྱི་སྐོར་ཚད་ཀྱི་རིམ་པ་ཕྱོགས་བསྡེབས་བྱང་ཆེན་རྒྱ་མཚོར་
བགྲོད་པའི་ཤིང་རྟ་ལ། 44
2ཆོས་སྡེ་ཆེ་ཆུང་གི་བཅའ་ཡིག་སྤྲིང་ཡིག་འཕྲིན་བཅོལ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་འཇིགས་མེད་གདོང་ལྔའི་སྒྲ་དབྱངས་ལས།སེ་ར་ཐེག་ཆེན་གླིང་གི་བཅའ་ཡིག་རབ་གསལ་ནོར་བུའི་མེ་ལོང༌།རྣམ་རྒྱལ་གྲྭ་ཚང་གི་བཅའ་ཡིག་གསེར་གྱི་གཉའ་ཤིང༌།མགར་ཐར་འདུས་སྡེའི་བཅའ་ཡིག་བསླབ་གསུམ་ནོར་བུའི་བང་མཛོད།དེ་མོ་ཆོས་སྡེ་བློ་གསལ་གླིང་གི་བཅའ་ཡིག་གདུང་སེལ་ཆུ་འཛིན་གསར་པ།རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གི་བཅའ་ཡིག་ཐར་འདོད་འཇུག་ངོགས་སོགས་དགེ་འདུན་རྣམས་ཀྱི་ཁྲིམས་སུ་བཅའ་བའི་ཡི་གེ་མི་འདྲ་བ་ཉི་ཤུ་རྩོ་ལྔ།སྡེ་བརྒྱད་སྤྲིང་ཡིག་གཞོམ་མེད་རྡོ་རྗེའི་གོ་ཆ་སོགས་སྤྲིང་ཡིག་བཞི།ཚེ་རིང་མཆེད་ལྔར་འཕྲིན་བཅོལ་སོགས་ལེ་ཚན་བརྒྱད་བཅས་ལ་གྲངས།
168
3 བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་དམས་དང་བཅས་པ་ལ་སྙན་ཤལ།ཐམ་ཕུད།རིན་པོ་ཆེའི་རྒྱན།ན་བཟའ་མཆོད་རྫས་སོགས་འབུལ་གནང་ཞལ་ཡིག་གི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ཚོགས་གཉིས་གསེར་གྱི་སྙེ་མ་ལ། 244
དཀར་ཆག་ལ། 2
                                                     མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །རྒྱལ་བ་བསྐལ་བཟང་རྒྱ་མཚོ་ནི་མདོ་ཁམས་ལི་ཐང༌།རུས་ནི་རུས་ཆེན་བཅོ་བརྒྱད་ཀྱི་ནང་ཚན་འཔྲོམ་གྱི་རིགས་སུ་ཡབ་གུང་བསོད་ནམས་དར་རྒྱས་དང༌།ཡུམ་བློ་བཟང་ཆོས་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་12ས་བྱི་སྤྱི་ལོ་1708ལ་འཁྲུངས།དགུང་ལོ་ཆུང་ངུའི་སྐབས་སྐུ་ཞང་རབ་འབྱམས་པའི་སྐུ་མདུན་དུ་བཏང་བའི་དེས་མཚན་བརྟག་བཟང་བས་མཚན་བསྐལ་བཟང་རྒྱ་མཚོ་ཞེས་གསོལ།དགུང་ལོ་དྲུག་བདུན་སྐབས་བོད་ནས་རྗེ་བཟང་གིས་མངགས་པ་དགེ་འདུན་དང་དར་རྒྱས་གཉིས་ཡོང་གིན་འདུག་ཟེར་བ་ཡབ་ཡུམ་གྱིས་གསན་པས་ལེགས་ཉེས་ཇི་ལྟར་བྱེད་མི་ཤེས་པས་རེ་ཞིག་ཕྱོགས་གཞན་ཞིག་ཏུ་བྱོལ།དགུང་ལོ་བརྒྱད་ཐོག་ཡན་དར་ཐུ་ནས་ཅོ་ནེ་བརྒྱུད་སྐུ་འབུམ་གྲྭ་ཚང་དུ་ཕེབས་ནས་གསེར་ཁྲིར་བཞུགས།དགུང་ལོ་དགུར་སོན་སྐབས་སྤྲུལ་སྐུ་འཁྲུལ་མེད་ཀྱི་ངོས་འཛིན་ཞུས།དགུང་ལོ་བཅུ་ཐོག་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་རབ་བྱུང་གི་སྡོམ་པ་བཞེས།མཚན་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོར་གསོལ།དགུང་ལོ་བཅུ་གསུམ་ཐོག་དབུས་སུ་ཕེབས་ནས་ཕོ་པྲང་ཆེན་པོ་གྲུ་འཛིན་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད།གཞུང་ཆེན་མོར་གསན་བསམ་རྒྱ་ཆེར་མཛད།དགུང་ལོ་ཉི་ཤུའི་ཐོག་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཐོག་དཔལ་གསང་བ་འདུས་པའི་དབང་བཀའ་ཡང་དུ་མ་གསན།དགུང་ལོ་ཉེར་གཅིག་སྐབས་འབྲས་སྤུངས་སུ་རྡོ་རམས་པའི་གྲྭ་སྐོར་མཚན་བཏགས་མཛད།དགུང་ལོ་ཉེར་གཉིས་ཐོག་བདེ་གཟར་གྱི་རྐྱེན་པས་མདོ་སྨད་མགར་ཐང་དུ་ཕེབས།ཁུལ་དེར་དགོན་སྡེ་ཁག་ལ་ཆོས་འཁོར་རྒྱ་ཆེར་བསྐོར་ནས་གདུལ་བྱ་དམས་སྨིན་པར་མཛད།དགུང་ལོ་ཉེར་བརྒྱད་ཐོག་མདོ་ཁམས་ནས་ཕོ་པྲང་ཆེན་པོར་ཞབས་སོར་འཁོད།དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས།དགུང་ལོ་སུམ་ཅུ་ལ་རྗེ་ལྡན་གཙུག་ལག་ཁང་གི་རྟེན་དམས་གསར་བཞེངས་དང་ཉམས་གསོ་མཛད།དགུང་ལོ་སོ་གཅིག་ཐོག་ཁྲ་འབྲུག་གཙུག་ལག་ཁང་ཞིག་གསོའི་བཀའ་ཁྱབ་གནང༌།གོས་སྐུ་མཐོང་བ་དོན་ལྡན་གསར་བཞེངས་ཀྱི་དཀར་ཆག་སྨོན་ཚིག་མཛད།དགུང་ལོ་སོ་གསུམ་ལ་ཚོགས་མཆོད་སེར་སྦྲེང་མཆོད་རྫས་
བརྒྱུད་འགོད།