རྒྱལ་བ་བསོད་ནམས་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

ཡོང་ཁུངས།   གསུང་འབུམ་དཀར་ཆག་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་།     སྤེལ་དུས།  2016-01-16 20:08:32     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན     ཀློག་ཐེངས།  

                           u=1226137183,2778500532&fm=21&gp=0.jpg

1 བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན་ཞེས་བྱ་བ་ལ། 26

2གསོལ་འདེབས་དངོས་གྲུབ་ཀྱི་འབྱུང་གནས་ལ། 3
3ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོའི་བསྟོད་པ་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལ། 4
4མི་དབང་དོན་གྲུབ་བཀྲ་ཤིས་ཀྱིས་བསྐུལ་བའི་བསྟོད་པ་ལ། 2
5དཔལ་ཐུགས་རྗེའི་བདག་ཉིད་མ་ལ། 1
6 རྗེ་བཙུན་བླ་མའི་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ་ལ།2
7རང་ཉིད་ཀྱི་རྩ་བའི་བླ་མ་དམ་པ་རྣམས་ཀྱི་བསྟོད་པ་ཤོ་ལོ་ཀ་རེ་ཡོད་པ་ལ། 3
8 རྡོ་རྗེ་གདན་བཞིའི་བསྟོད་པ་དབྱངས་ཅན་གྲུབ་པའི་ངག་ཅེས་བྱ་བ་ལ། 4
9དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ལས་མཐའ་སྲིད་གསུམ་ཟ་བའི་སྲེག་ཁང་འབར་བ་ཞེས་བྱ་བ་ལ།46
10 གྲུབ་པའི་དབང་ཕྱུག་དྲིལ་བུ་ཞབས་ཀྱི་བདེ་མཆོག་རྗེ་ལྔའི་བདག་འཇུག་བཞུགས་པ་ལ། 15
11དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་བའི་ཤིས་བརྗོད་ལ། 2
12བརྒྱ་བཞིའི་ཆོ་ག་བཀླགས་པས་དོན་གྲུབ་པ་ཞེས་བྱ་བ་ལ།30
13 སྙིང་པོ་དོན་གྱི་ཁྲིད་ཡིག་ལ། 5
14བཅོམ་ལྡན་འདས་དཔལ་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་བདུད་དཔུང་ཕྱེ་མར་འཐག་པ་ལ། 7
16དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་འདོད་དགུ་མ་ལུས་པའི་འབྱུང་གནས་ལ། 3
17 རྗེ་བཙུན་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་དངོས་གྲུབ་ཀྱི་བང་མཛོད་ཅེས་བྱ་བ་ལ། 4
18མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལ། 4
19མགོན་པོ་གུར་གྱི་མངོན་རྟོགས་དངོས་གྲུབ་ཉིང་ཁུ་ཞེས་བྱ་བ་ལ། 13
20 གུར་གྱི་མགོན་པོའི་གཏོར་འབུལ་བསྡུས་པ་ལ། 3
21དཔལ་མགོན་པྲམ་ཟེའི་གཟུགས་ཅན་ལ་མཆོད་གཏོར་འབུལ་བ་འཕྲིན་ལས་བཅོལ་བ་དང་བཅས་ལ། 4
22དཔལ་མགོན་ཞལ་བཞི་པ་གདོང་བརྙན་འཁོར་དང་བཅས་པའི་སྒྲུབ་ཐབས་རྒྱས་པ་དགྲ་བགེགས་ཀྱི་སྡེ་འཇོམས་པའི་གནམ་ལྕགས་ཀྱི་སྤུ་གྲི་མེ་ལྕེའི་ཕྲེང་བ་ཅན་ལ། 41
23དཔལ་མགོན་ཞལ་བཞི་པའི་བསྐང་གསོ་རྒྱས་པའི་འཕྲིན་ལས་བཞུགས་པ་ལ། 3
24དཔལ་གདོང་བཞི་པ་གདོང་བརྙན་ཅན་བདག་བསྐྱེད་མགོན་པོའི་སྒོ་ནས་བསྒྲལ་ཆོག་ལ། 4
25ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་བསྟོད་པ་ལ། 3
26དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ་ལ། 6
27འབྲུམ་ནད་བཟློག་སྒྱུར་གྱི་ཐུགས་རྩོམ་བྱིན་རླབས་ཆེ་བ་ལ།3
28ཆོས་འཁོར་རྒྱལ་གྱི་གནས་མཇལ་སྤྱིའི་མཚོ་གོས་མཇལ་ཚུལ་མདོ་ཙམ་ལ། 3
29བརྟན་བཞུགས་ཀྱི་ཐུགས་རྩོམ་རྒྱལ་དུ་མཛད་པ་ལ། 2
30དཔལ་ལྡན་རྗེ་མོ་དུས་མཚན་མའི་མཆོད་གཏོར་འབུལ་བའི་རིམ་པ་ལ། 8
31བཀའ་སྲུང་གནོད་སྤྱིན་ཆེན་པོའི་མངོན་རྟོགས་འཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་ལ། 5
32ཆོས་རྒྱལ་ཆེན་པོའི་གསོལ་མཆོད་ལ། 3
33འོ་དེ་གུང་རྒྱལ་གྱི་བསྟོད་པ་ལ། 2
34ཐམས་ཅད་མཁྱེན་པ་སོག་ཡུལ་ཐེགས་དུས་རྒྱ་ལེ་ཆོས་མཛད་ལ་གནང་བ་ཞལ་གདམས་སྙན་ཚིག་ཕྲེང་བ་ལ། 2
35གནས་ཆུ་ལེན་ཕྱོགས་ཀྱི་སྤྱི་མཚམས་ཞེས་པ་ལ། 2
36ལོ་གསར་གྱི་ལོ་ཆེན་དུས་སུ་གནང་བའི་གོ་རིམ་ལ། 2
37 དུས་གསུམ་སངས་རྒྱས་ཀྱི་ངོ་བོ་རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་དམ་གནང་ཚུལ་གྱི་ཁྲིམས་ཆགས་ཡི་གེར་བཀོད་པ་ལ། 2
38ཇ་མཆོད་ལ། 2
39ཆོས་ཀྱི་རྒྱལ་པོ་ཨལ་ཏན་དམིགས་ཡུལ་དུ་གཙོ་བོར་བགྱིས་པའི་སྨོན་ལམ་བྱམས་པའི་འཛུམ་ཞལ་མངོན་དུ་བགྱིད་
པའི་ཕོ་ཉ་ལ།3
40བདེ་ལེགས་རྒྱ་མཚོའི་ཤིས་བརྗོད་ལ། 3
41དཔལ་མགོན་པྲམ་གཟུགས་ཀྱི་མཆོད་གཏོར་འབུལ་ཚུལ་རྒྱུན་ཁྱེར་བསྡུས་པ་ལ། 2
42བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པའི་སྒྲུབ་ཐབས་ཀྱི་མཇུག་ཏུ་སྦྱོར་རྒྱུའི་སྨོན་ལམ་ལ། 3
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །རྒྱལ་བ་བསོད་ནམས་རྒྱ་མཚོ་ནི་སྐྱིད་ཤོད་སྨད་སྟོད་ལུང་མདའ་ཁང་གསར་གོང་དུ་ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང༌།ཡུམ་དཔལ་འཛོམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཆུ་ཡོས་1543ལོ་ལ་འཁྲུངས།ཐོག་མའི་མཚན་སྲིད་ཆོད་དཔལ་བཟང་ཞེས་གསོལ།དགུང་ལོ་གསུམ་ལ་ཕེབས་སྐབས་སྐྱོར་མོ་ལུང་དགོན་གྱི་གནས་བརྟན་ཟླ་བ་སོགས་ཀྱིས་རྒྱལ་བ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་ཞུས།དགུང་ལོ་བཞི་ལ་ཕེབས་སྐབས་ཕྱག་བྲིས་འདྲི་ཀློག་སོགས་ལ་བརྩོན་པར་མཛད།དེའི་ལོར་འབྲས་སྤུངས་དགའ་ལྡན་ཕོ་པྲང་གི་གསེར་ཁྲིར་ཕེབས།པཎ་ཆེན་བསོད་ནམས་གྲགས་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་བསོད་ནམས་རྒྱ་མཚོ་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དུ་གསོལ།དགུང་ལོ་ལྔ་ལ་ཆོས་འཁོར་རྒྱལ་དུ་ཕེབས།དགུང་ལོ་བདུན་ཐོག་པཎ་ཆེན་བསོད་ནམས་གྲངས་པའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་གསུམ་ནས་རྟ་ཁ་ཟིན་པ་ཡིན་གསུངས།དགུང་ལོ་བདུན་ཡན་ལ་ཚེ་དཔག་མེད་ཀྱི་སྔགས་འབུམ་ཕྲག་བཅུ་གསུམ།གཞན་ཡང་དབྱངས་ཅན་མའི་བསྙེན་པ་ས་ཡ་ལྔ།སྐྱབས་འགྲོ་འབུམ་ཕྲག་བཞི།དགུང་ལོ་བཅུ་གཅིག་ཡན་ལ་གུར་དྲག་གི་སྔགས་འབུམ་ཕྲག་ཉིས་བརྒྱ།དགུང་ལོ་བཅུ་གསུམ་ལ་ཆོས་འཁོར་རྒྱལ་དུ་ཕེབས།ཡེ་ཤེས་ཁྱུང་ནག་གི་སྔགས་འབུམ་གཅིག་དེ་ལོ་ཡང་འབྲས་སྤུངས་སུ་དམིགས་བརྩེ་མ་འབུམ་ཕྲག་བཞི་བཅས་མཛད།དགུང་ལོ་བཅུ་བདུན་ཐོག་སྣེའུ་གདོང་པའི་དབུ་རྗེར་གྱུར།དགུང་ལོ་ཉེར་གཉིས་ལ་དགའ་ལྡན་ཁྲི་ཟུར་དགེ་ལེགས་དཔལ་བཟང་གི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས།དགེ་བའི་བཤེས་གཉེན་ཀུན་བཟང་རྩེ་པ་དང༌།དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་ཚར་ཆེན་བློ་གསལ་རྒྱ་མཚོ།རྗེ་བདེ་བ་ཅན་པ།རྗེ་ཕྱོགས་ལས་སོགས་མཁས་གྲུབ་དུ་མ་ནས་ཆོས་བཀའ་མང་དུ་གསན།གཞུང་ཆེན་ལ་གསན་བསམ་མཛད།དགུང་ལོ་ཉེར་གསུམ་ནས་ལོ་ཤས་རིང་སྨོན་ལམ་ཆེན་མོའི་ཚོགས་མགོན་སྔ་རྟིང་ཐོག་ཏུ་སྲོད་ལ་ཐུགས་རུས་ཆེན་པོས་ཞབས་བསྐོར་འབུམ་ཐེར་ཞབས་གསོག་མཛད།དགུང་ལོ་ཉེར་ལྔའི་ཐོག་གཙང་དུ་ཕེབས་ནས་བཀྲ་ཤིས་ལྷུན་པོའི་སྨོན་ལམ་གྱི་ཚོགས་མགོན་དུ་མཛད།འཕགས་པ་འཇིག་རྟེན་དབང་ཕྱུག་གི་དམ་སྤྲུལ་གནས་རྙིང་ཆོས་ཀྱི་རྒྱལ་མཚན་ཁྲི་ཐོག་ཏུ་བསྐོས་ཏེ་ཕྱག་ནས་གཏོར་བར་མཛད།དགུང་ལོ་ཉེར་དྲུག་ཐོག་འབྲས་སྤུངས་སུ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང༌།སེར་འབྲས་དང༌།ཆོས་འཁོར་རྒྱལ་སོགས་ཀྱི་གདན་ས་རྗེ་དགེ་འདུན་རྒྱ་མཚོའི་དུས་བཞིན་བསྐྱངས།དགུང་ལོ་ཉེར་བརྒྱད་ཐོག་ཆོས་འཁོར་རྒྱལ་གྱི་གདན་སའི་ཆོས་སྲུང་ཕྱི་ནང་གསང་གསུམ་གྱི་རྟེན་དམས་གསར་དུ་བཞེངས།དགུང་ལོ་སོ་གསུམ་ལ་ཡར་ལུང་དུ་དུས་ཟིང་སྐབས་རྗེ་ཉིད་ནས་ཆིངས་བསྡམས་ཏེ་དུས་ཟིང་དམས་ཞི་བར་མཛད།ལྷོ་བརྒྱུད་གཉལ་དང་ལྷོ་བྲག་གཡས་རུ་གཙང༌།ར་སྒྲེང༌།ནོར་འཛིན་གྱི་ལྟོ་བར་གནས་པའི་གདུལ་བྱ་དམས་ཐར་ལམ་དུ་འགོད་པར་མཛད།དགུང་ལོ་སོ་ལྔ་ལ་ཨལ་ཐན་ཆོས་ཀྱི་རྒྱལ་པོའི་སྤྱན་འདྲེན་སྔ་ཕྱིར་ཞུས་པ་བཞིན་བྱང་ཕྱོགས་སུ་རིས་མེད་རྒྱལ་བསྟན་སྤྱི་དང༌།བྱེ་བྲག་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་སྤེལ་བར་ཆིབས་ཁ་བསྒྱུར།དགུང་ལོ་སོ་དྲུག་ལ་ཨལ་ཐན་རྒྱལ་པོ་དང་མཇལ་ནས་རྒྱལ་པོའི་དབུ་རྗེར་འགྱུར་ཏེ་རྗེ་ཉིད་ལ་མི་རིགས་མི་གཅིག་པ་དུ་མའི་དབུས་སུ་གསེར་ལས་གྲུབ་པའི་དབུ་རྒྱན།བུམ་པ།རིགས་ལྔའི་ཕྱག་མཚན།གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་ཁ་རིས་ལ་རྡོ་རྗེ་འཆང་ཏ་ལའི་བླ་མའི་ཐམ་ཀ་ཞེས་པ་གསར་དུ་ཕུལ།དགུང་ལོ་སོ་བདུན་ཐོག་སོག་ཡུལ་བྱང་ཆེན་ཆོས་འཁོར་གླིང་བཏབ།དགུང་ལོ་སོ་བརྒྱད་ཐོག་ལི་ཐང་ཆོས་འཁོར་གླིང་གསར་འཛུགས་གནང༌།རྗེ་སྐུ་འབུམ་དུ་ བཤད་གྲྭ་གསར་དུ་བཙུགས།བསྟན་པ་རྒྱས་པའི་ཆོས་སྲུང་དམས་ལ་གཉེར་གཏད་མཛད།དགུང་ལོ་སོ་དགུ་ལ་ཆབ་མདོའི་བྱམས་པ་གླིང་དགོན་གྱི་ཁྲིར་ཕེབས།དགུང་ལོ་ཞེ་དྲུག་སྟེ་ས་བྱི་1588ལོར་སོག་ཡུལ་དུ་སྐུ་གཤེགས།འདིར་གསུང་འབུམ་པོད་གཅིག་བཞུགས།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

 

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
        རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn


བརྒྱུད་འགོད།