རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

    སྤེལ་དུས།  2015-12-07 22:50:52     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན    ཀློག་ཐེངས།  

                             u=942126835,36397393&fm=21&gp=0.jpg
415 དང་པོ།
ཀ རྗེ་ཉིད་ཀྱི་རྣམ་ཐར་ལ། 38
ཁ།རྗེ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་ལ། 40
33
ག བླ་མའི་བསྟོད་ཚོགས་ལ། 75
ང། སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས་ལ། 34
ཅ།ཞལ་གདམས་མགུར་མའི་སྐོར་ལ། 26
ཆ།བླ་མའི་རྣལ་འབྱོར་བླ་མ་མཆོད་པའི་ཁྲིད་ཀྱི་སྐོར་ལ།96
ཇ།མཚན་བརྗོད་ཀྱི་རྒྱ་ཆེར་བཤད་པ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཉིད་སྣང་བྱེད་ཉི་མ་ལ། 141
ཉ།གསང་འདུས་བསྐྱེད་རིམ་ལ། 39
དཀར་ཆག་ལ། 1
416 གཉིས་པ།
ཏ།འཇིགས་བྱེད་ཀྱི་བསྐྱེད་རིམ་གསལ་སྒྲོན་ལ། 26
ཐ།ན་རོ་ཆོས་དྲུག་གི་དམིགས་རིམ་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་ལ། 15
ད།དྲིལ་བུ་རྗེ་ལྔའི་སྒྲུབ་ཐབས་དངོས་གྲུབ་བང་མཛོད་ལ།15
ན།བདེ་མཆོག་དྲིལ་བུ་ལུགས་ཀྱི་སྦྱིན་སྲེག་ལ། 8
པ།དྲིལ་བུ་ལུས་དཀྱིལ་གྱི་བསྐྱེད་རིམ་ལ། 27
ཕ།འཁོར་ལོ་སྡོམ་པའི་བསྐྱེད་རིམ་འདོད་འཇོའི་སྙིང་པོ་ལ། 62
བ།དྲིལ་བུ་ལུགས་ཀྱི་འཁོལ་ལོ་སྡོམ་པའི་རྫོགས་རིམ་རིམ་ལྔ་གསལ་བྱེད་ལ། 40
མ།ཡི་དམ་སྒྲུབ་སྐོར་དང་རྗེས་གནང་གི་རིམ་པ་ལ། 66
ཙ།དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ལ། 9
ཚ།རབ་གནས་བཀྲ་ཤིས་སྙེ་མ་ལ། 19
ཛ།གནས་བརྟན་ཕྱག་མཆོད་ལ། 5
ཝ།རྣལ་འབྱོར་དབང་ཕྱུག་བློ་གྲོས་སྦས་པའི་མགུར་འགྲེལ་ལ། 3
ཞ བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ་ལ། 3
ཟ།དཀར་གཏོར་དང་གཏོར་མ་བརྒྱ་རྩོའི་རིམ་པ་ལ། 6
འ།དྲང་ངེས་དཀའ་འགྲེལ་དགོངས་པ་རབ་གསལ་ལ། 106
ཡ།དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་ལ། 113
དཀར་ཆག་ལ། 1
417 གསུམ་པ།
ར།སྟོང་ཉིད་བདུན་ཅུ་པའི་རྣམ་བཤད་དབུ་མའི་ལམ་གསལ་བར་བྱེད་པའི་སྒྲོན་མེ་ལ། 28
ལ།རྟེན་འཔྲེལ་བསྟོད་པའི་ཚིག་དོན་གསལ་བྱེད་བླ་མེད་འཇུག་ངོགས་ལ། 16
ཤ སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད་ལ། 5
ས།འཇིགས་བྱེད་ཚོགས་མཆོད་ལ། 3
ཧ།མཆོད་ཡར་ལ། 3
ཨ།ཇ་མཆོད་རྩ་འགྲེལ་ལ། 2
ཨ།གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ལ། 13
ཨྰ།དཀར་ཆག་སྙན་ངག་སྐོར་ལ། 33
ཨི།དགེ་སློང་གི་བསླབ་བྱ་གསལ་སྒྲོན་འདུལ་བའི་སྙིང་པོ་ལ།78
ཨྰི།སྨོན་ལམ་བདུན་ཅུ་པའི་ཊིཀ་རྒྱལ་སྲས་འཇུག་ངོགས་ལ། 17
ཨུ།ཆོས་སྐྱོང་གི་སྐོར་ལ། 81
ཨྰུ།འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྗེས་གནང་བཅས་ལ། 4
རྀ།ཆོས་སྐྱོང་ཁག་གི་གསོལ་ཁ་བསྟོད་པ་དང་བཅས་ལ། 26
རྰྀ།ཆབ་ཤོག་སྙན་ངག་སྐོར་ལ། 122
བྀ།འཇིགས་བྱེད་ཀྱི་སྨོན་ལམ་ཤིས་བརྗོད་ལ། 4
ལྰྀ།དོན་རྒྱན་སོ་ལྔའི་དཔེར་བརྗོད་ལ། 11
ཨེ།བཀའ་གདམས་གླེགས་བམ་གྱི་བསྡུས་དོན་ལ། 4
ཨཻ།བརྟན་བཞུགས་ཀྱི་སྐོར་ལ། 5
ཨོ།སྨན་བླའི་ཤིས་བརྗོད་ལ། 2
ཨཽ།བརྒྱ་བཞིའི་ཆོ་ག་ལ། 5
དཀར་ཆག་ལ། 1
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
        ༄༅། །རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་གཡས་རུ་གཙང་རྟ་ནག་ལུང་པའི་སའི་ཆར་ཡབ་ཀུན་དགའ་རྒྱལ་མཚན་དང༌།ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པ་ཤིང་ལུག 1475 ལ་འཁྲུངས།མཚན་སངས་རྒྱས་འཕེལ་ཞེས་གསོལ།དགུང་ལོ་གསུམ་དང་བཞིའི་རིང་ཤོ་མ་ལུང་རི་ཁྲོད་དུ་ཡབ་ཀྱིས་སྐུ་ཡོན་སྒྲོན།
        དགུང་ལོ་བདུན་ལ་ཐོས་བསམ་གླིང་གི་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་རྒྱལ་བ་དགེ་འདུན་གྲུབ་པའི་སྤྲུལ་སྐུར་ངོས་འཛིན་མཛད།དགུང་ལོ་བརྒྱད་ལ་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་ལུང་རིགས་རྒྱ་མཚོ་དང་མཇལ།དེ་ནས་འཁྲུངས་ཡུལ་དུ་ཕྱིར་ཕེབས།དགུང་ལོ་བཅུ་ལ་བཀྲ་ཤིས་ལྷུན་པོར་སླར་ཡང་ཕེབས་ནས་པཎ་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ་དགེ་བསྙེན་སྡོམ་པ་བཞེས།མཚན་དགེ་འདུན་རྒྱ་མཚོ་ཞེས་སྩལ།པཎ་ཆེན་དེའི་དྲུང་དུ་ཚད་མ་རྣམ་འགྲེལ་གྱི་གཞུང་ཡང་རྒྱུགས་འབུལ་མཛད་ནས་གཞུང་ཆེན་ལ་སློབ་གཉེར་མཛད།ལོ་དེའི་དགུན་དུས་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་སར་དགེ་ཚུལ་སྒྲུབ།
        དགུང་ལོ་བཅུ་བདུན་ལ་དབུ་ཕར་གྱི་གཞུང་ལ་ཐུགས་གཉེར་མཛད།དགུང་ལོ་བཅོ་བརྒྱད་ལོ་གནས་རྙིང་ཆོས་རྗེ་འཇམ་དཔལ་སྙིང་གནང༌།ལོ་དེར་དགུང་ལོ་བཅུ་དགུ་ལ་འཇམ་དབྱངས་ལེགས་པ་ཆོས་བསྐོར་བས་པཎ་ཆེན་ཡེ་ཤེས་རྩེ་མོའི་ཉེ་གནས་ཕྲ་དོགས་ཀྱིས་པཎ་ཆེན་མཆོག་ལ་སྙན་ཕྲ་ཡང་ཡང་ཕུལ་བར་ཐུགས་མི་མཉེས་པའི་དམ་པ་ཆེར་གནང༌།ལོ་དེར་དབུ་མའི་འཛིན་གྲྭར་ཕེབས།
དགུང་ལོ་བཅུ་དགུ་ལ་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱི་གདན་ཞུས་ལྟར་འབྲས་སྤུངས་སུ་ཕེབས།དགུང་ལོ་ཉེར་གཅིག་ལ་གནས་རྙིང་ཆོས་རྗེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་གསུམ་ལ་པཎ་ཆེན་མཆོག་རྗེ་འོད་ཟེར་གྱིས་འཕྱོངས་རྒྱས་རི་བོ་བདེ་ཆེན་དུ་གདན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་བསྐོར་བས་སྣེ་གདོང་གོང་མ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་ཆེན་པོས་གཟིགས་སྐྱོང་ཚད་མེད་མཛད།རྗེ་འདིས་རྩེད་ཐང་འཁྱམས་ར་ཆེན་མོའི་གྱང་ལྡེབས་སུ་རྒྱལ་བ་ཙོང་ཁ་པའི་འདྲ་སྐུ་བཞེངས་དགའ་ལྡན་ལྔ་མཆོད་ཀྱི་མཆོད་པ་བཟང་པོ་གསར་དུ་བཙུགས།དགུང་ལོ་ཉེར་ལྔ་ལ་རྗེ་སར་ཕེབས།
        དགུང་ལོ་ཉེར་བརྒྱད་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་ས་ནས་ཆོས་མང་དུ་གསན།དགུང་ལོ་ཉེར་དགུ་ལ་ཡབ་ཀྱིས་གཙང་ཕྱོགས་སུ་གདན་དྲངས།བཀྲས་ལྷུན་དུ་པཎ་ཆེན་ཡེ་ཤེས་རྩེ་མོའི་དྲུང་དུ་ཕྱག་འབུལ་དང་དགོན་པར་མང་ཇ་གཅིག་ཕུལ་ཆོག་པ་ཞུས་ཀྱང་དོན་སྨིན་མ་བྱུང་བར་ཡབ་ཀྱི་སར་རྟ་ནག་ཏུ་ཕྱིར་ཕེབས།ཆོས་རྒྱལ་ཨ་མོ་གྷ་རྡོ་རྗེ་རྣམ་རྒྱལ་གྱིས་རང་གཞིས་འོལ་དགར་གདན་དྲངས།དེ་ནས་ཆོས་འཁོར་རྒྱལ་དུ་ཕེབས།དགུང་ལོ་སོ་བཞི་ལ་རྒྱལ་རི་བྱང་ཆུབ་སེམས་དཔའི་ངོས་དེར་ཐེག་ཆེན་ཕོ་པྲང་ཞེས་པའི་གཟིམ་ཁང་ཞིག་བཞེངས་ནས་གཞི་ཕབ།
        དགུང་ལོ་སོ་ལྔ་ལ་ཆོས་རྒྱལ་ཨ་མོ་གྷས་སྤྱིན་བདག་མཛད་ནས་ཆོས་འཁོར་རྒྱལ་གཙུག་ལག་ཁང་ཀ་ཆེན་བདུན་ཅུ་དང༌།གཙང་ཁང་ཀ་ཆེན་བརྒྱད།མགོན་ཁང་ཀ་བ་བཞི་བཅས་ཁྱོན་ཀ་ཆེན་བརྒྱད་ཅུ་གྱ་བརྒྱད་ཀྱི་ས་རྨང་བཏིངས་ནས་ལོ་གསུམ་ནང་ལེགས་པར་གྲུབ།དགུང་ལོ་སོ་བདུན་ལ་རྒྱལ་རྗེ་ཐོག་ཏུ་རྗེ་མོའི་བླ་མཚོའི་གནས་སྒོ་ཕྱེ་བར་མཛད།དེ་ནས་དཀར་པོ་ཀུན་གྲགས་པས་བསམ་ཡས་ཞིག་གསོ་གྲུབ་པའི་རབ་གནས་སུ་གདན་དྲངས།པཎ་ཆེན་ཡེ་ཤེས་རྩེ་མོའི་གདན་ཞུས་ལྟར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ཁྲི་པ་མཛད།
དགུང་ལོ་སོ་བརྒྱད་ལ་འོལ་དགའ་དང༌།ཆོས་འཁོར་རྒྱལ་ཁུལ་དུ་ཀོང་དམག་དང་འབྲི་གུང་པའི་དམག་ལྷགས།དགུང་ལོ་ཞེ་གཉིས་ལ་ཐོས་བསམ་གླིང་གི་བློ་བཟང་བཤེས་གཉེན་དང༌།ཤར་རྩེ་བློ་གྲོས་རྒྱ་མཚོ་གཉིས་ཁྲི་ཚབ་ཏུ་བསྐོས་ནས་འབྲས་སྤུངས་སུ་ཕེབས།
         དགུང་ལོ་ཞེ་གསུམ་ལ་འབྲས་སྤུངས་ཀྱི་ཁྲི་པ་མཛད།དགུང་ལོ་ཞེ་བཞི་ལོ་རྗེ་ཙོང་ཁ་པས་རྗེ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་ནས་ལོ་དགུ་བཅུ་གོ་གཅིག་རིང་སྟར་ཆགས་སུ་ཚུགས་ཀྱང་སྐྱིད་ཤོད་ཀྱི་ཁ་བདག་རིན་སྤུངས་པས་མཛད་ནས་ལོ་བཅུ་དགུའི་རིང་གསང་ཕུ་བ་དང༌།ཀརྨ་པ་སོགས་ཁེར་རྐྱང་གིས་སྨོན་ལམ་ཚུགས་པ་དེ་སྐོར་རྗེ་ཉིད་ཀྱིས་ཕག་གྲུ་གོང་མར་སེ་འབྲས་གཉིས་སྨོན་ལམ་ལ་ཞུགས་ཆོག་པའི་སྙན་སེང་བཀའ་འཁྲོལ་བྱུང་དོན་ས་སྟག་ལོ་ནས་རྗེ་ཉིད་སྨོན་ལམ་ཚོགས་དབུར་ཕེབས་པ་མ་ཟད།ཕག་གྲུས་འབྲས་སྤུངས་དཔོན་ཁང་དུ་གྲགས་པ་དེ་ཕུལ་ནས་རྟེན་འཔྲེལ་གྱི་ཁྱད་མིང་ཡང་དགའ་ལྡན་ཕོ་པྲང་དུ་འདོགས་པར་མཛད།
         དགུང་ལོ་ཞེ་དགུ་ལ་ཆོས་འཁོར་རྒྱལ་དུ་གསེར་ཟངས་ཀྱི་རྗེ་བཙུན་མི་ཕམ་མགོན་པོའི་སྐུ་མཐོ་བཅུའི་ཚད་དང་ལྡན་པ་ཞིག་གསར་བཞེངས་མཛད།
དགུང་ལོ་ང་གཅིག་ལ་སེ་རའི་ཁྲི་པ་མཛད།དགུང་ལོ་རེ་དྲུག་ལ་འོན་མངའ་རིས་གྲྭ་ཚང་དུ་ཆོས་གྲྭ་བཙུགས།དུས་ཀུན་དགུན་དཔྱིད་གཉིས་འབྲས་སྤུངས་དང༌།དབྱར་སྟོན་གཉིས་ཆོས་འཁོར་རྒྱལ་དུ་བཞུགས་ནས་ཆོས་འཁོར་བསྐོར།དགུང་ལོ་རེ་བརྒྱད་དེ་ཆུ་སྟག་ལོ་1542 ལ་སྐུ་གཤེགས།འདིར་གསུང་འབུམ་པོད་གསུམ་བཞུགས།

བརྒྱུད་འགོད།