རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ་གྱི་དཀར་ཆག

    སྤེལ་དུས།  2015-12-07 22:47:20     རྩོམ་པ་པོ།   དོམ་པ་བ་ཐུབ་བསྟན་རྒྱལ་མཚན    ཀློག་ཐེངས།  

                               u=348595099,1132914004&fm=21&gp=0.jpg

406ཀ་

1ལེགས་པར་གསུངས་པ་དམ་པའི་ཆོས་འདུལ་བའི་གླེང་གཞི་དང་རྟོགས་པ་བརྗོད་པ་ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་ལ། 561
དཀར་ཆག་ལ། 1
407ཁ་
1དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་བོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་ལ། 476
དཀར་ཆག་ལ། 1
408ག་
1སོ་ཐར་གྱི་མདོའི་རྣམ་བཤད་གཞུང་དོན་གསལ་བའི་ཉི་མ་ལ།53
2མཛོད་ཊིཀ་ཐར་ལམ་གསལ་འབྱེད་ལ། 229
3དབུ་མ་འཇུག་པའི་བསྟན་བཅོས་ཀྱི་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ལ་53
4དབུ་མ་རྩ་བ་ཤེས་རབ་ཀྱི་ངག་འདོད་བཤད་པ་རིན་པོ་ཆེའི་ཕྲེང་བ་ལ། 48
དཀར་ཆག་ལ། 1
409ང་
1ཚད་མའི་བསྟན་བཅོས་ཆེན་པོ་རིགས་པའི་རྒྱན་ལ། 212
2 རྣམ་འགྲེལ་རང་དོན་རྗེས་སུ་དཔག་པའི་ལེའུའི་རྣམ་བཤད་ལ། 43
3ཚད་མ་གྲུབ་པའི་ལེའུའི་རྣམ་བཤད་ལ། 37
4མངོན་སུམ་ལེའུའི་རྣམ་བཤད་ལ། 61
5གཞན་དོན་རྗེས་སུ་དཔག་པའི་ལེའུའི་རྣམ་བཤད་ལ། 43
དཀར་ཆག་ལ། 1
410ཅ་
1ཐུབ་པའི་དབང་པོ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ་ལ། 8
2ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་རྣམ་པར་ཐར་པ་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ལ། 62
3 རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ལ། 22
4 དུས་ཆེན་ངོས་འཛིན་དང་ཆོ་འཕྲུལ་བསྟོད་པ་གསོལ་འདེབས་རྒྱལ་གསུང་མ་བཅས་ལ། 3
5 སྒྲོལ་དཀར་གྱི་ཐུན་མོང་མ་ཡིན་པའི་རྗེས་གནང་ལ། 4
6 སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་གི་ཊིཀ་རིན་པོ་ཆེའི་ཕྲེང་བ་དང་སྒྲོལ་ལྠང་གི་སྒྲུབ་ཐབས་བཅས་ལ། 9
7དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ཟིན་བྲིས་མཁས་པའི་ཡིད་འཕྲོག་ལ། 17
8ཐེག་ཆེན་བློ་སྤྱོང་གི་གདམས་པ་ལ། 47
9སི་ཏུ་རྣམ་རྒྱལ་གྲགས་པའི་དྲི་བ་ལ། 3
10དེའི་ལན་ལ། 24
11ལེགས་ལྡན་ནག་པོའི་གཏོར་ཆོག་ལ། 5
12ཆོས་རྒྱལ་ཡབ་ཡུམ་གྱི་བསྐང་གསོ་བསྟོད་བསྐུལ་བཅས་ལ། 8
13གསུང་ཐོར་བུ་སྣ་ཚོགས་ཕྱོགས་གཅིག་ཏུ་སྒྲིལ་བ་ལ། 123
དཀར་ཆག་ལ། 2
 
                                                  མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
 
         ༄༅། །རྒྱལ་བ་དགེ་འདུན་གྲུབ་པ་ནི་གཙང་དཔལ་ལྡན་ས་སྐྱ་དང་འདབ་ཆགས་པ་སྲད་ཀྱི་ལུང་པའི་ལ་གཅིག་ཏུ་གུར་མེའི་རུ་བར་ངར་ཚོའི་རིགས་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་མོ་ལུགས་སྤྱི་ལོ་1391ལ་སྐུ་འཁྲུངས།མཚན་པདྨ་རྡོ་རྗེ་ཞེས་བྱ་བར་གསོལ།
        དགུང་ལོ་བདུན་ལ་ཕེབས་དུས་སྣར་ཐང་དགོན་དུ་ཕེབས།དཔལ་སྣར་ཐང་པའི་མཁན་རབས་བཅུ་བཞི་པ་ཆོས་ཀྱི་རྗེ་གྲུབ་པ་ཤེས་རབ་ཀྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས།རྒྱ་སྟོན་ཙན་སྔ་པ་ལ་རྒྱ་བོད་ཀྱི་ཡིག་རིགས་མཐའ་དག་གསན།དགུང་ལོ་བཅོ་ལྔ་ལ་ཕེབས་སྐབས་མཁན་ཆེན་གྲུབ་པ་ཤེས་རབ་དང༌།ཆེན་པོ་བློ་ལྡན་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་གསོལ།
        དགུང་ལོ་ཉི་ཤུར་ཕེབས་སྐབས་གོང་གི་བླ་མ་གཉིས་ཀྱི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས།དགུང་ལོ་ཉི་ཤུ་རྩོ་ལྔར་དབུས་ཕྱོགས་སུ་བྱོན་ཏེ་ཁྲ་འབྲུག་ཏུ་སེམས་པ་ཆེན་པོ་ཀུན་བཟང་དང༌།ཐང་པོ་ཆེར་རོང་སྟོན་ཤྰཀྱ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་ཕར་ཕྱིན་གསན།བཀྲ་ཤིས་དོ་ཁར་རྗེ་རིན་པོ་ཆེ་མཇལ་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསན་ཏེ་དགེ་ལྡན་དང་གསང་ཕུ་གཉིས་ལ་ལོ་གསུམ་ཙམ་བཞུགས།དགུང་ལོ་ཉེར་བདུན་བཞེས་པ་ན་འབྲས་སྤུངས་དགོན་དང༌།སེ་ར་ཆོས་སྡིངས།གྲོ་ས་སོགས་སུ་བྱོན།དམར་སྟོན་དཔལ་ལྡན་རིན་ཆེན་དང༌།རྒྱ་མཚོའི་རིན་ཆེན་གཉིས་ལས་ལོ་གཉིས་རིང་མདོ་རྩ་བ་དང་མངོན་བརྗོད་ལེགས་པར་གསན།དེ་ལྟར་དབུས་སུ་ལོ་བཅུ་གཉིས་རིང་བཞུགས།
        དགུང་ལོ་སུམ་ཅུ་སོ་དྲུག་ལ་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་ཁུལ་སྣར་ཐང་དང༌།བྱང་ཆེན།རྟ་ནག་རི་ཁུད་དམ་ལ་རིམ་གྱིས་བྱོན་ཏེ་ལོ་ལྔ་དྲུག་རིང་ལ་འཆད་ཉན་འཕེལ་བར་མཛད།དགུང་ལོ་བཞི་བཅུར་ཕེབས་པ་ན་འཇུག་ཊིཀ་བརྩམས།དགུང་ལོ་ཞེ་གཉིས་བཞེས་པ་ན་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་མཇལ།ལོ་དེར་ཚད་མ་རྣམ་འགྲེལ་གྱི་ཊིཀ་བརྩམས།དགུང་ལོ་ཞེ་གསུམ་བཞེས་པ་ན་དབུ་མ་རྩོ་ཤེའི་རྣམ་བཤད་རིན་པོ་ཆེ་ཕྲེང་བ་བརྩམས།དགུང་ལོ་ཞེ་དྲུག་ལ་བྱང་ཆེན་དུ་ཐེག་ཆེན་ཕོ་པྲང་ཞེས་པའི་གཟིམས་ཁང་ཆེན་མོ་བཏབ།
        དགུང་ལོ་ཞེ་བདུན་ནས་དགུང་ལོ་བདུན་ཅུ་དོན་དགུ་བར་ཚད་མ་རིགས་རྒྱན་དང༌།འདུལ་བའི་གླེང་འབུམ་དང༌།སོ་ཐར་གྱི་ཊིཀ་བརྩམས།འདུལ་བའི་བསླབ་ཁྲིམས་ཀྱི་བཅའ་ཡིག་ཆེན་མོ་སོགས་དཔེ་མང་དག་ལྠགས་རྩོམ་གནང༌།དགུང་ལོ་ལྔ་བཅུ་ང་བདུན་ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ།རྗེ་འདི་ཉིད་ཀྱི་སྐུ་ཚེ་འདི་ལ་དང་པོར་སྣར་ཐང་མཁན་ཆེན་རིན་པོ་ཆེ་གྲུབ་པ་ཤེས་རབ་དང༌།བར་དུ་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ།ཐ་མར་མཁས་གྲུབ་ཤེས་རབ་སེང་གེ་ལ་སོགས་པའི་བླ་མ་བཅུ་ཕྲག་དྲུག་ལྷག་ཙམ་བསྟེན་ཏེ།འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་བཞིར་བཟུང་ནས་མཐར་དགུང་ལོ་བརྒྱད་ཅུ་གྱ་བཞི་སྟེ་རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་སྤྱི་ལོ་1474ལ་སྐུ་གཤེགས།གསུང་པོད་ལྔ་བཞུགས།
བརྒྱུད་འགོད།