མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ་གྱི་དཀར་ཆག

    སྤེལ་དུས།  2015-12-07 16:31:14         ཀློག་ཐེངས།  

           0ff41bd5ad6eddc40193052b3adbb6fd536633ed.jpg

394ཀ་
1རྣམ་ཐར་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་ལ། 14
2གསན་ཡིག་ལ། 44
3གསུང་ཐོར་བུའི་གྲས་ལ། 29
4ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་བསྐལ་བཟང་མིག་འབྱེད་ལ། 260
5ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཐར་ཐུག་པའི་ལྟ་བ་ཐལ་འགྱུར་དུ་འགྲེལ་ཚུལ་གནད་དོན་གསལ་བའི་ཟླ་ཟེར་ལ། 14
6འགྲེལ་པ་དོན་གསལ་གྱི་རྣམ་བཤད་རྟོགས་དཀའི་སྣང་བ་ལ། 223
395ཁ་
1ཕྱིན་ཅི་ལོག་གི་གཏམ་གྱི་སྦྱོར་བ་ལ་ཞུགས་པའི་བྱ་བ་ངན་པ་རྣམ་པར་འཐག་པའི་བསྟན་བཅོས་གནམ་ལྕགས་འཁོར་ལོ་ལ། 47
2རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་མཆོག་གི་དང་པོ་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་འགྲེལ་ཆེན་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་ལས་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་གཞག་པ་ལ། 507
396ག་
1བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་ནང་ངེས་པའི་ལེའུའི་རྣམ་པར་བཤད་པ་ལ། 211
2བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་དབང་གི་ལེའུའི་འགྲེལ་བཤད་ཀྱི་སྟོད་ཆ་ལ། 121
3བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་དབང་གི་ལེའུའི་འགྲེལ་བཤད་ཀྱི་སྨད་ཆ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པ་ལ། 44
4འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བའི་འཕྲོ་ལས་བརྩམས་ཏེ་སྒྲུབ་ཐབས་ཀྱི་ལེའུའི་རྣམ་པར་བཤད་པ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པ་ལ། 108
397ང་
1ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པའི་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་ཡེ་ཤེས་ཀྱི་ལེའུའི་འགྲེལ་བཤད་ལ། 312
2འགྲེལ་ཆེན་དྲི་མེད་འོད་ཀྱི་དབང་གི་ལེའུའི་འགྲེལ་བཤད་ཀྱི་སྨད་ཆ་རྗེ་བློ་གྲོས་ཆོས་སྐྱོང་གིས་མཛད་པ་ལ། 55
3འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བའི་ལེགས་པར་བཤད་པའི་འཕྲོ་ལས་བརྩམས་ཏེ་སྒྲུབ་ཐབས་ཀྱི་ལེའུའི་རྣམ་པར་བཤད་པ་རྗེ་བློ་གྲོས་ཆོས་སྐྱོང་གིས་མཛད་པ་ལ། 147
398ཅ་
1འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་ལས་ཡེ་ཤེས་ཀྱི་ལེའུའི་འགྲེལ་བཤད་རྗེ་བློ་གྲོས་ཆོས་སྐྱོང་གིས་མཛད་པ་ལ། 298
2དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་གནད་ཀྱི་ཟིན་བྲིས་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་བཞིན་མཁས་གྲུབ་རིན་པོ་ཆེས་བརྗེད་བྱང་དུ་མཛད་པ་ལ། 98
3དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་དགོངས་པ་རབ་གསལ་ལ། 72
399ཆ་
1 དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་སྒྲུབ་ཐབས་པདྨ་དཀར་པོའི་ཞལ་ལུང་ལ། 65
2བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྗེ་ཚོགས་ལ་མཆོད་པའི་ཆོ་ག་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ། 15
3དཔལ་དུས་ཀྱི་འཁོར་ལོའི་ཐིག་རྩ་ལ། 7
4དཔལ་དུས་ཀྱི་འཁོར་ལོའི་ཉེ་བར་མཁོ་བའི་ཟུར་འདེབས་ལ། 6
5དཔལ་གསང་བ་འདུས་པའི་དཀྱིལ་ཆོག་གི་ངག་འདོན་གོ་སླ་བར་བརྗོད་པ་ལ། 36
6བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་མངོན་རྟོགས་ཀྱི་ལྷན་ཐབས་ལ། 14
7དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ལ། 10
8བསྟན་པའི་མངའ་བདག་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོའི་ཞལ་ལས་བྱུང་བའི་རྒྱུད་ཀྱི་ཟིན་བྲིས་ལ། 109
9 སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ས་ལམ་གྱི་བགྲོད་ཚུལ་གསལ་སྒྲོན་དང་སྦྱར་བ་ལ། 13
10འགྲེལ་ཆེན་དྲི་མ་མེད་པའི་འོད་ཅེས་བྱ་བའི་ནང་གི་ལེའུའི་དཀའ་གནད་རྣམས་ཀྱི་ཟིན་བྲིས་རགས་ཙམ་ལ། 61
11བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལྰུ་ཨི་པའི་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་རོལ་མཚོ་ལ།50
12བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་དུ་བྱས་པའི་བསྐྱེད་རིམ་གྱི་དཀའ་གནད་ལ། 12
13དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་པདྨ་དཀར་པོའི་ཞལ་ལུང་ལ་ལོག་རྟོག་སེལ་ཚུལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་ཟིན་བྲིས་སུ་བཏབ་པ་ལ། 75
400ཇ་
1བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལ། 190
2རིམ་ལྔའི་གསལ་བྱེད་ཟིན་བྲིས་སུ་སྩལ་བ་སྔ་ཕྱི་གཅིག་ཏུ་བསྡོམས་པ་ལ། 43
3བཅོམ་ལྡན་འདས་ཀྱི་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པའི་རྣམ་པར་བཤད་པ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་ལ། 247
401ཉ ་
1ཀྱཻ་རྡོ་རྗེའི་དཀྱིལ་ཆོག་ལ། 43
2དེའི་སྒྲུབ་ཐབས་ལ། 24
3དེའི་མཆོད་ཕྲེང་ལ། 4
4དེའི་མཆོད་བསྟོད་སྨོན་ལམ་ཤིས་བརྗོད་བཅས་པའི་ཟུར་འདེབས་ལ།13
5 སྡོམ་པ་གསུམ་གྱི་རྣམ་གཞག་མདོར་བསྡུས་ཏེ་བཤད་པ་ཐུབ་བསྟན་བྱི་དོར་ལ། 136
6 རྒྱུད་སྡེའི་སྤྱིའི་རྣམ་གཞག་ལ། 94
7དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་མཇུག་བློ་གྲོས་ཆོས་སྐྱོང་གིས་མཛད་པ་ལ། 128
402ཏ་
1དུས་ཀྱི་འཁོར་ལོའི་ནང་ལེའི་ཟིན་བྲིས་འཕོ་ཅན་ལ། 103
2དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་རྒྱས་སྦྱིན་སྲེག་ལ། 11
3དཔལ་རྡོ་རྗེ་འཇིགས་བྱེད་རྗེ་བཅུ་གསུམ་མའི་བསྐྱེད་རིམ་ལ། 19
4དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་ལ། 20
5ས་ལམ་གྱི་རྣམ་གཞག་མཁས་པའི་ཡིད་འཕྲོག་ལ། 15
6ཚད་མའི་ལམ་ཁྲིད་ལ། 16
7 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྐང་གསོ་ཆ་ལག་དང་བཅས་པ་ལ། 21
8 ལྟ་བའི་ཞལ་ཤེས་ཡིག་ཆུང་ལ། 3
9 ལྟ་ཁྲིད་མུན་སེལ་སྒྲོན་མེ་ལ། 26
10གསུང་ཐོར་བུ་བ་དམས་ཕྱོགས་གཅིག་ཏུ་བསྡོམས་པ་ལ། 258
403ཐ་
1ཚད་མ་ཡིད་ཀྱི་མུན་སེལ་ལ། 224
2འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག་སྙིང་བོ་ཉེར་བསགས་ལ།70
3དཔལ་གསང་བ་འདུས་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་ལ། 11
4 ཐུགས་ཀྱི་དམ་བཅས་པ་བཅུ་ལ། 4
5 རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས་རང་དོན་ལེའུའི་རྣམ་བཤད་ལ། 193
404ད་
1ལེའུ་གཉིས་པའི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལ། 108
2 རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས་མངོན་སུམ་ལེའུའི་རྣམ་བཤད་ལ། 207
3 རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས་གཞན་དོན་ལེའུའི་རྣམ་བཤད་ལ། 132
405ཨ་
1ཚད་འབྲས་ཀྱི་རྣམ་གཞག་ཆེན་མོ་བཞུགས་པའི་དབུ་ཕྱོགས་ལ།43
2དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད་ཅེས་བྱ་བ་ལ། 8
3མངོན་སུམ་ལེའུའི་ཊིཀ་རྗེའི་གསུང་བཞིན་མཁས་གྲུབ་རྗེས་མཛད་པ་ལ། 95
4མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་སྔགས་ཀྱི་དྲིས་ལན་ལ། 4
5ལས་གཤིན་གྱི་ཕྱི་སྒྲུབ་དང་ནང་སྒྲུབ་ཀྱི་མངོན་རྟོགས་དང་གཏོར་ཆོག་ལ། 9
6 མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་སྒྲུབ་ཅིང་གཏོར་མ་འབུལ་པ་རྒྱུན་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ། 12
7དཔལ་རྡོ་རྗེ་ནག་པོ་ཞལ་བཞི་བའི་སྤྱན་འདྲེན་བསྐང་གསོ་ལ།9
8བཀའ་རྒྱ་མའི་གྲས་མན་ངག་ཡིད་བཞིན་ནོར་བུ་ལ། 28
9མཁས་གྲུབ་ཐམས་ཅད་མཁྱེན་པའི་གསང་བའི་རྣམ་ཐར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་ལ། 37
10མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་ཡིག་ཆུང་ཉེར་གཅིག་ལ། 25
11མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་གྱི་པད་མོ་ལས་འོངས་པའི་ཡིག་ཆུང་ལ། 16
12 རྟོག་པ་གསུམ་པའི་རྣམ་བཤད་དཔལ་གཤིན་རྗེ་གཤེད་ཀྱི་འཕྲུལ་འཁོར་གྱི་ཆོ་ག་རྒྱ་ཆེར་བཤད་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཉི་འོད་ལ། 59
13 དུས་འཁོར་རྫོགས་རིམ་མཁས་གྲུབ་རིན་པོ་ཆེའི་གསུང་བཀའ་རྒྱ་མའི་ཟིན་བྲིས་ལ། 31
14དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་མན་ངག་ལ། 49
15མཁས་གྲུབ་ཐམས་ཅད་མཁྱེན་པའི་མན་ངག་ཡིག་ཆུང་ལ། 25
 
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་གཙང་སྟོད་ལྡོག་གཞུང་དུ་སེ་རིགས་སྔགས་འཆང་གི་གདུང་མ་ཉམས་པ་ཡབ་ཀུན་དག་འ་བཀྲ་ཤིས་དཔལ་བཟང་དང༌།ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་གླང་1385ལོར་འཁྲུངས།མཁས་གྲུབ་རྗེ་དབང་བློའི་སྐྱེ་བར་གྲགས་པས་མཁས་གྲུབ་ཆོས་རྗེར་གྲགས།སྐུ་གཞོན་ནུའི་དུས་ངམ་རིང་དང་ས་སྐྱར་གཞུང་ལུགས་ལ་སྤྱང་པས་རིགས་པའི་དབང་ཕྱུག་ཏུ་གྱུར།མཁས་གྲུབ་སེང་གེ་རྒྱལ་མཚན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་མཁས་གྲུབ་དགེ་ལེགས་དཔལ་བཟང་དུ་གསོལ།དགུང་ལོ་བཅུ་དྲུག་སྐབས་ངམ་རིང་དུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་རིགས་གཏེར་ནང་འགལ་གྱི་ཕུང་བོར་དགག་པ་བྱེད་པ་ཡིན་པས་རིམ་བཞེན་བཀག་པས་མཁས་མཆོག་བོ་དོང་པཎ་ཆེན་ཡིད་འཕྲོགས་ཏེ་ཕྱིས་ཁོང་གིས་བུང་བ་རྣམ་པར་རྩེན་པའི་བསྟོད་པ་ཚན་དོན་ཕུན་སུམ་ཚོགས་པ་ཞིག་ཀྱང་སྩལ།རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང༌།རྗེ་དཔལ་འབྱོར་ཤེས་རབ་གཉིས་ནས་མཁན་སློབ་མཛད་དེ་བསྙེན་རྫོགས་སྡོམ་པ་བཞེས།དེ་སྐབས་རྗེ་བཙུན་རེད་མདའ་བ་ནས་དབུ་ཚད།འདུལ་བ་སོགས་གསན།དགུང་ལོ་ཉི་ཤུ་རྩོ་གསུམ་ལ་དབུས་སུ་ཕེབས།རྗེ་ཚོང་ཁ་བ་སེ་རེ་ཆོས་སྡིངས་སུ་བཞུགས་སྐབས་དང་མཇལ་ཏེ་གཞུང་གི་དཀའ་གནད་ལ་དོགས་དྲི་ཞུས་པས་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པའི་གསུང་ཡང་བྱོན་ནས་མན་ངག་དམས་ཡོངས་སུ་སྩལ།དཀའ་གནད་འགའ་ཞིག་ཟིན་བྲིས་མཛད་ནས་གཙང་དུ་ཕེབས།མྱང་སྟོད་ལྕང་རའི་གདན་ས་མཛད།འཕྲིན་ལས་ཤིན་ཏུ་ཆེ་བས་མཁས་གྲུབ་ལྕང་རར་གྲགས།རི་བོ་མདངས་ཆེན་དང་ཆོས་དང་ཆོས་སྡེ་ཆེན་པོ་དཔལ་འཁོར་བདེ་ཆེན་བཅས་ཕྱག་བཏབ།དགེ་ལུགས་ཀྱི་གྲྭ་ཚང་མང་པོ་བཙུགས།དགུང་ལོ་ཞེ་ལྔར་རྒྱལ་ཚབ་དར་མ་རིན་ཆེན་མཇལ་ཏེ་ལྷན་དུ་དབུས་སུ་ཕེབས།དགུང་ལོ་ཞེ་དྲུག་ལ་རྗེའི་གདན་སར་ལོ་བརྒྱད་རིང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད།དེའི་ལོར་དགའ་ལྡན་གསེར་ཁྲིར་ཕེབས།དགུང་ལོ་ལྔ་བཅུར་ཕེབས་སྐབས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་བརྩམས།དགེ་ལྡན་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས།ལྔ་མཆོད་ཀྱི་སྲོལ་གཏོད།རྗེའི་དངུལ་གདུང་རིན་པོ་ཆེའི་དབུ་ཐོག་ཏུ་གསེར་གྱི་རྒྱ་ཕིབས་གསར་དུ་བསྐྲུན།དགུང་ལོ་ང་བཞི་པ་རབ་བྱུང་བདུན་པའི་ས་རྟ་1438ལོ་ལ་སྐུ་གཤེགས།འདིར་གསུང་འབུམ་པོད་བཅུ་གཉིས་བཞུགས།
ཞྭ་སེར་བསྟན་པའི་སྒྲོན་མེ་རྗེ་ཙོང་ཁ་པ་ཆེན་པོས་གཙོས་སྐྱེས་ཆེན་དམ་པ་རིམ་བྱུང་གི་གསུང་འབུམ་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་ལས་བཤུས།
བརྒྱུད་འགོད།