བཀའ་འགྱུར་ཐུགས་ལ་མངའ་བའི་བོད་ཀྱི་སྐྱེས་ཆེན་དག་གི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-01-25 09:08:56     རྩོམ་པ་པོ།   ཤེས་རབ་བསྟན་དར་གྱིས་བསྒྲིགས།    ཀློག་ཐེངས།  

        ༡ཤ་ར་བའི་ཐུགས་ལ་བཀའ་འགྱུར་ཁ་ཚང་མངའ་ྶསྟེ། དེབ་སྔོན་ལས། ཤར་པ་བ་ཆེན་པོ་ནི། བྱང་གི་རོམ་པོར་འབྲོག་པ་ཞིག་གི་སྲས་སུ་ལྕགས་ཕོ་ཁྱི་ལ་འཁྲུངས། གཞོན་པའི་དུས་སུ་ཕ་མས་བག་མ་བླངས་པ་ལ་མ་ཆགས་པར། པོ་ཏོ་བའི་སྤྱན་སྔར་བྱོན་ནས་རབ་ཏུ་བྱུང་ཞིང་གདམས་པ་གསན། ཐུགས་རབ་ཤིན་ཏུ་ཆེ་བས་བཀའ་འགྱུར་རོ་ཅོག་ཐུགས་ལ་བཞུགས་པར་ཡང་གྲགས།ཞེས་གསུངས།

2གཡག་ཕྲུག་སངས་རྒྱས་དཔལ་བའི་ཐུགས་ལ་བཀའ་འགྱུར་ཁ་ཚང་མངའ་སྟེ། དེབ་སྔོན་ལས།གཡག་ཕྲུག་སངས་རྒྱས་དཔལ་ཞེས་གྲགས་པ་དེའི་རྩ་བའི་གྲྭ་ས་ནི་གསང་ཕུ་བ་ཡིན། དེར་བུ་ཊཱི་ཀ་ལ་མང་དུ་སྦྱངས། ཐུགས་ལ་བཀའ་བསྟན་བཅོས་ཀྱིས་གཙོ་བྱས་པའི་གསུང་རབ་བཞུགས་པ་ཁོང་ལས་མང་བ་མེད་ཅེས་གྲགས་པ་དེས། ས་སྐྱ་དགའ་ལྡན་གྱི་བདག་པོ་མཛད།ཞེས་གསུངས།

3བོ་དོང་བའི་ཐུགས་ཐོག་ནས་བཀའ་བསྟན་འགྲོ་བ་ཁོང་གི་རྣམ་ཐར་ན་གསལ།

4རོང་སྟོན་བཀའ་འགྱུར་ཐུགས་ལ་མངའ་བ་བོ་དོང་རྣམ་ཐར་ན་གསལ།

བརྒྱུད་འགོད།