ཆོས་འཕགས་དགོན་པའི་བླ་མ་ཆིན་ཏིན་མཆོག་ལ་སྦྱར་བའི་རྡོ་རིང་ཡི་གེ

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-08 22:33:23     རྩོམ་པ་པོ།   ཆོས་འཕགས་དགོན།    ཀློག་ཐེངས།  

e824b899a9014c08ee3383dc0a7b02087bf4f4bb.jpg

༄༅ ། །  བླ་མ་ཞིང་ཕེབས་ཆིན་ཏིན་མཆོག་གི་འཁྲུངས་ཡུལ་ནི་ཀྲི་ཅིང་སན་མེན་གྱི་ཀའོ་ཅིན་ཏི། ཁྱིམ་རུས་ཀྲན།  མེས་པོ་གོང་མ་རྣམས་དཀོན་མཆོག་བཀུར་ཅིང་རང་ཡུལ་དུ་སྙན་གྲགས་ཆེ། སྐུ་གཞོན་དུས་ནས་ཁྱིམ་གྱི་བསླབ་བྱ་ཐོབ་པས་རྒྱུད་འཇམ་ཞིང་རིག་པ་གསལ། ༡༩༢༥ལོར་ཀོང་ཀྲིའུ་སློབ་ཆེན་ནས་མཐར་ཕྱིན། གཤིས་ཡོད་གཉིས་བཟང་གི་དབང་ལས་སློབ་གྲྭར་བཞག་སྟེ་སློབ་ཁྲིད་གནང་།

གསར་བརྗེའི་སྐབས་དུས་འགྱུར་གྱི་རླུང་སྤྲིན་འཚུབས་པས་ལོ་ཕྱི་མར་ཧོང་ཕུ་དམག་གི་སློབ་གྲྭར་ཞུགས། ཚེ་ཕྱེད་དམག་ལས་ཀྱི་ངལ་དུབ་མྱངས། ༡༩༤༡ལོར་ཧྲའོ་ཅང་གི་དམག་ཐོབ་བཞེས་ཏེ་གོ་འཕང་ཇེ་མཐོར་འགྲོ་ཚེ་ལས་སྨོན་དབང་གིས་འཕྲད་མར་འདི་སྣང་རྨི་ལམ་དུ་ཤེས་པས་འཆིང་བ་བཅད་དེ་རབ་ཏུ་བྱུང་བའི་ཐུགས་ཐག་ཆོད།

ལྕགས་སྤྲུལ་ལོའི་ཐུབ་པའི་འཁྲུངས་སྐར་ལ་ཁྲུང་ཆིང་སེང་གེ་རིའི་ཚི་ཁུན་དགོན་དུ་ཧྭ་ཤང་ཁྲན་ཡེར་བཏུད་དེ་གཙུག་ཕུད་མཆོད། ལོ་དེའི་འོད་དཔག་མེད་འཁྲུག ངས་སྐར་ལ་གྲོང་ཁྱེར་སྤོས་ངད་ལྡན་གྱི་ཆོས་འཕགས་དགོན་དུ་ཧྭ་ཤང་ཏིན་ཧོས་ཀྱི་ཞབས་དྲུང་དུ་བསྙེན་པར་རྗོགས། དེ ནས་དགོན་དེའི་གཙག་ལག་ཁང་ལས་མི་འདའ་བར་བཞུགས་ནས་སྡེ་སྣོད་གསུམ་ལ་བརྩོན་པ་ནི་རང་གི་ཕུགས་ནོར་ཐོབ་པ་ཇི་བཞིན་ནོ། །

བྱིས་ཤིན་ཏུའུ་བོ་ཀོང་དགོན་དུ་བླ་མ་ནན་ཧའེ་བསྟེན་ནས་འདུལ་བ་སྤྱངས།ཇིན་ཚེ་དགོན་དུ་བཞུགས་ཚེ་འདུལ་ཁྲིམས་ཁང་དང་དགེ་ཚུལ་ཁང་གི་གཙོ་བོ་གཅིག་ལྕོགས་སུ་མཛད།      རིམ་གྱིས་སྔོན་འགྲོ་ཁང་ནས་རྡོ་རྗེ་གླིང་དུ་འཕར་བཞུགས་གནང་བས་སློབ་དཔོན་གྱི་མཚན་ཐོབ་བཞེས་ཏེ་བླ་མ་ནན་ཧའེ་ཡི་བསྟན་པ་གཏད་པའི་སློབ་མར་གྱུར།

༡༩༤༤ལོར་བླ་མ་ནན་ཧའེ་ཡི་ཞབས་ཕྱིར་ཡུལ་ཕན་ཤན་གྱི་ལོང་ཤིན་དགོན་དུ་ཡི་དམ་འཇིགས་བྱེད་ཀྱི་ཆོས་ནོད་དེ་བསྐྱེད་རྫོགས་ཀྱི་རིམ་གཉིས་པ་གཞོལ།   

༡༩༥༦ལོར་བླ་མ་ནན་ཧའེ་ཡི་སྐུ་ཚབ་དུ་ཝུལ་ཝུ་ཧན་ལ་ཆོས་གནང་བར་ཕེབས།  ཤེར་ཕྱིན་ཆེན་མོ་བམ་པོ་དྲུག་བརྒྱ་བཀླགས།   སུ་ཁྲོན་ལ་ཕེབས་ཏེ་བླ་མ་ནན་ཧའེ་ཡི་བཀའ་ལྟར་ཡུལ་ཁྲུང་ཆང་གི་གསང་སྔགས་ཆོས་ར་བསྐྱངས།   

༡༩༥༨ལོར་མང་ཚོགས་ཀྱིས་གདན་དྲངས་ཏེ་ནན་ཅིན་ཧྲང་ཧའེ་ལ་བསྟན་འགྲོའི་དོན་དུ་བྱོན།  བར་ལམ་དགེ་བསྙེན་ཀྲོའོ་ཕུའུ་ཁྲུའུ་ཡིས་དྲངས་ཏེ་ཧྲང་ཧའེ་ཡི་པུ་ཅོ་ཡོན་དུ་བཞུགས་ཏེ་པཎ་ཆེན་རྗེས་དྲན་ཁང་བསྐྱངས།    གསང་སྔགས་ཆོས་ར་བཙུགས་ཤིང་ནན་ཅིན་གྱི་རི་བོ་པོ་ཧྭ་ལོང་ཁྲང་འདུལ་བ་དགོན་གྱི་མཁན་པོའང་མཛད།  ཧྲང་ཧའེ་ཡི་གསང་སྔགས་ཆོས་ར་ནན་ཧའེ་ཡི་ཕྱག་སྲོལ་ལྟར་བསྐྱངས་ནས་གསང་བསྟན་སྤེལ།     ལྔགས་བསྙེན་འཆད་ཉན་ཟླ་གསུམ་དབྱར་གནས་གསོ་སྦྱོང་བཅས་ཆད་མེད་གནང་།   གསུང་རབ་མང་བོ་པར་དུ་བསྐྲུན་ནས་དགེ་ལུགས་ཁྱད་པར་སྤེལ།

༡༩༥༥ལོ་འི་སྟོན་ཀ་སྲིད་ཀྱི་དབང་གིས་བཙོན་དུ་ཚུད་བླ་མས་དེ་སྔོན་ལས་སུ་དགའ་བས་དང་དུ་བླངས་ཤིང་སྒྲིག་པ་སྦྱངས།ཐུགས་ནམ་མཁའ་བཞིན་དུ་མཛད། བླ་མ་གཞོན་དུས་ནས་གསོ་རིག་ལ་བྱང་བས་བཙོན་ཁང་དུ་སྨན་བཅོས་ཀྱི་རྒྱ་སྲས་ལམ་དུ་ཞུགས། གསང་སྔགས་སྦོས་པའི་ཉམས་ལེན་བར་མ་ཆད། དུས་སྐད་ཅིག་ཙམ་ཡང་ཆུད་ཟོས་སུ་མ་བྱས་པར་ལོ་ཉི་ཤུ་ཕྱིན་ནས༡༩༧༥ལོར་བཙོན་ལས་གྲོལ་ཏེ་རང་ཡུལ་ལ་ལོག་སྐྱེ་བོ་སྡུག་བསྔལ་ཅན་ལ་བརྩེ་ཞིང་མི་རྟག་པ་རབ་དུ་བསྒོམས། ཤི་གསོ་རྨས་བཅོས་ཀྱིས་རང་བཞན་དོན་ལ་ཞུགས་པས་དེ་བཞིན་ལོ་ལྔ་སོང་།

༡༩༨༠ལོར་བླ་མ་མཆོག་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་པུའུ་ཁུའུ་ལགས་ཀྱིས་བསྟན་འགྲོའི་དོན་དུ་ཐེན་ཐེ་ཧྲང་གི་གོ་ཆིང་དགོན་དང་ཀའོ་མིན་དགོན་དུ་གུས་བས་དྲངས།

 ༡༩༨༥ལོར་སྤོས་ངད་ལྡན་ཆོས་འཕགས་དགོན་པའི་ཚོགས་མང་གྲལ་གཉིས་ཀྱིས་རང་དགོན་དུ་དང་བས་དྲངས། དེ་ཚེ་བླ་མ་དགུང་ལོ་བགྲེས་ཀྱཐུགས་སྟོབས་སྔར་བཞིན་དུ་དུས་ཚོད་དམ་འཛིན་གནང་ནས་བཙུན་པ་གསོ་སྐྱོང་དང་། རང་ལུགས་རབ་དུ་སྤེལ་བས་གདམ་སར་གཟི་བྱིན་འབར།

༡༩༨༧ལོའི་ཟླ་༤བར་འཁོར་བཞིའི་གསོར་བ་བཏབ་པ་ནང་བཞིན་དུ་མཁན་པོ་མཛད། དེ་ནི་དགོན་འདི་ཆིང་རྒྱ་རབས་ནས་བསྐྱར་དུ་དར་ནས་བཟུང་ལིང་ཅེའི་གྲུབ་མཐའ་སྤེལ་བའི་མཁན་རབས་བཅུ་བདུན་པ་ལགས། ཆོས་ར་བསྐྱར་བསྐྲུན་དང་བསྟན་པ་བསྐྱར་དར་མཛད། རབ་དུ་བརྗིད་པའི་ཚོགས་ཆེན་འདུ་ཁང་དང་ཡོགས་རྫོགས་ལྷ་ཁང་གཉིས་རིམ་པར་གྲུབ། བླ་མས་ཚོགས་པ་བསྐྱངས་ཏེ་མདོ་སྔགས་ཡ་མ་བྲལ་བར་ནམ་ཕྱེད་ལ་ཅུང་ཟད་མནལ་རྗེས་ཡར་བཞེངས་ནས་རྟག་སྦྱོར་མཛད།

ལོའི་ཟླ་4བར་འཁོར་བཞིས་གསོལ་བ་བཏབ་པ་བཞིན་དུ་མཁན་པོ་མཛད། དེ་ནི་དགོན་འདི་ཆིང་རྒྱལ་རབས་ནས་བསྐྱར་དུ་དར་ནས་བཟུང་ལིང་ཅེའི་གྲུབ་མཐའ་སྤེལ་བའི་མཁན་རབས་བཅུ་བདུན་པ་ལགས། ཆོས་རྭ་བསྐྱར་བསྐྲུན་དང་བསྟན་པ་བསྐྱར་དར་མཛད། རབ་ཏུ་བརྗིད་པའི་ཚོགས་ཆེན་འདུ་ཁང་དང་ཡོངས་རྫོགས་ལྷ་ཁང་གཉིས་རིམ་པར་གྲུབ། བླ་མས་ཚོགས་པ་བསྐྱངས་ཏེ་མདོ་སྔགས་ཡ་མ་བྲལ་བར་ནམ་ཕྱེད་ལ་ཅུང་ཟད་མནལ་རྗེས་ཕྱེད་ཡོལ་ལ་ཡར་བཞེངས་པའི་རྟག་སྦྱོར་མཛད། སྐུ་ཚེའི་སྨད་དུ་བརྩོན་པ་དེ་ལས་ཆེ།

1989ལོའི་སྟོན་དུས་ཨ་རིའི་ཅ་ཀྲིའུ་ཁྲི་སྐུ་མཁར་དུ་གདན་དྲངས་པ་ལྟར་ཕེབས་ནས་སྡོམ་རྒྱུན་སྤེལ་དུས་ལས་སློབ་ཏུ་བསྐོས།

1991ལོར་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྡོམ་རྒྱུན་སྤེལ་བའི་ཆོས་ཚོགས་སྐབས་ལྔ་བ་གཙོ་སྐྱོང་མཛད་དེ་རྒྱལ་ཡོངས་ཀྱི་བཙུན་པ་ཕོ་མོ་ལྔ་བརྒྱར་ཉེ་བ་བསྙེན་པར་རྫོགས། བླ་མ་ཚངས་པར་གནས་ཤིང་ཐུགས་ཀློང་ཡངས་པར་སྤྱད། གཞན་ཡང་རྗེས་འཇུག་གདམས་པས་བསྐྱངས་པར་འཁྲུལ་(མི་གསལ)སྣང་བྲལ། རང་ལ་སྟོབས་པ་ཆུང་ཞིང་སྦྱིན་པ་གཙོ་བོར་མཛད་དེ་འཁོར་བཞིས་ཕུལ་བ་ཀུན་དཀོན་མཆོག་ལ་བཏང་བ་ལས་འཕྲོ་མ་ཇི་སྣང་སྤྱི་ཚོགས་ལ་ཞལ་འདེབས་གནང་ནས་གེགས་སྐྱོབ་སྤྱི་ཕན་གྱི་བྱ་བཞག་ལ་བཏང་། བླ་མ་མེས་རྒྱལ་ལ་དགའ་བས་ཐེ་ཚོམ་དང་ཟོལ་ཟོག་མེད་པར་མེས་རྒྱལ་གཅིག་གྱུར་ལ་གཅིག་ཏུ་རེ། བླ་མ་ནི་ཆིང་གུང་ཞུས་ཀྱི་ཁྲི་ལོ་ཉེར་དགུ་བའི་དགུན་ཟླའི་བཅུ་བདུན་གྱི་འབྲུག་གི་དུས་ལ་སྐུ་བལྟམས།

1999ལོའི་ཟླ་6ཚེས་28ཁྱི་དུས་ལ་འདས་པས་དགུང་གྲངས་གོ་བདུན། ཁྲིམས་ལོ་ང་བརྒྱད། གདུང་བཞུས་རྗེས་རང་བསྲེལ་ཐམས་ཅད་མཆོད་རྟེན་དུ་བཞུགས་སུ་གསོལ་པའོ། ། བླ་མ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཁང་གྲོང་ཁྱེར་སྤོས་ངད་ལྡན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་གྲོས་གླིང་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་གཞོན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་གཞོན་པ། གྲོང་ཁྱེར་སྤོས་ངད་ལྡན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཆོས་འཕགས་དགོན་པའི་ནང་བསྟན་སློབ་གླིང་གི་གླིང་སྤྱི་བཅས་ཀྱི་འགན་སྔ་ཕྱིར་བཤེས་པའོ། །

 སྨྲས་པས། བླ་མ་འཕགས་མ་བྱང་ཆུབ་སེམས་ལྡན། ཐུགས་རྒྱུད་བཟང་ཞིང་ཚངས་པར་རབ་སྤྱད། འཁོར་བའི་ཕུན་ཚོགས་སྤྲིན་ལྟར་གཟིགས་ལ། སྐུ་ཚེ་ཕངས་མེད་ཟབ་མོའི་ལམ་ཕྱིར། འདུལ་ཁྲིམས་བློ་ཡི་དག་བྱེད། གསང་སྔགས་ལུ་མའི་བཅུད་འཛིན། སྦྱིན་གཏོང་སྙིང་རྗེ་བར་མཛད་ལ། གཞན་ལ་བརྩེ་བ་ཉིད་དོ། བླ་མའི་ཆོས་འཁོར་བསྐལ་བར་མི་ཉམས་ཤིང་། འགྲོ་བ་བསྒྲལ་ཏེ་སྐུ་གསུམ་མངོན་འགྱུར་ཤོག།

             གྲོང་ཁྱེར་སྤོས་ངད་ལྡན་ཆོས་འཕགས་དགོན་པའི་ཚོགས་མང་གྲལ་གཉིས་ནས།

ཀྲུུང་གོ་ནང་བསྟན་སློབ་གླིང་གི་གླིང་སྤྱི་གཞོན་པ་བླ་མ་ཁྲོན་ཡིན་གྱིས་སྦྱར།

(ཐིག་ཕྲེང་གཅིག་མི་གསལ)

ཅོ་ནེའི་དོན་འགྲུབ་རྒྱལ་གྱིས་གཏགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།