འཚོ་བའི་ཚད་དམའ་ཤོས་ནས་དད་པའི་ཕན་ཡོན་གླེང་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:20:38     རྩོམ་པ་པོ།   [ཨ་རི]KariZinsmeisterགྱིས་བརྩ    ཀློག་ཐེངས།  

 (ཁྲིན་ཏུ) ཨ་མེ་རི་ཁའི་《<ཨ་རིའི་སྙིང་སྟོབས>The Amerian Enterprice》ཞེས་པའི་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་Kanri Zinsmeisterལགས་ཀྱིས་དད་པ་བརྟན་པོས་ནི་མིའི་རིགས་ཀྱི་ཀུན་སྤྱོད་རྒྱ་ཡན་དུ་འགྲོ་བ་བཀག་འགོག་བྱ་ཐུབ་ཚུལ་ཕྱོགས་བདུན་ནས་བཤད་ཡོད།སྒྱུར་བ་བོའི་གསལ་བཤད།

གཅིག ཆང་འཐུང་བ་དང་དུ་ནག་འཐེན་ཚད། གྲོང་དང་གྲོང་ཁྱེར་1750ལྷག་གི་མཐོ་འབྲིང་སློབ་མ་ཚོར་ཞིབ་འཇུག་བྱས་རྗེས་དད་པ་རྩ་བ་ནས་མེད་པའི་སློབ་མའི་གྲས་ནས་བུད་མེད་98%དང་། བུ་92%ནི་ཆང་འཐུང་མཁན་ཡིན་ལ། དེ་ལས་ཁ་ཤས་ཀྱིས་ཐེངས་རེར་ཆང་བཅུད་རྐྱང་རྐྱང་འདུས་པའི་ཆང་དམ་བུ་བཞི་རེ་འཐུང་གིན་ཡོད་ལ།ཆོས་ལ་དད་པའི་སློབ་མའི་གྲས་ན་5%མ་གཏོགས་འཐུང་མཁན་མི་འདུག་པ་ར་འཕྲོད་བྱུང་། ཡང་སློབ་གྲྭ་གཞན་པ་ཞིག་ནས་སློབ་མ་2048ལྷག་ལ་བརྟག་དཔྱད་བྱས་ཚེ། སློབ་མ་ཚོས་དད་པ་ནི་ཆང་དང་ཉལ་ཐ་སོགས་གཅོད་བྱེད་ཀྱི་ཆེས་མཆོག་ཏུ་གྱུར་པའི་ལག་ཆ་རེད་ཟེར།

HARVARDསློབ་གྲྭ་ཆེན་མོའི་སློབ་མ་ཚོས་ཞིབ་འཇུག་ཡང་ཡང་བྱས་རྗེས་དད་པ་ཡོད་པའི་ཉལ་ཐ་འཐེན་མཁན་ཚོས་དད་པ་རྩ་བ་ནས་མེད་པ་དག་ལས་54%ལྷག་གིས་ཉུང་འཐེན་བྱེད་ཀྱིན་པ་ཤེས།

གཉིས།བཟའ་ཟླ་དང་ཁྱིམ་གཞིས། ལོ་ངོ་བཅུ་ཕྲག་ལྷག་གི་བརྟག་དཔྱད་ལ་གཞིགས་ནས། དད་པ་ནི་བཟའ་ཚང་ཁ་འཆམ་གྲོས་འགྲིག་ཡོང་བའི་མཐུན་རྐྱེན་ཡིན་པ་ཤེས།ཨ་རིའི་སྲིད་གཞུང་གིས་ཁྱིམ་གཞིས་འཕེལ་ཚུལ་སྐོར་གྱི་བརྟག་དཔྱད་རྒྱ་ཆེན་པོ་ཞིག་བྱས་རྗེས། ལོ་རེར་མ་མཐར་ཡང་ཁ་ཏོན་ཐེངས་རེ་བྱས་ཏེ་གསོལ་བ་འདེབས་མཁན་ཚོའི་གྲས་ན་བཟའ་འཐོར་བྱེད་མཁན་ཉུང་ལ། ཟླ་རེར་ཁ་ཏོན་ཐེངས་རེ་བྱས་ཏེ་གསོལ་བ་འདེབས་མཁན་ཚོའི་གྲས་ན་བཟའ་འཐོར་བྱ་མཁན་དེ་བས་ཀྱང་ཉུང་།རྒྱུན་དུ་དད་པ་བྱེད་མཁན་དག་ནི་བཟའ་འཐོར་རྩ་བ་ནས་མི་བྱེད་པ་དངོས་སུ་ར་འཕྲོད་བྱུང་། ནམ་རྒྱུན་ཨ་རིར་བཟའ་འཐོར་བྱེད་མཁན་མང་ཤོས་ནི་དད་པ་གཏན་ནས་མེད་མཁན་དག་རེད། ད་དུང་ན་ཆུང་ཚོའི་གྲས་ཀྱི་དད་པ་མེད་མཁན་ཚོས་རྒྱུན་དུ་དགའ་གྲོགས་མང་པོ་བཙལ་བ་དང་འཁྲིག་པ་ཚད་བརྒལ་དུ་སྤྱད་ནས་སེམས་མགོ་གནོན་ཐབས་བྱེད་བཞིན་ཡོད་པ་རེད།སློབ་གྲྭ་ཆེན་མོའི་མཁས་པ་མང་བོས་དད་པ་བརྟན་པོ་ནི་བཟའ་ཚང་མཐུན་འགྲིག་དང་འཚོ་བ་བདེ་སྐྱིད་ངང་རོལ་པའི་་རྐྱེན་ཡིན་པ་མགྲིན་གཅིག་ཏུ་བཤད།

གསུམ།སྤྱི་ཕན་གྱི་བྱ་བཞགདད་པ་ཡོད་མཁན་མང་ཤོས་ནི་དབུལ་བོ་དང་རྒན་པ།ནད་པ་སོགས་ལ་རོགས་རམ་བྱ་རྒྱུར་དགའ་བ་མ་ཟད་ཁོ་ཚོས་མི་རིགས་དང་ཆོས་ལུགས་གང་ཡིན་ལ་ཕྱོགས་རིས་མེད་པར་བརྩི་བཀུར་བྱེད་པ་ལས། ཟུར་ཟ་དང་མཐོང་ཆུང་མི་བྱེད་པ་རེད། ཨ་རིའི་བྱིས་པ་མང་པོར་བརྟག་དཔྱད་བྱས་རྗེས། དད་ལྡན་ཁྱིམ་ཚང་ཕྱུག་པོའི་བྱིས་པ་ཚོ་དབུལ་བོར་མཐུན་ལ་ཡ་རབས་ཀྱི་ཀུན་སྤྱོད་ལྡན།དད་པ་མེད་པའི་བྱིས་པ་ཕྱུག་པོ་ཚོ་དེ་ལས་ལྡོག་སྟེ་སེར་སྣ་དང་རང་དོན་འབའ་ཞིག་ལ་དགའ་བ་རེད། དེར་བརྟེན་བྱིས་པར་དད་པ་ཡོད་རྒྱུ་ནི་སློབ་མའི་འཚོ་བར་བདེ་འཇགས་ཡོང་བའི་ཐབས་ལམ་ཡིན་པ་ཤེས།

བཞི།འཁྲིག་སྤྱོད།Chicagoསློབ་ཆེན་རྒྱལ་དམངས་རེ་འདོད་ཞིབ་འཇུག་ལྟེ་གནས་ཀྱི་སྙན་ཞུ་ལྟར་ན་ཨ་རིའི་དད་པ་ཡོད་པའི་མིའི་ཁྲོད་དུ་བཟའ་སྒྲིག་མ་བྱས་གོང་འཁྲིག་སྤྱོད་བྱས་ཏེ་ཕྲུ་གུ་སྨན་གྱིས་གསོད་པ་ཧ་ཅང་ཉུང་ལ་རྒྱུན་དུ་འཁྲིག་པ་སྤྱོད་ཚད་ཀྱང་དམའ་བ་རེད།དད་པ་མེད་མཁན་ཚོས་བཟའ་ཟླ་མ་བཙལ་གོང་བུད་མེད་འདྲ་མིན་ལ་ཐུག་ནས་ལུས་པོ་བདེ་ཐང་ལ་གནོད་པ་ཚབས་ཆེན་བྱས་ཡོད།

ལྔ། ཁྲིམས་དང་སྒྲིག་ལམ་ལ་འགལ་བ། ཐེངས་ཤིག་སློབ་མ་46000ལྷག་ལ་བརྟག་དཔྱད་བཏང་པ་ལྟར་ན། ཟླ་རེར་མ་མཐར་ཡང་ཁ་ཏོན་ཐེངས་རེ་བྱས་ཏེ་གསོལ་བ་འདེབས་མཁན་ཚོས་ཆང་འཐུང་བ།དུ་བ་འཐེན་པ།བཟི་རྗེས་རླངས་འཁོར་བསྐོར་ནས་སྲོག་ཉེན་བྱུང་ཚད་དད་པ་མེད་པ་དག་ལས་ལྡབ་གཅིག་གིས་དམའ་བ་རེད།HARVARDསློབ་གྲྭ་མོའི་དཔལ་འབྱོར་རིག་པའི་མཁས་པ་Richard Freemanགྱིས་རྟག་དཔྱད་ཞིབ་མོ་བྱས་རྗེས་དད་པ་ཡོད་པའི་མིའི་ཁྲིམས་འགལ་གྱི་ཚད་དེ་དད་པ་མེད་པ་དག་ལས་59%དམའ་བ་དང་།དད་པ་ཡོད་པའི་སློབ་མ་ཚོའི་སྦྱང་འབྲས་ལེགས་པ། དར་མ་ཚོའི་ལས་ཀ་བརྟན་པ། ཉེས་ཅན་ཚོ་བཙོན་ཁང་ནས་བུད་རྗེས་དད་པ་རྙེད་ནས་སླར་ཡང་བཙོན་ཁང་དུ་ལྷུང་རྒྱུ་ཉུང་བ། ནམ་རྒྱུན་ཡང་ནས་ཡང་དུ་བཙོན་ཁང་དུ་ཡོང་མཁན་དག་དད་པ་རྩ་བ་ནས་མེད་པའི་ཉེས་ཅན་པ་ཤ་སྟག་ཡིན་པ་རེད།

དྲུགབདེ་ཐང་།རྒྱུན་དུ་ཁ་ཏོན་བྱས་ཏེ་གསོལ་བ་འདེབས་མཁན་ཚོ་ཚེ་ཐག་རིང་ལ་ལུས་པོ་བདེ་ཐང་ཡིན་པ་རེད།སྤྱི་དམངས་འཕྲོད་བསྟེན་སློབ་གྲྭ་ཆེན་མོ་ཞིག་གིས་ཞིབ་འཇུག་བྱས་རྗེས་རྒྱུན་དུ་སྙིང་ནད་ཡོད་པ།ཁྲག་ཚད་མཐོ་བ་སོགས་ནད་རིགས་འདྲ་མིན་ཡོད་མཁན་དག་ཕལ་ཆེར་དད་པ་བརྟན་པོ་མེད་པའི་མི་དག་ཡིན་པ་ཤེས།Canadaརྒྱལ་ཁབ་ཀྱི་སློབ་གྲྭ་ཆེན་མོ་བ་མང་བོས་ཞིབ་འཇུག་བྱས་པའི་སྙན་ཞུ་ལྟར་ན་དད་པ་ཡོད་པའི་མི་མང་ཤོས་ལ་དེང་རབས་ཀྱི་བདེ་ཐང་འཕྲུལ་ཆས་སོགས་ཞབས་ཞུའི་ལག་ཆ་སྣ་ཚོགས་མི་དགོས་པར་སེམས་ཁམས་བདེ་བ།ཁོག་རྒྱ་ཡངས་པ།རང་བཞིན་བཟང་བ་སོགས་དད་པ་མེད་པ་དག་ལས་ཁྱད་དུ་འཕགས།Darfmoufhསྨན་རིག་སློབ་གླིང་གི་སྙན་ཞུ་ལྟར་ན་དད་པ་ཅན་ཚོ་བཤའ་བཅོས་བྱས་རྗེས་རྨ་ཁ་སླར་གསོ་མགྱོགས་ལ་ལུས་ཕུང་བདེ་ཐང་གི་ཚད་མཐོ་བར་བཤད།

བདུན། དགའ་བ། ཨ་མེ་རི་ཁའི་མཁས་པ་ཚོས་བཤད་པ་ལྟར་ན་དད་པ་ཡོད་པའི་མི་ལ་ནམ་ཡང་སྤྲོ་སྣང་གིས་ཁེངས་ཤིང་གྲོགས་ལ་མཐུན་པ། བག་མེད་རྒྱས་སྤྲོས་མི་བྱེད་པ།སྤོབས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ཡོད་ལ།དད་པ་མེད་མཁན་ཚོ་ནི་དེ་ལས་ལྡོག་སྟེ།ཁོ་ཚོའི་གྲས་ན་རང་སེམས་མ་ནོན་པར་རང་སྲོག་གཅོད་མཁན་ཡང་མང་བར་བཤད།

བསམ་བློའི་ཤེས་རིག་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།