དག་ཞིང་གི་སྐོར་གླེང་བ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-10-10 10:33:55     རྩོམ་པ་པོ།   མིང་མེད།    ཀློག་ཐེངས།  

༡དག་ཞིང་གི་སྒྲ་བཤད།

          དག་ཞིང་ནི་དག་པའི་ཞིང་སྟེ།སངས་རྒྱས་ཀྱི་ཞིང་ཞེས་འགྲེལ་ཡོད།

༢དག་ཞིང་གི་དབྱེ་བ།

          བདེ་བ་ཅན་གྱི་ཞིང་ཁམས་དང་། འོད་ཟེར་ཅན་གྱི་ཞིང་ཁམས། པོ་ཏ་ལའི་ཞིང་ཁམས། ཤམ་བྷ་ལ། གཡུ་ལོ་བཀོད་པའི་ཞིང་ཁམས་སོགས།

༣དག་ཞིང་དུ་སྐྱེ་བའི་རྒྱུ།

དག་ཞིང་དུ་སྐྱེ་བྱེད་མཐུན་རྐྱེན་གསུམ།  བསག་སྦྱང་བྱས་ཏེ་དེར་སྐྱེ་བའི་འདུན་པ་དྲག་ཏུ་སྦྱང་བ་དང་། དེར་སྐྱེ་བའི་སྨོན་ལམ་ཤུགས་དྲག་ཡང་ཡང་འདེབས་པ་དང་། རང་གི་དགེ་བ་ཐམས་ཅད་གནས་སྐབས་སུ་དེའི་ཆེད་དུ་བསྔོ་ཞིང་ལྟ་བ་རྣམ་དག་གི་རྩིས་ཟིན་པར་བྱ་བ།སོ་སྐྱེ་དག་ཞིང་དུ་སྐྱེ་བ་ལས་སྨོན་ལམ་ཁོ་ནས་སྐྱེ་དགོས་ཏེ། ཀུན་མཁྱེན་བླ་མས། རྒྱུན་ཞུགས་དང་སོ་སྐྱེ་ལ་ལས་ཉོན་དབང་གིས་སྐྱེས་པར་བཤད་ཀྱང་དག་ཞིང་ལ་སྨོན་ལམ་ཁོ་ནས་སྐྱེ་དགོས་ཞེས་གསུངས།

༤ཞིང་སྦྱོང་ཚུལ། 

         གསེར་ཕྲེང་ལས།  སངས་རྒྱས་ཀྱི་ཞིང་སྦྱོང་བ་ནི། ཞིང་དག་བྱེད་ཀྱི་དགེ་རྩ་རྣམས་ཞིང་དག་པའི་རྒྱུར་བསྔོས་ཏེ་རང་གི་སངས་རྒྱས་ཀྱི་ཞིང་རྟེན་སྣོད་དང་བརྟེན་པ་བཅུད་ཀུན་ཏུ་སྦྱོང་བ་དང༌། འཁོར་བས་ཡོངས་སུ་མི་སྐྱོ་བ་ནི་རང་གིས་ཕན་བཏགས་པའི་སེམས་ཅན་རྣམས་རང་དང་མི་མཐུན་པའི་ལུས་ཀྱི་རྣམ་འགྱུར་སྟོན་པ་དང་སོགས་པས་དངོས་སུ་གནོད་པ་བྱེད་པ་དང་ངག་གིས་ མི་སྙན་པར་བརྗོད་པ་རྣམས་མཐོང་བས་སེམས་ཅན་གྱི་དོན་སྒྲུབ་པ་ལ་སྒྱིད་ལུག་པའི་སྒོ་ནས་ཡོངས་སུ་མི་སྐྱོ་བའོ། །ཞེས་གསུངས།

༥དག་ཞིང་གི་གདུལ་བྱ།

       དག་ཞིང་ན་སོ་སྐྱེས་ཡོད་དེ།  ཀུན་མཁྱེན་བླ་མའི་ཕར་ཕྱིན་མཐའ་དཔྱོད་ལས། སྤྱིར་བཏང་ལ་རྒྱུན་ཞུགས་དང་སོ་སྐྱེ་ལ་ལས་ཉོན་དབང་གིས་སྐྱེས་པར་བཤད་ཀྱང་དག་ཞིང་ལ་སྨོན་ལམ་ཁོ་ནས་སྐྱེ་དགོས་པའི་དམིགས་བསལ་བྱེད་དགོས་པར་ཤིང་རྟ་ཆེན་པོ་ཀུན་མཐུན་པའི་ཕྱིར། ཞེས་དང་།དག་ཞིང་གི་རིགས་ཅན་གསུམ་ཀ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། 



བརྒྱུད་འགོད།