ཧོར་ཚང་དགེ་བཤེས་ཀྱི་གསུང་སྒྲོས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-09-14 08:24:49     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

དྲང་དོན་རྩུབ་པའི་འཁོར་ལོ།

ཡང་ཉིན་ཞིག་ཧོར་གཙང་དགེ་བཤེས་གྲྭ་བ་ཆ་མེད་ངོ་དབྱིབས་སྒོར་ཅིང་།  འགྲམ་སྟེང་ནས་བཟུང་ཨག་ཚོམ་སྟུག་པོ་སྐྱེས་ཡོད་པ་ཞིག་དང་འཕྲད་པས།  གྲྭ་བ་དེས་ཧ་ཅང་གཟི་བརྗིད་ཆེ་ཞིང་རང་རློམ་གྱི་ཉམས་འགྱུར་དང་བཅས་ཏེ།

  ཡ།  ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས།   དགེ་བཤེས་ཚང་གིས་ཕྱིར་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་ཚེ།  

གྲྭ་བ་དེས་ངའི་མིང་ལ་ངེས་དོན་ཆོས་ཀྱི་ཉི་མ་ཟེར་ཞེས་ལན་བཏབ།  

དགེ་བཤེས་ཚང་གི་ཐུགས་ལ་མ་བབས་ནས།   ངའི་མིང་ལ་དྲང་དོན་རྩུབ་པའི་འཁོར་ལོ་ཟེར། 


འདིར་ཧོར་ཚང་དགེ་བཤེས་ཀྱི་གསུང་སྒྲོས་སོགས་སྐྱེས་བུ་དམ་པ་དག་གི་གསུང་སྒྲོས་དང་གཏམ་རྒྱུད་འགོད་བཞིན་ཡོད་པས་བསྐུར་བར་ཞུ།

བརྒྱུད་འགོད།