ཨ་རིག་དགེ་བཤེས་ཀྱིས་གྲྭ་བ་ཚོང་བ་གནས་དབྱུང་བཏང་བ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-06-05 00:03:30     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

 

431.jpg

         ཨ་རིག་དགེ་བཤེས་རྒྱ་ནག་ཏུ་རི་ཁྲོད་འགྲིམ་ནས་བཞུགས་དུས། ར་རྒྱ་དགོན་གྱི་གྲྭ་བ་འགའ་ཞིག་གིས་ཚོང་དང་བུན་སྐྱེད་སོགས་ཀྱིས་དགོན་པ་བཞག་འཇོག་དང་། གཏད་སྒོ་སོགས་བྱེད་པ་གསན།
        དེ་བས་ཁོང་ཕྱིར་ཕེབས་དུས། ངས་གྲྭ་བ་འདི་དང་འདི་ལ་འཚམ་རྟགས་འཁྱེར་དགོས་ཞེས་གོས་ཡུགས་མང་བོ་བསྣམས་ནས་ཕེབས།
ཁོང་ཕྱིར་ར་རྒྱ་དགོན་པར་ཕེབས་མ་ཐག་གྲྭ་བ་དེ་དག་སྐུ་མདུན་དུ་བོས། དེ་དག་གིས་ཀྱང་ད་རེས་བདག་རྐྱེན་ནང་ཚུད་འདུག་བསམ་ནས་དགའ་སྤྲོ་ཆེན་པོས་སྐུ་མདུན་དུ་སོང་། 
       ཁོ་རྣམས་ཨ་རིག་དགེ་བཤེས་ཀྱི་སྐུ་མདུན་ལ་སླེབས་པ་དང་། ཁོང་གིས་ངའི་དགོན་པ་འདི་ཆོས་འཆད་ཉན་སོགས་ཀྱི་ཕྱིར་ཏུ་ཡིན་པ་ལས་ཚོང་དང་བུན་སྐྱེད་ཀྱི་ཕྱིར་དུ་མིན། ཁྱོད་ཚོས་ཉོ་ཚོང་བུན་སྐྱེད་དེ་འདྲ་བྱས་ནས་ངའི་དགོན་པ་འདིར་སྡོད་མི་ཆོག  འདི་ཚོ་འཁྱེར་ནས་སོངས།
ཁོང་གིས་དེ་དག་ལ་གོས་ཡུགས་རེ་གནང་ནས་དེ་དག་ཐམས་ཅད་སྐྱིད་སྡུག་གྲས་ནས་ཕྱིར་ཕུད། དེ་ནས་བཟུང་དུས་རིང་བོ་ཞིག་ཏུ་ར་རྒྱ་དགོན་དུ་ཉོ་ཚོང་བུན་སྐྱེད་བྱེད་མཁན་མེད་པར་གྱུར།

 (དགེ་ལུགས་པའི་སྐྱེས་བུ་དམ་པ་དག་གི་ངག་རྒྱུན་འདི་ལྟ་བུ་བྲིས་ནས་བསྐུར་ན་དུས་ལྟར་དགེ་ལུགས་དྲ་བར་འགོད་ངེས།)

                                                                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།