ངང་ཚུལ་གསོན་པོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-18 08:52:43     རྩོམ་པ་པོ།   གཅན་རུང་ཚུལ་ཁྲིམས།    ཀློག་ཐེངས།  

སྡོང་ལོ་སྐམ་པོ་རླུང་གིས་ཕྱོགས་སུ་གྱེས།   །

རྩྭ་དང་འཇགས་མའང་དེ་བཞིན་རང་དབང་བྲལ།  །

སེམས་ཀྱི་རྣམ་རྟོག་འདི་ལ་ཚོད་མེད་པས།  །

དམིགས་པའི་གཏད་སོ་ཞིག་ལ་གནས་ཐབས་མེད།  །

དུག་གསུམ་དབང་ཐང་དར་བའི་ཁུག་སོ་ན།  །

བྱིང་རྒོད་བདུད་ཀྱི་ཁ་རླངས་ཕྱོགས་བརྒྱར་ཐལ།  །

བློ་མང་ངན་པའི་སྙིང་ལ་ནད་ཐེབས་པས།  །

ཆོས་བརྒྱད་ཁ་ནས་འདི་ཕྱི་རླུང་ལ་བསྐུར།  །

ཕྱི་ཡི་འཚམ་ཐོ་རི་ལྟར་ཕུངས་ན་ཡང་། །

ནང་གི་རྣམ་རྟོག་སྟོང་གསུམ་ཁྱོན་དུ་མྱུལ། །

ཁ་ནས་སྔགས་ཀྱི་བཟློ་བའང་རྒྱུན་ཆད་པས། །

བཅོས་མའི་འཚམ་པ་ཞིག་གི་རང་མཚང་བརྡོལ། །

དོན་མེད་སྟོང་སེམས་ངང་ནས་ཉིན་མཚན་འདས།  །

སྒོམ་འབྲས་འཛིན་རྒྱུ་མེད་པས་ལོ་ཟླ་ཡལ།  །

ད་ནས་ནམ་ཞིག་མེད་འགྲོ་མི་ཤེས་པས།  །

ཤག་ཤག་ཕྲེང་བ་ཟད་པས་ཅི་ཞིག་འགྲུབ། །

ཅེས་པ་འདི་ཡང་བསྙེན་པའི་སྐབས་སུ་སེམས་ཀྱི་རྣམ་རྟོག་མང་དྲགས་པའི་རྐྱེན་གྱིས་ཐུན་མཚམས་ཤིག་ཏུ་དགེ་མིང་སི་མ་ཏི་ཤཱི་ལའམ་ཕྱོགས་སྟོན་གྱིས་བྲིས་པའོ། །


རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།