མ་ཡུམ་དུས་ཆེན་ལ་ཕུལ་བའི་དྲིན་གཟོའི་དྲན་སྐུལ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-05-10 23:28:46     རྩོམ་པ་པོ།   འཇིགས་མེད་རྒྱལ་མཚན།    ཀློག་ཐེངས།  

དྲིན་མ་ལོའི་སེམས་པ་དུང་དང་འདྲ།   །

དུང་དཀར་བོ་གཡའ་ཡིས་ཟིན་རྒྱུ་མེད།   །

བུ་བུ་མོའི་སེམས་པ་ཆུ་བུར་འདྲ།    །

ཆུའི་ལྦུ་བ་ད་ཡོད་ད་མེད་ཡིན།    །

 

དྲིན་མ་ལོའི་ཕན་སེམས་གསེར་དང་འདྲ།  །

གསེར་བཙོ་མ་ནམ་ཡང་འགྱུར་རྒྱུ་མེད།  །

བུ་བུ་མོའི་ཕན་སེམས་ཆུ་དང་འདྲ།  །

ཆུ་བཞག་གིན་བཞག་གིན་སྐམ་ནས་འགྲོ།   །

 

དྲིན་མ་ལོས་རང་གི་བུ་ཕྲུག་ཚོར།  །

སེམས་དང་བས་གཅིན་སྐྱག་ལག་པས་ཕྱིས།  །

བུ་བུ་མོ་ཁྲེལ་མེད་འགའ་ཞིག་གིས།   །

དྲིན་མ་ལོར་དྲིན་ལན་ལོག་འཇལ་བྱེད།  །

 

མི་བཟང་བོས་ཕ་མ་རྒས་དུས་གཉོར།  །

མི་ངན་པས་ཕ་མ་རྒས་དུས་བདའ།  །

ལས་རྒྱུ་འབྲས་མེད་པའི་བུ་ཕྲུག་ཚོས།  །

ཚེ་ཕྱི་མར་གར་འགྲོ་ཤེས་ལགས་སམ།  །

 

རང་རྒས་དུས་གཉོར་མཁན་དགོས་གྱུར་ན།  །

རང་ཕ་མ་གཉོར་ཏེ་དཔེ་སྟོན་གྱིས།   །

ཁྱོད་རང་གིས་ཕ་མ་གཉོར་སྲོལ་དེ།   །

བུ་བུ་མོས་ཁྱོད་རང་གཉོར་ཚུལ་ཡིན།  །

 

ཡུལ་ཕ་མ་འཛོམས་དུས་ཞབས་ཏོག་སྒྲུབ།  །

ནང་ཕུ་ནུ་འཛོམས་དུས་མཐུན་སྒྲིལ་གྱིས།  །

ཚེ་འདི་ཕྱིས་ཁ་ཁར་ཕྱེས་པའི་ཚེ།   །

ལས་འགྱོད་པ་སྐྱེས་དུས་འཕྱིས་ནས་གདའ།  །

 

དྲིན་མ་ལོའི་སྐུ་ཁམས་དྭངས་གྱུར་ཅིག  །

བུ་ཚ་རབས་ནང་མི་མཐུན་གྱུར་ཅིག   །

ལས་བསོད་ནམས་དགེ་ལས་འཕེལ་གྱུར་ཅིག  །

ཚེ་རིང་ཞིང་བདེ་སྐྱིད་ཕུན་སུམ་ཚོགས།   །


ཞེས་པ་འདི་ནི་ཧྭ་སྐོར་བ་འཇིགས་རྒྱལ་ནས་2021ལོའི་རྒྱལ་སྤྱིའི་མ་ཡུམ་དུས་ཀྱི་ཉིན་མོར་གང་ཤར་དུ་བྲིས།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།