ང་རང་མཁས་པའི་དབང་བོ་ནི་དེ་བས་ཀྱང་མིན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-10-04 08:17:12     རྩོམ་པ་པོ།   བཛྲ་ཚུལ་ཁྲིམས་རྒྱ་མཚོ།    ཀློག་ཐེངས།  

   ང་ནི་མཁས་པ་ཞེས་པའི་ཐ་སྙད་དེ་སྦྱར་ཆོག་ཆོག་ཅིག་ཀྱང་མིན་ལ། མཁས་པའི་དབང་བོ་ནི་དེ་བས་ཀྱང་མིན། འོན་ཀྱང་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་སྨོན་པ་བྱེད་ཅིང་སློབ་པ་ལ་དགའ་བ་ཞིག་ཏུ་བརྩིས་ན་མི་ཆོག་པ་མེད་སྙམ།

    ང་ནི་སྐྱེས་བུ་དམ་པའམ་བསྟན་འཛིན་གྱི་སྐྱེས་བུ་ཞེས་པའི་ཐ་སྙད་དེ་སྦྱར་ཆོག་ཆོག་ཅིག་ཀྱང་མིན་ལ། བྱང་ཆུབ་སེམས་དཔའམ་སངས་རྒྱས་ནི་དེ་བས་ཀྱང་ག་ལ་ཡིན། ངས་ནམ་ཡང་ང་རང་སངས་རྒྱས་བྱང་སེམས་ཡིན་ཟེར་ཡང་མ་མྱོང་ལ་བསམ་ཡང་མ་མྱོང་། ང་ལ་དགའ་བའམ་དད་པ་བྱེད་མཁན་ཞིག་ཡིན་ཡང་རུང་། ང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཡིན་པའི་རེ་བ་མ་བྱེད། ཁྱེད་ཅག་གི་སེམས་ཕམ་པར་འགྱུར་ཏ་རེ།

    དེའི་ཕྱིར་ང་ལ་ངན་སྨོད་བྱེད་འདོད་པ་ཞིག་ཡིན་ཡང་རུང་། སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་མི་ལྡན་པས་ངས་བཀུར་མི་འདོད་དོ་ཟེར་ན། ངས་སེམས་གཏིང་ནས་དང་ལེན་བྱེད། དེ་མི་ལྡན་པ་ནི་དངོས་གནས་ལས་ཀྱང་དངོས་གནས་ཡིན་པས་སོ།།

    འོན་ཀྱང་ང་རང་སྐྱེས་བུ་དམ་པའམ། བསྟན་འཛིན་གྱི་སྐྱེས་བུའམ། སངས་རྒྱས་བྱང་སེམས་རྣམས་ལ་ཤིན་ཏུ་དད་ཅིང་ཡིད་ཆེས་པ་ཞིག་ཡིན་པ་དང་། དེ་དག་གི་རྗེས་སུ་སློབ་པ་ཞིག་ཏུ་བཤད་ན་མི་ཆོག་པ་མེད་ཅིང་། ང་རང་གིས་ཀྱང་ཁས་ལེན་ནོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།