གནམ་གྱིས་ས་བཀབ་པ་ལྟ་བུའི་སློབ་མ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-23 15:41:47     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

བོད་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་ཞེས་པ་ལྟ་བུའི་བཤད་རྒྱུན་ཞིག་ཡོད་དེ། གནམ་གྱིས་ས་བཀབ་པ་ནི་གཙོ་བོར་མཛད་པ་འཕྲིན་ལས་རྒྱ་ཆེ་བའི་དཔེ་རེད།

འབྲོམ་སྐུ་གཤེགས་ནའང་ཁོང་གིས་སློབ་མ་རེ་རེའང་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་བུ་ཆེན་པོ་སྟེ། མཁས་པའི་ཆ་ནས་བཤད་ནའང་འདྲ། བཙུན་པའི་ཆ་ནས་བཤད་ནའང་འདྲ། བཟང་བོའི་ཆ་ནས་བཤད་ནའང་ངེས་པ་དོན་གྱིས་དེ་ལྟར་རེད།

ཇོ་བོས། ཕ་ལས་བུ་རྫིག་པ་ཡོང་། བུ་ལས་ཚ་བོ་རྫིག་པ་ཡོང་། ཚ་བོ་ལས་ཡང་ཚ་རྫིག་པ་ཡོང་གསུངས་པའང་འབྲོམ་གྱི་སློབ་མ་ཡང་སློབ་རེད།

འབྲོམ་གྱི་སློབ་མ་ལ་བཟང་ངན་འབྱེད་ཐབས་མེད་མོད། པུ་ཏོ་བ་རིན་ཆེན་གསལ་དང་། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གསུམ་ལ་སྐུ་མཆེད་རྣམ་གསུམ་ཟེར། རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན། རྣལ་འབྱོར་དགོན་པ་བ་ཆེན་པོ་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། རྣལ་འབྱོར་ཕྱག་དར་སྟོན་པ་བཞི་ལ་རྣལ་འབྱོར་པ་རྣམ་པ་བཞི་ཟེར།

ད་དུང་། རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན། ཇོ་བོ་ལེགས། སུམ་པ་མཐུ་ཆེན། སྒོམ་པ་རིན་ཅེན་བླ་མ། ཁམས་པ་ལུང་པ།  ཀྱུ་ར་གཞོན་ནུ་འོད་ཟེར། ལྷབ་མི་ཤེས་རབ་གཡུང་དྲུང་། སྐ་བ་རྒྱ་གར། རུག་པའི་ཞང་ཆེན་པོ། བྲན་ཀ་ཇོ་བཙུན། ཀམ་ཡུང་བ་པ། ཡུང་བ་ཀ་ཀྱོག་པ། ཡོངས་རྫོགས་རྣལ་འབྱོར་པ། སྟོན་པ་ཡོན་ཏན་འབར། ཨ་མེས་སྨན་རྒན། རྒ་སྒོམ་ཨག་ཚོམས། སྟོན་པ་དབང་ཕྱུག་འབར། ཕ་རྒན་ལྡོང་སྟོན། ཨ་མི་ཐར་རྒྱལ། ཁུ་འོད་སེང་གེ་རྒྱལ་མཚན། ཞང་ཆོས་རྒྱལ། བཙུན་ཆེན་དཔལ་འབར། སྒོམ་པ་དབང་སེང་། ཞང་ཡེ་ ཤེས་རྒྱལ་མཚན། གཉན་ཡོན་ཏན་ཤཱཀ་འབྱུང་། མངའ་རིས་འདུལ་འཛིན། བི་རི་རྣལ་འབྱོར་པ། བཙུན་པ་དབང་ཕྱུག་ཤེས་རབ་ལ་སོགས་ཤིན་ཏུ་མང་།

དེ་བས་མཆིམས་ནམ་མཁའ་གྲགས་ཀྱིས། དགེ་བའི་བཤེས་གཉེན་གནམ་གྱིས་ས་བཀབ་པ་མང་བོ་བྱུང་བས་གདམས་ངག་གཞུང་གི་ལྡེ་མིག་ཏུ་འགྲོ་བ། གཞུང་གདམས་ངག་གི་རྒྱབ་བརྟེན་དུ་འགྲོ་བ། འཆད་ཉན་སྒྲུབ་པ་དང་འབྲེལ་བ། སྒྲུབ་པ་རྟོགས་པ་དང་འབྲེལ་བ། སྤོས་ལྡན་གྲོང་ལྟར་ཆོས་སྤྱོད་བཅུས་ཉིན་མཚན་བདའ་བའི་ར་སྒྲེང་བའི་ཆོས་ལུགས་བྱུང་གསུངས།

རྭ་སྒྲེང་བའི་ཆོས་ལུགས་ནི་བཀའ་གདམས་པའི་ཆོས་ཡིན་ཏེ། ཕྱི་གཙང་ནང་གཙང་པད་མའི་སྦུབས་ལྟ་བུ་ཞིག་ཡིན་ནོ༎


༢༠༢༠ལོའི་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་བླ་བྲང་དུ་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།