སྨྲ་བའི་དབང་ཕྱུག་རྗེ་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་དཔེ་ཁྲིད་ཟིན་བྲིས་སྐོར།
ད་ལྟ་རྗེ་འཇམ་དབྱངས་རྒྱ་མཚོའི་གསུང་ཟིན་བྲིས་སུ་བཏབ་པའི་སྐོར་ཞིག་ཕྱོགས་སོ་སོར་བཀྲམ་ཡོད་ཅིང་། འདི་དག་ནི་སློབ་གཉེར་བའི་གསོས་སུ་གྱུར་ཡོད་པས་འདིར་ཆེད་དུ་མཐོང་ཐོས་བྱུང་བའི་དཔེ་ཆ་འགའ་ངོ་སྤྲོད་ཞུ་བ་ཡིན། ཡིན་ཡང་འདི་ངེད་དྲ་བ་དཔེ་ཆ་འདི་དག་ལ་འབྲེལ་བ་མེད་པས་མཁོ་བ་དག་ལ་གཞན་པའི་གནས་ཚུལ་ཅི་ཡང་ཞུ་མི་ཐུབ་ལགས།
རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་སྐྱབས་ཁྲིད་ཀྱི་ཟིན་བྲིས་ཡང་གསལ་སྒྲོན་མེ། ཁོ་ཚེ་དགོན་པའི་རིག་གནས་སློབ་གཉེར་ཁང་གི་སྐབས་དང་བོའི་མཐར་ཕྱིན་འཛིན་གྲྭས་ཟིན་བྲིས་སུ་བཏབ།
ལམ་རིམ་མྱུར་ལམ་གྱི་བཀའ་ཁྲིད་ཟིན་བྲིས་འཇམ་དབྱངས་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། དངུལ་རྭའི་བསྟན་འཛིན་རྒྱ་མཚོས་ཟིན་བྲིས་སུ་བཏབ།
ཀུན་མཁྱེན་འཇམ་དཔལ་ཞལ་ལུང་གི་ཁྲིད་ཀྱི་ཟིན་བྲིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན། ཁོ་ཚེ་དགོན་པའི་རིག་གནས་སློབ་གཉེར་ཁང་གི་སྐབས་དྲུག་པའི་མཐར་ཕྱིན་འཛིན་གྲྭས་ཟིན་བྲིས་སུ་བཏབ།
ས་དཔྱད་ཚིག་དོན་ཀུན་གསལ་གྱི་ཟིན་བྲིས་མན་ངག་གཏེར་མཛོད། ཨ་སེར་འཇིགས་མེད་དང་རྣམ་འབྱེད་ཤེས་རབ་ཀྱིས་ཟིན་བྲིས་སུ་བཏབ།
ས་ལམ་གྱི་རྣམ་གཞག་གི་ཟིན་བྲིས། ཤིས་ཚང་ཚུལ་ཁྲིམས་ཀྱིས་ཟིན་བྲིས་སུ་བཏབ།
སྔགས་ཀྱི་སྤྱི་དོན་གྱི་ཁྲིད་ཀྱི་ཟིན་བྲིས། ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།
གོང་དུ་བཀོད་པ་དག་ལས་ད་དུང་ཡོངས་སུ་གྲུབ་མེད་པའང་རེ་གཉིས་ཡོད། འདིར་མ་འདུས་པ་དག་གི་པར་བསྐུར་རོགས། འདིར་བཀོད་ན་སླད་མར་ཟིན་བྲིས་འདེབས་མཁན་དག་ལ་བསྐྱར་བཟླས་མི་འབྱུང་བར་ཕན།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn